མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཨ་རིའི་གནད་ཡོད་མི་སྣ་ ༥༠༠ ཨུ་རུ་སུའི་ནང་ཕེབས་མི་ཆོག་པ་བཟོས་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༥/༢༠
Share on FacebookShare on TwitterShare on EmailShare on Whatsapp

ཨུ་རུ་སུས་ཡུ་ཀེ་རེན་ལ་བཙན་འཛུལ་དམག་འཁྲུག་བསླངས་བར་བརྟེན་ཨ་རི་སོགས་འཛམ་གླིང་རྒྱལ་ཁབ་མང་པོས་ཨུ་རུ་སུར་དཔལ་འབྱོར་དང་ཕྱི་འབྲེལ་མི་སྣ་འགྲོ་འོང་སོགས་ཀྱི་ཐོག་ནས་བཀག་སྡོམ་ཉེས་ཆད་གཅོད་བཞིན་པ་ལྟར་ཨུ་རུ་སུས་ཨ་རིའི་གནད་ཡོད་མི་སྣ་ ༥༠༠ ཙམ་ཡུལ་དེའི་ནང་ཡོང་མི་ཆོག་པའི་ཐག་གཅོད་བྱས་འདུག

ཨུ་རུ་སུས་ཉེས་ཆད་བཅད་པའི་ཨ་རིའི་གནད་ཡོད་མི་སྣ་འགའ།

ཁ་སང་ཕྱི་ཚེས་ ༡༩ ཉིན་ཨུ་རུ་སུ་གཞུང་གིས་གསལ་བསྒྲགས་ཤིག་སྤེལ་ཏེ། ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌིན་མཆོག་གི་སྲིད་གཞུང་གིས་ཨུ་རུ་སུ་ལ་མུ་མཐུད་ནས་དམ་དྲག་དང་ཉེས་ཆད་གཏོང་བཞིན་འཁོན་ལན་དུ། ཨ་རིའི་སྲིད་འཛིན་ཟུར་པ་ཨོ་བྷ་མ་དང་། ཨ་རིའི་གཞུང་ཚབ་པ་། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཁག་ཅིག དེ་བཞིན་སི་ཨན་ཨན་གྱི་གསར་འགོད་པ་ནིག་པེ་ཊོན་ ་(Nick Pato Walsh) དང་། གཙོ་སྐྱོང་བ་ཨེ་རིན་ (Erin Burneet) དང་ཁོལ་བྷར་ཌི་ (Stephen Colbert)  སོགས་ཚུད་པའི་ཨ་རིའི་མི་སེར་ ༥༠༠ ཙམ་ཨུ་རུ་སུའི་ནང་ཡོང་མི་ཆོག་པའི་ཐག་གཅོད་བྱས་འདུག

དེ་འབྲེལ་ཨུ་རུ་སུའི་ཕྱི་སྲིད་ལྷན་ཁང་གིས་བསྒྲགས་གཏམ་སྤེལ་བའི་ནང་། འདི་ལོའི་ཕྱི་ཟླ་ ༤ པའི་ནང་ཨུ་རུ་སུའི་གསར་འགོད་པ་དང་ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་ (Sergei Lavrov)  སོགས་ཨ་རིའི་ནང་འགྲོ་བའི་ཐོངས་མཆན་སྤྲད་མེད་པར་བརྟེན། ཨ་རིའི་རྒྱལ་ཁབ་ཀྱི་གནད་ཡོད་མི་སྣ་སོགས་ཨུ་རུ་སུའི་ནང་ཡོང་མི་ཆོག་པའི་བཀའ་རྒྱ་བཏང་བ་ཞིག་ཡིན་སྐོར་བཀོད་འདུག

ཨུ་རུ་སུའི་དམག་དཔུང་གིས་ཡུ་ཀེ་རེན་ནང་དྲག་པོའི་བཙན་འཛུལ་བྱས་པར་བརྟེན། ཨ་རི་གཙོས་པའི་ནུབ་གླིང་དམངས་གཙོའི་རྒྱལ་ཁབ་མང་པོས་ཨུ་རུ་སུར་དཔལ་འབྱོར་ཉེས་ཆད་ལྕི་མོ་བཅད་དེ་དམག་མཚམས་འཇོག་པར་གནོན་ཤུགས་སྤྲོད་བཞིན་ཡོད་པ་དང་། ད་བར་ཨ་རིའི་གཞུང་གིས་ཨུ་རུ་སུའི་ཡུལ་མི་ ༢༠༠༠ ཙམ་ལ་དམ་དྲག་བྱེད་བཞིན་པའི་ཐོག གནམ་གྲུ་དང་དམག་གི་མཐུན་རྐྱེན་སོགས་མཚམས་བཞག་སྟེ་ཨུ་རུ་སུ་དང་ཚོང་འབྲེལ་མེད་པ་བཟོས་ཡོད་འདུག་ལ།  ཨུ་རུ་སུའི་ཕྱོགས་ནས་རླངས་རྫས་སོགས་ཕྱིར་འཚོང་ཐད་དམ་དྲག་བྱས་པར་བརྟེན་འཛམ་གླིང་རྒྱལ་ཁབ་མང་པོར་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གཞུང་གིས་མཐའ་མཚམས་སུ་གྲོང་ཚོ་གསར་པ་ཞིག་འཛུགས་སྐྲུན་བྱེད་བཞིན་འདུག

༢༠༢༣/༠༥/༢༦
Russian social media videos appearing to show Kremlin drone attack
Mobile App

ཨུ་རུ་སུའི་སྲིད་འཛིན་པུ་ཌིན་གྱི་སྡོད་སྒར་དུ་དྲག་རྒོལ་བྱས་ཡོད་ལུགས་བསྒྲགས། 

༢༠༢༣/༠༥/༠༤
Ukrainian President Volodymyr Zelensky (right) hoped the call with Chinese leader Xi Jinping would give impetus to relations with Beijing.
Mobile App

ཞི་ཅིན་ཕིང་དང་ཛེ་ལེན་སི་ཀི་གཉིས་ཀྱིས་ཁ་པར་ལམ་ནས་ཁ་བརྡ་བྱས།

༢༠༢༣/༠༤/༢༧
Transnational Repression report of 2022
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱས་ཡོད་པའི་སྙན་ཐོ་བཏོན།

༢༠༢༣/༠༤/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist