མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བཀའ་སྤྱི་གཉིས་ཀྱིས་རྒྱལ་ས་ལྡི་ལིར་བོད་དོན་ཞུ་གཏུགས་ལས་འགུལ་སྤེལ།

བོད་ཀྱི་དུས་བབ།
༢༠༢༣/༠༦/༠༨
Share on FacebookShare on TwitterShare on EmailShare on Whatsapp

བཀའ་སྤྱི་གཉིས་ཀྱིས་ཉིན་གྲངས་གསུམ་རིང་རྒྱལ་ས་ལྡི་ལི་ཁུལ་དུ་འཛམ་གླིང་རྒྱལ་ཁབ་ཁག་གི་གཞུང་ཚབ་སོགས་ལ་མཇལ་འཕྲད་གནང་ནས་བོད་དོན་ཞུ་སྐུལ་གནང་ཡོད་འདུག

Sikyong Penpa Tsering and the members of the Tibetan Parliament’s Standing Committee with the diplomats of the US Embassy, Photo : Tibet.Net

ཟླ་འདིའི་ཕྱི་ཚེས་ ༥ ཉིན་གྲངས་གསུམ་རིང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་བོད་མི་མང་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གཉིས་ཀྱི་དབུས་བཀའ་བློན་དང་སྤྱི་འཐུས་རྒྱུན་ལས་སོགས་བཀའ་སྤྱི་གཉིས་ཀྱིས། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཨ་རི་དང་། ཅེག་སྤྱི་མཐུན་རྒྱལ་ཁབ། ཐའེ་ཝན་སོགས་འཛམ་གླིང་རྒྱལ་ཁབ་ ༡༧ གྱི་གཞུང་ཚབ་ཆེན་མོ་སོགས་དང་མཇལ་འཕྲད་གནང་སྟེ་བོད་དོན་ཞུ་སྐུལ་གནང་ཡོད་འདུག

ཁ་སང་ཕྱི་ཚེས་ ༧  ཉིན་བོད་མི་མང་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། བཀའ་སྤྱི་གཉིས་ཀྱི་སྣེ་ཁྲིད་པའི་ཞུ་སྐུལ་ལས་དོན་འདིར། ཕྱི་ལོ་ ༢༠༢༢ ལོར་གྲོས་ཚོགས་ནང་བོད་ནང་གི་ཛ་དྲག་གནས་སྟངས་ཀྱི་གྲོས་ཆོད་ཀྱི་དགོངས་དོན་བཞིན། བཀའ་སྤྱི་གཉིས་ཀྱིས་སྣེ་ཁྲིད་ནས་རྒྱལ་སྤྱིའི་ནང་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་ཞིག་སྤེལ་དགོས་པའི་གྲོས་ཆོད་ཅིག་བཞག་སྟེ། བཀག་སྤྱི་གཉིས་ཀྱི་བར་གྲོས་བསྡུར་ཐེངས་ཁ་ཤས་གནང་ནས། ཟླ་འདིའི་ཕྱི་ཚེས་ ༥ ནས་ ༧ བར་ལྡི་ལི་དོན་གཅོད་བརྒྱུད་རྒྱལ་སྤྱིའི་གཞུང་ཚབ་ཁག་དང་། རྒྱ་གར་ཆབ་སྲིད་ཚོགས་པའི་འཛིན་སྐྱོང་ཁག་བཅས་དང་ཐུག་འཕྲད་གནང་ནས་བོད་དོན་ཞུ་སྐུལ་གནང་ཡོད་སྐོར་དང་། དེ་བཞིན་ཨ་རི་དང་། ཅེག་སྤྱི་མཐུན་རྒྱལ་ཁབ་སོགས་ཀྱི་གནད་ཡོད་མི་སྣ་མང་དག་ཅིག་དང་ཐུག་ནས། བོད་ནང་གི་ཛ་དྲག་གི་གནས་སྟངས་དང་འགྲོ་བ་མིའི་ཐོབ་ཐང་། ཆོས་དད་རང་དབང་། ཁོར་ཡུག་གི་གནད་དོན་སོགས་ཀྱི་ཐད་ལ་ཡིག་ངག་གཉིས་ཀྱི་ཐོག་ནས་གླེང་སློང་གནང་སྟེ། ཕྱོགས་ཡོངས་ནས་ཉིན་གྲངས་གསུམ་རིང་གི་ལས་རིམ་དེ་ཚགས་ཚུད་དང་གྲུབ་འབྲས་ལྡན་པ་ཞིག་བྱུང་ཡོད་སྐོར་སོགས་གསུངས་འདུག

ཐེངས་འདིའི་ཞུ་སྐུལ་སྐབས། བཀའ་སྤྱི་གཉིས་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམ་པ་སྡེ་ཚན་གསུམ་དུ་བགོས་ཏེ། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་བཅས་ཀྱིས་སྡེ་ཚན་རེ་རེའི་སྣེ་ཁྲིད་གནང་སྟེ། ལྡི་ལིར་རྟེན་གཞི་བྱས་པའི་གཞུང་ཚབ་ཁག་གི་གཞུང་ཚབ་པ་ཆེན་པོ་དང་གཞོན་པ། དེ་བཞིན་གནད་ཡོད་མི་སྣ་མང་དག་ཅིག་དང་མཇལ་ཕྲད་གནང་ནས། བོད་དོན་ཞུ་སྐུལ་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ཐད་ནས་གླེང་སློང་གནང་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན། སྲིད་སྐྱོང་གིས་གསུང་བཤད་གནང་བཞིན་པ། བོད་ཀྱི་དུས་བབ་ཀྱི་པར། ༡༨།༠༧།༢༠༢༣
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་དབུ་འཛུགས་ཞུས་སོང་།

༢༠༢༣/༠༧/༡༨
༧གོང་ས་མཆོག་གིས་བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་འགྲུབ་དབང་ཆེན་ལགས་སུ་མཇལ་ཁ་བསྩལ། ཕྱི་ལོ་ ༢༠༢༣།༧།༡
པར་དབང་། དགའ་ལྡན་ཕོ་བྲང་།
Mobile App

༧གོང་ས་མཆོག་གིས་ཆབ་སྲིད་བཙོན་ཟུར་དོན་འགྲུབ་དབང་ཆེན་ལགས་སུ་མཇལ་ཁ་བསྩལ།

༢༠༢༣/༠༧/༠༡
པར་དབང་། བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ།
Mobile App

འཛམ་གླིང་རྒྱལ་ཁབ་ཁག་གིས་བོད་དེ་རྒྱའི་ཁོངས་གཏོགས་ཡིན་ཟེར་རྒྱུ་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུས།

༢༠༢༣/༠༦/༢༩
Mobile App

བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གྲོས་ཆོད་ ༦ སྤྱི་མོས་གཏན་འབེབ་གནང་སོང་།

༢༠༢༣/༠༣/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist