མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་དང་ཨུ་རུ་སུ་ལ་འབྲེལ་བ་ཡོད་པའི་ཡུ་ཊུབ་ཁ་བྱང་ ༡༡༠༠༠ ལྷག་ནག་གསུབ་བཏང་།  

བོད་ཀྱི་དུས་བབ།
༢༠༢༥/༠༧/༢༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་སྤྱིའི་གྷུ་གྷལ་ཚོང་གཉེར་ཁང་གིས་དྲ་ལམ་ནས་གནས་ཚུལ་རྫུན་མ་ཁྱབ་སྤེལ་དང་འཁྱོག་བརྗོད་བྱེད་མཁན་གྱི་རྒྱ་ནག་གཞུང་དང་ཨུ་རུ་སུ་ལ་འབྲེལ་བ་ཡོད་པའི་ཡུ་ཊུབ་ཀྱི་ཁ་བྱང་ ༡༡༠༠༠ ལྷག་ནག་གསུབ་བཏང་ཡོད་འདུག

Vladimir Putin, left, and Xi Jinping in 2019.Source: Pool/Getty Images

རྒྱ་ནག་སྐར་ལྔའི་དྲ་དམག་སོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་སུ་རྒྱ་ནག་དམར་ཤོག་གཞུང་གི་དྲིལ་བསྒྲགས་སྤེལ་ཐབས་དང་། རྒྱ་ནག་དམར་ཤོག་གཞུང་ལ་ཁ་གཏད་དུ་ལང་མཁན་རྣམས་ལ་དྲ་ལམ་ནས་རུབ་རྡུང་བྱེད་ཀྱི་ཡོད་སྟབས། ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་རྒྱལ་སྤྱིའི་གྷུ་གྷལ་ཚོང་གཉེར་ཁང་གིས་འདས་པའི་ཟླ་བ་གསུམ་ལྷག་གི་རིང་། རྒྱ་ནག་དམར་ཤོག་གཞུང་གི་དྲིལ་བསྒྲགས་ཁྱབ་སྤེལ་གཏོང་མཁན་དང་ཨུ་རུ་སུ་དང་འབྲེལ་འདྲིས་ཡོད་པའི་ཡུ་ཊུབ་ཀྱི་ཁ་བྱང་ ༡༡༠༠༠ ལྷག་ནག་གསུབ་བཏང་སྟེ། རྒྱ་ནག་དང་ཨུ་རུ་སུས་དྲ་ལམ་ནས་སྤྱི་ཚོགས་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ཐེར་འདོན་གནང་འདུག

གྷུ་གྷལ་ཚོང་གཉེར་ཁང་གིས་དེ་འབྲེལ་གསལ་བསྒྲགས་ལྟར་ན། གྷུ་གྷལ་ཚོང་གཉེར་ཁང་གིས་ནག་གསུབ་བཏང་བའི་ཁ་བྱང་གི་ཁྲོད། ཡུ་ཊུབ་བཀོལ་སྤྱོད་མཁན་མི་གྲངས་ ༧༧༠༠༠ ལྷག་རྒྱ་ནག་དམར་ཤོག་གཞུང་ལ་འབྲེལ་འདྲིས་ཆེན་པོ་ཡོད་ཅིང་། དྲ་ལམ་སོགས་སུ་དབྱིན་ཡིག་དང་རྒྱ་ཡིག་གཉིས་ཀའི་ནང་རྒྱ་ནག་དམར་ཤོག་གཞུང་གི་དྲིལ་བསྒྲགས་རིགས་བརྒྱུད་སྐུར་དང་ཁྱབ་སྤེལ་བྱས་ཡོད་པ་མ་ཟད།  རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་ལ་བསྟོད་བསྔགས་ཀྱི་ཞབས་མཆན་བྲིས་པ་དང་། ཨ་རིའི་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱི་ལས་དོན་སོགས་ལ་སྐྱོན་བརྗོད་དང་ནག་ཉེས་འཛུགས་ཀྱི་ཡོད་པ་མ་ཟད།  ཡུ་ཊུབ་བཀོལ་སྤྱོད་མཁན་མི་གྲངས་ ༢༠༠༠ ལྷག་གིས་སྐད་ཡིག་སྣ་མང་ཐོག་ནས་ཨུ་རུ་སུར་རྒྱབ་སྐྱོར་ཡོད་ལུགས་ཀྱི་བརྗོད་བྱ་གཙོ་བོར་བྱས་པའི་བརྙན་ཐུང་རིགས་ཕབ་སྐྲུན་དང་བརྒྱུད་སྐུར་བྱས་ཡོད་པ་མ་ཟད། ཡུ་ཁེ་རིན་དང་། འཛམ་གླིང་ནུབ་ཆིངས་དམག་དོན་སྒྲིག་འཛུགས། དེ་བཞིན་ཨ་རི་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་སྐྱོན་བརྗོད་དང་ཟུར་ཟ་བྱེད་ཀྱི་ཡོད་འདུག

དེ་བཞིན་གྷུ་གལ་ཚོང་གཉེར་ཁང་གིས་རྒྱལ་ཁབ་དང་མི་རིགས། ཆོས་ལུགས་སོ་སོ་གཙིགས་སུ་བཟུང་སྟེ། དྲ་ལམ་སོགས་སུ་མི་རིགས་དང་ཆོས་ལུགས་སོགས་ཀྱི་ཐད་ནས་འགྲེལ་བཤད་ལོག་པ་རྒྱག་མཁན་གྱི་མི་གྲངས་༤༥༧ ལྷག་ནག་གསུབ་བཏང་བའི་ཁྲོད། ཕལ་ཆེ་བ་ནི་ཨི་རན་དང་། ཊུར་ཀི ཨི་ཛི་རལ། གྷ་ན་སོགས་ལ་འབྲེལ་བ་ཡོད་ཅིང་། དེ་དག་ཕལ་མོ་ཆེས་མི་རིགས་དང་ཆོས་ལུགས་ཁ་ལ་འཁྱེར་ནས་སྤྱི་ཚོགས་ཀྱི་བརྟན་བརླིང་ལ་གནོད་འཚེ་གཏོང་གིན་ཡོད་པ་གསལ་འདོན་གནང་འདུག་ལ། ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་རྒྱལ་སྤྱིའི་མེལ་ཊ་(Melta) ཚོང་གཉེར་ཁང་གིས་ཀྱང་གནས་ཚུལ་རྫུན་མ་ཁྱབ་སྤེལ་བྱས་པ་སོགས་ཀྱི་དབང་གིས། འདི་ལོའི་ལོ་ཕྱེད་རིང་ངོ་དེབ་ཀྱི་ཁ་བྱང་ས་ཡ་ ༡༠ ལྷག་ནག་གསུབ་བཏང་སྟེ། དྲ་ལམ་བདེ་འཇགས་དང་མི་སྒེར་གྱི་ཁེ་ཕན་སྲུང་སྐྱོབ་བྱེད་ཐབས་ལས་དོན་ལ་གཞོལ་འདུག

ཕྱི་ལོ་ ༢༠༢༢ ཟླ་ ༢ པའི་ནང་ཨུ་རུ་སུས་ཡུ་ཁེ་རིན་ལ་བཙན་འཛུལ་བྱེད་མགོ་བཙུགས་པ་ནས་བཟུང་། ཡུ་ཊུབ་ཀྱིས་ཨུ་རུ་སུའི་བརྙན་འཕྲིན་ཁང་ (Russia 24) དང་། ཨེན་ཊི་ཝི་ (NTV) སོགས་བཀག་སྡོམ་བྱས་པ་མ་ཟད། རིམ་པས་ཨུ་རུ་སུའི་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་དང་བརྙན་འཕྲིན་ཁང་མང་པོ་ཞིག་བཀག་སྡོམ་བྱས་པར་བརྟེན། ཕྱི་ལོ་ ༢༠༢༢ ལོའི་ཟླ་ ༢ པའི་ནང་ཨུ་རུ་སུའི་སྤྱི་མཐུན་ཞབས་ཕྱི་ཁང་(Federal Antimonopoly Service) གིས། གྷུ་གྷལ་ཚོང་ལས་ཁང་གིས་དབང་ཆ་བཀོལ་སྤྱོད་བྱས་ཏེ། འགྲན་རྩོད་ཀྱི་ཁེ་དབང་སྲུང་སྐྱོབ་ཀྱིས་ཁྲིམས་ལུགས་ལ་རྡོག་རོལ་བཏང་བའི་སྐྱོན་བརྗོད་བྱས་ཡོད་པ་དང་སྦྲགས།  གྷུ་གྷལ་ཚོང་ལས་ཁང་ལ་ཐོག་མར་ཨུ་སྒོར་ཐེར་འབུམ་ ༢ དང་ཕྱིས་སུ་ཉེས་ཆད་དུས་ཐོག་ཏུ་སྤྲད་མེད་པའི་རྐྱེན་གྱིས་ཨུ་སྒོར་ཐེར་འབུམ་ ༤ བར་སྤར་བ་ཡོད་པ་མ་ཟད། ཕྱིས་སུ་དངུལ་ཆད་དེ་ལས་མང་བ་དགོས་ལུགས་བཤད་ཡོད་འདུག

དེ་བཞིན་ཕྱི་ལོ་ ༢༠༢༣ ལོའི་ལོ་མཇུག་ཏུ་རྒྱལ་སྤྱིའི་མེལ་ཊ་ཚོང་གཉེར་ཁང་གིས་རྒྱ་ནག་ནས་བཀོལ་སྤྱོད་བྱེད་མཁན་གྱི་ངོ་དེབ་ཁ་བྱང་ ༤༧༠༠ ལྷག་གིས་ཨ་རིའི་མི་སེར་ཡིན་ཁུལ་གྱིས། ཨ་རིའི་ཆབ་སྲིད་ཀྱི་གནད་དོན་དང་། འདས་ལོའི་ཨ་རིའི་སྲིད་འཛིན་གྱི་འོས་བསྡུ། ཨ་རྒྱའི་འབྲེལ་ལམ་སོགས་ཀྱི་སྐོར་ལ་འཁྱོག་བརྗོད་དང་ལོག་འགྲེལ་བྱེད་བཞིན་ཡོད་སྟབས། ཁ་བྱང་དེ་དག་ནག་གསུབ་བཏང་ཡོད་ཅིང་། འདས་པའི་ལོ་ཤས་རིང་ངོ་ཐག་མ་ཆོད་པའི་ཁ་བྱང་དེ་དག་གིས་འཛམ་གླིང་ཁྱོན་ཡོངས་ཀྱི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་ཁེ་ཕན་སོགས་ལ་དམིགས་ནས་གནས་ཚུལ་མང་པོ་ཞིག་རྫུན་སྤེལ་བྱས་ཏེ། ངོ་དེབ། ཊི་ཝེ་ཊར། ཡུ་ཊུབ་ (YouTube)།  ཊིག་ཊོག་སོགས་སུ་སྤེལ་ཡོད་པ་མ་ཟད། གཞུང་སྒེར་མང་པོ་ཞིག་གི་སྤྱི་ཚོགས་དྲ་ལམ་ཁག་ཚུད་པའི་དྲ་རྒྱ་མང་པོ་ཞིག་ལ་འཇབ་རྒོལ་བྱས་པའི་གནས་ཚུལ་ཐོན་ཡོད་ཅིང་། ཕྱི་ལོ་ ༢༠༡༦ ཙམ་ནས་ངོ་དེབ་ལས་ཁུངས་ཀྱིས་རྒྱ་ནག་གཞུང་གི་དྲ་ལམ་འཇབ་རྒོལ་བའམ་སྐར་ལྔའི་དྲ་དམག་གི་ཁ་བྱང་རྣམས་སྒོ་བརྒྱབ་ཡོད་ཀྱང་། ཉེ་བའི་ལོ་ཤས་ནང་རྒྱ་ནག་གིས་ངོ་དེབ་དང་། ཨིན་སི་ཊི་ར་གྷི་རམ་ཚུད་པའི་རྒྱ་ནག་ནང་བཀག་སྡོམ་བྱས་པའི་སྤྱི་ཚོགས་དྲ་ལམ་ཁག་བེད་སྤྱོད་བྱེད་མཁན་ཇེ་མང་དུ་ཕྱིན་པ་དང་། དེ་དག་གིས་རྒྱ་ནག་དམར་ཤོག་སྲིད་གཞུང་གི་ལྟ་བ་དང་ལངས་ཕྱོགས་སོགས་དྲ་ལམ་དུ་སྤེལ་གྱི་ཡོད་པའི་གནས་ཚུལ་འཐོན་མུས་ཡིན་པ་རེད།

ཕྱི་ལོ་ ༢༠༢༥ ཟླ་ ༣ ནང་མེལ་ཊ་སྤྱི་ཚོགས་དྲ་ལམ་ཚོང་གཉེར་ཁང་གིས་ཕྱི་ལོ་ ༢༠༢༤ ལོའི་དྲ་ལམ་འཇབ་རྒོལ་དང་དང་འབྲེལ་བའི་ཤོག་ངོས་བཅུ་བཞི་ཅན་གྱི་སྙན་ཐོ་ཞིག་བཏོན་པའི་ནང་། རྒྱ་ནག་གཞུང་དང་རྒྱ་ནག་གཞུང་གིས་ཆེད་དུ་དྲ་ལམ་དུ་མངགས་པའི་སྐར་ལྔའི་དྲ་དམག་སོགས་ཀྱིས་ངོ་དེབ་ཁ་བྱང་རྫུན་མ་བཟོས་ཏེ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་འབྲེལ་བའི་གནས་ཚུལ་རྫུན་བཟོ་དང་འཁྱོག་བརྗོད། དེ་བཞིན་བཙན་བྱོལ་བོད་མིའི་སྤྱི་ཚོགས་སོགས་དམིགས་འབེན་གཙོ་བོར་བཟུང་ནས་དཀྲོག་གཏམ་དང་རྫུན་གཏམ་ཡང་ཡང་སྤེལ་གྱིན་ཡོད་པའི་གནད་དོན་ཐེར་འདོན་གནང་ཡོད་ལ། རྒྱ་ནག་ནས་བཀོལ་སྤྱོད་བྱས་པའི་ཁ་བྱང་དེ་དག་གིས་རྒྱ་བལ་འབྲུག་གསུམ་དུ་གཞིས་ཆགས་པའི་བཙན་བྱོལ་བོད་མི་གཙོས་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་བོད་མི་རྣམས་དམིགས་འབེན་དུ་བཟུང་ནས་གནས་ཚུལ་འཁྱོག་བརྗོད་དང་རྫུན་གཏམ་སྤེལ་གྱིན་ཡོད་པ་མ་ཟད། རྒྱུན་དུ་བོད་ཡིག་དང་དབྱིན་ཡིག་འབྲི་མཁན་ཁག་ཅིག་གིས་ཆེད་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཚན་དམོད་དང་། ༧མགོན་པོ་གང་གི་སྐུ་གཟུགས་ཀྱི་གནས་བབ། གཞུང་འབྲེལ་ཆིབས་བསྒྱུར་སོགས་དང་འབྲེལ་བའི་ཐད་ལ་ཁུངས་ལུང་མེད་པའི་གནས་ཚུལ་རྫུན་མ་སྤེལ་གྱིན་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

མགོ་ལོག་གཅིག་སྒྲིལ་རྫོང་སྨིན་ཐང་ཡུལ་ཚོའི་དྲིལ་བསྒྲགས་ཚན་པས་སྨིན་ཐང་དགོན་དུ་རྒྱལ་གཅེས་ཆོས་གཅེས། ཁྲིམས་སྦྱོང་ཁྲིམས་བརྩི། དོ་དམ་ཚད་ལྡན།  འཆམ་མཐུན་བརྟན་བརླིང་ཞེས་པའི་དྲིལ་བསྒྲགས་ཚོགས་འདུ་བསྡུས་པ། ༢༠༡༩།༠༤།༠༣
Mobile App

མགོ་ལོག་གཅིག་སྒྲིལ་རྫོང་གི་དགེ་འདུན་པ་ཞིག་ལ་ཆབ་སྲིད་ཉེས་མིང་གཡོགས་ཏེ་འཛིན་བཟུང་བྱས།

༢༠༢༤/༠༦/༢༡
Russia's President Vladimir Putin shakes hands with North Korea's leader Kim Jong Un at a meeting at the Vostochny Сosmodrome in the far eastern Amur region, Russia, on September 13, 2023.
Mobile App

བྱང་ཀོ་རི་ཡའི་མགོ་ཁྲིད་ཀིམ་གྱིས་ང་ཚོས་དུས་རྟག་ཏུ་མཉམ་རུབ་ཐོག་བཙན་རྒྱལ་རིང་ལུགས་ལ་གདོང་ལེན་བྱ་རྒྱུ་ཡིན་སྐོར་བརྗོད།

༢༠༢༣/༠༩/༡༣
རང་ཡུལ་དུ་ཚོང་ལས་ཙག་ཙིག་གཉེར་བཞིན་པའི་བོད་མི་ཁག་ཅིག་ཉེན་རྟོག་པས་བཙན་འཁྲིད་བྱས་འདུག ༢༠༢༣།༠༧།༢༠ དྲ་ལམ་བརྙན་ཐུང་ལས་བླངས།
Mobile App

རྩྭ་ཐང་དུ་ཁྲིམས་འགལ་ཚོང་ལས་གཉེར་བའི་ཉེས་མིང་འོག་བོད་མི་ཁག་ཅིག་འཛིན་བཟུང་བྱས་འདུག

༢༠༢༣/༠༧/༢༤
ཨུ་རུ་སུས་ཉེས་ཆད་བཅད་པའི་ཨ་རིའི་གནད་ཡོད་མི་སྣ་འགའ།
Mobile App

ཨ་རིའི་གནད་ཡོད་མི་སྣ་ ༥༠༠ ཨུ་རུ་སུའི་ནང་ཕེབས་མི་ཆོག་པ་བཟོས་འདུག

༢༠༢༣/༠༥/༢༠
Russian social media videos appearing to show Kremlin drone attack
Mobile App

ཨུ་རུ་སུའི་སྲིད་འཛིན་པུ་ཌིན་གྱི་སྡོད་སྒར་དུ་དྲག་རྒོལ་བྱས་ཡོད་ལུགས་བསྒྲགས། 

༢༠༢༣/༠༥/༠༤
Ukrainian President Volodymyr Zelensky (right) hoped the call with Chinese leader Xi Jinping would give impetus to relations with Beijing.
Mobile App

ཞི་ཅིན་ཕིང་དང་ཛེ་ལེན་སི་ཀི་གཉིས་ཀྱིས་ཁ་པར་ལམ་ནས་ཁ་བརྡ་བྱས།

༢༠༢༣/༠༤/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese