མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་བཙན་འོག་ཏུ་ཡོད་པའི་རྒྱལ་ཁབ་ཁག་གི་གནད་དོན་ཐད་ཉན་ཞིབ་གནང་།

བོད་ཀྱི་དུས་བབ།
༢༠༢༥/༠༧/༢༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་བཙན་འོག་ཏུ་གདུག་རྩུབ་མྱོང་བཞིན་པའི་ཤར་ཊུར་ཀི་སི་ཐན་དང་ལྷོ་སོག བོད་མིའི་སྐུ་ཚབ་སོགས་མཉམ་ཞུགས་གནང་སྟེ། ཕྱི་ལོ་ ༢༠༢༥ ལོའི་བཙན་འོག་རྒྱལ་ཁབ་ཀྱི་བདུན་ཕྲག་ཅེས་པ་སྲུང་གཙི་ཞུས་ཏེ་ཉན་ཞིབ་གནང་འདུག

ཕྱི་ལོ་ ༢༠༢༥ ལོའི་བཙན་འོག་རྒྱལ་ཁབ་ཀྱི་བདུན་ཕྲག་ཅེས་པ་སྲུང་གཙི་ཞུས་ཏེ་ཉན་ཞིབ་གནང་བཞིན་པ། དྲ་ལམ་གྱི་པར།

ལོ་འཆར་ཅན་དུ་ཕྱི་ཟླ་ ༧ པའི་ནང་ཨ་རིར་བཙན་འོག་རྒྱལ་ཁབ་ཀྱི་བདུན་ཕྲག་ཅེས་པ་སྲུང་གཙི་ཞུ་ཡི་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༢༡ ནས་བཟུང་བདུན་ཕྲག་གཅིག་རིང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སི་ (Washington DC) རུ་ཡོད་པའི་རཱེ་བྷར་ནི་ (Rayburn) གྲོས་ཚོགས་ཚོགས་ཁང་དུ། ༢༠༢༥ ལོའི་བཙན་འོག་རྒྱལ་ཁབ་ཀྱི་བདུན་ཕྲག་ཅེས་པ་ (Captive Nations Week 2025) སྲུང་གཙི་ཞུས་ཡོད་ཅིང་། སྐབས་དེར་བཙན་འོག་ཏུ་ཡོད་པའི་ཤར་ཊུར་ཀི་སི་ཐན་དང་། བོད། ལྷོ་སོག་བཅས་ཀྱི་སྐུ་ཚབ། དེ་བཞིན་ཨ་རིའི་རྒྱལ་ཡོངས་བདེ་འཇགས་ཆེད་མཁས་པ་དང་། གྲོས་ཚོགས་ལས་བྱེད་རྣམས་ལྷན་འཛོམས་གནང་སྟེ། རྒྱལ་ཁབ་དེ་དག་གིས་མུ་མཐུད་དུ་དྲག་གནོན་དང་། བཙན་འཛུལ། མི་རིགས་རྩ་མེད་གཏོང་བའི་གདུག་རྩུབ་མྱོང་བཞིན་པར་གདོང་ལེན་གནང་ཕྱོགས་ཐད་ཉན་ཞིབ་ཀྱི་ལས་རིམ་ཞིག་འཚོགས་འདུག

དེ་འབྲེལ་ཤར་ཊུར་ཀི་སི་ཐན་དང་། བོད། ལྷོ་སོག བཙན་འོག་ཏུ་ཚུད་པའི་རྒྱལ་ཁབ་གཞན་གྱི་སྐུ་ཚབ་རྣམས་ཀྱིས་མཉམ་འབྲེལ་གྱིས་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་བའི་ནང་། བཙོན་འོག་ཏུ་བཅུག་པའི་རྒྱལ་ཁབ་ཁག་གི་མི་མང་རྣམས་ལ་རང་དབང་སླར་གསོ་དགོས་པ་དང་། རང་དབང་གཙང་མའི་རྒྱལ་ཁབ་ཀྱི་བདག་དབང་ལོངས་སུ་སྤྱོད་པའི་ཐོབ་ཐང་ཆ་ཚང་ངེས་པར་དུ་དགོས་པ་ལས་གྲོས་མོལ་དང་འགྲིག་འཇགས་ཡོང་ཐབས་མེད། བཙན་འོག་ཏུ་ཡོད་པའི་རྒྱལ་ཁབ་ཁག་ལ་རང་བཙན་སླར་གསོ་དང་། རང་དབང་གཙང་མ། དེ་བཞིན་དྲང་བདེན་གྱི་ཐག་གཅོད་མ་ཐོབ་བར་དུ་ལས་དོན་མཚམས་འཇོག་བྱ་རྒྱུ་མིན། ཞེས་གསལ་འདུག

ཉན་ཞིབ་དེའི་ཐོག་བོད་དོན་འཐབ་རྩོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས། བོད་ཀྱི་ཐུན་མོང་མ་ཡིན་པའི་ངོ་བོ་གཙོར་བཟུང་གིས་བོད་ནི་ཁྲིམས་ཐོག་ནས་རྒྱ་ནག་གི་ཆ་ཤས་ཤིག་མིན་ལ། ལོ་ངོ་སྟོང་ཕྲག་ལྷག་རིང་རང་གི་གཞུང་དང་། རིག་གཞུང་། ཐུན་མོང་མ་ཡིན་པའི་ངོ་བོ་ཞིག་ཡོད། ཕྱི་ལོ་ ༡༩༥༡ ལོར་རྒྱ་ནག་གི་བཙན་འཛུལ་དེ་བཅིངས་གྲོལ་མིན་པར་བཙན་འཛུལ་བྱས་པ་རེད། ཅེས་དང་། སྐད་ཆ་སྟོང་པ་བཤད་པའི་དུས་ཚོད་རྫོགས་ཟིན་ལ། ད་ལྟའི་ཆར་དོན་དངོས་སུ་ལག་བསྟར་བྱ་དགོས། རང་བཙན་ཁོ་ནས་བོད་མི་རྣམས་ཀྱི་འཚོ་གནས་འགན་ལེན་བྱེད་ཐུབ་ཀྱི་ཡོད་པ་ནན་བརྗོད་གནང་ཡོད་འདུག

དྲ་ལམ་གྱི་པར།

ཉན་ཞིབ་ཐོག་ཤར་ཊུར་ཀི་སི་ཐན་གྱི་བཙན་བྱོལ་གཞུང་གི་ཕྱི་འབྲེལ་དང་བདེ་འཇགས་བློན་ཆེན་ས་ལཱི་ཧུ་དྷ་ཡར་ (Salih Hudayar) ལགས་ཀྱིས། ཕྱི་ལོ་ ༡༩༥༩ ལོར་བཙན་འོག་ཏུ་ཚུད་པའི་རྒྱལ་ཁབ་ཀྱི་གྲོས་ཆོད་ནང་ཤར་ཊུར་ཀི་སི་ཐན་གྱི་མིང་གསལ་པོར་འཁོད་ཡོད་ལ། དེ་ནི་རྒྱ་ནག་གི་ཆ་ཤས་མིན་པར་བཙན་རྒྱལ་རིང་ལུགས་ཀྱིས་བཙན་འཛུལ་བྱས་པའི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་བྱས་ཡོད། ཅེས་དང་། ཡུལ་དེའི་མང་ཚོགས་ས་ཡ་མང་པོ་ངལ་རྩོལ་བྱེད་དུ་བཅུག་པ་དང་། བཙོན་འཇུག་བྱས་ཏེ་སྡུག་སྦྱོང་མནར་གཅོད་ཚད་མེད་གཏོང་བའི་ཐོག ལོ་ལྟར་ཡུ་གུར་བ་དང་ཊུར་ཀིའི་གཞོན་སྐྱེས་ ༢༥,༠༠༠ ནས་ ༥༠,༠༠༠ བར་བསད་པ་དང་། ཁོང་ཚོའི་དབང་པོ་ཚོང་འགྲེམས་བྱེད་མུས་ཡིན་པ་རེད། ཅེས་དང་། ཤར་ཊུར་ཀི་སི་ཐན་ནི་བཙན་འཛུལ་བྱས་པའི་རྒྱལ་ཁབ་ཅིག་ལ་ངོས་འཛིན་དགོས་པ་དང་། རང་བཙན་འཐབ་རྩོད་དང་འབྲེལ་བའི་ཉན་ཞིབ་བྱ་དགོས་སྐོར་དང་། རྒྱ་ནག་གིས་ཡུལ་དེའི་ནང་སྲིད་གནད་དོན་ལ་ཐེ་ཇུས་བྱེད་མུས་ཡིན་པར་ཞིབ་འཇུག་དགོས་ལ། རྒྱ་ནག་གིས་ཡུལ་དེར་སིམ་འཛུལ་དང་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་འདུག

དེ་བཞིན་ཉན་ཞིབ་ཐོག་ཀོ་རི་ཡ་དང་ཨ་རིའི་གསར་འགོད་པ་ཀིམ་སེ་ཧུན་ (Se Hoon Kim) ལགས་ཀྱིས། རིམ་པས་སོག་པོའི་ངོ་བོ་དང་རིག་གཞུང་ཉམས་རྒུད་དུ་འགྲོ་མུས་ཡིན་པའི་ཐད་སེམས་འཚབ་བསྟན་པ་དང་། ད་ལྟའི་ཆར་ཡུལ་དེའི་ནང་དྲག་གནོན་བྱུང་བ་ཙམ་མིན་པར། སྐད་ཡིག་དང་རིག་གཞུང་། ངོ་བོ། འཚོ་གནས། ཤུལ་བཞག་བཅས་ཤུལ་མེད་བཟོ་ཐབས་བྱས་པར་སྐྱོན་བརྗོད་གནང་འདུག་ལ། ཨ་རིའི་གཞུང་གིས་ལྷོ་སོག་དང་གཞན་བཙན་གནོན་འོག་ཏུ་ཚུད་པའི་མི་རིགས་རྣམས་ཀྱི་དཀའ་སྡུག་ལ་གདོང་ལེན་དང་། དེ་འབྲེལ་ཐག་གཅོད་དགོས་པའི་འབོད་སྐུལ་ཞུས་འདུག

གཞན་ཡང་། གཏམ་བཤད་པ་དེ་སྔོན་པེ་ཅིན་དུ་ཨ་རིའི་དམག་སྤྱི་ཟུར་པ་གནང་མྱོང་མཁན་བྷེན་ (Ben Lowsen) ལགས་ཀྱིས། རྒྱ་ནག་དམར་ཤོག་སྲིད་གཞུང་གིས་འཇིགས་སྐུལ་དེ་རྒྱ་ནག་ཙམ་མིན་པར་འཛམ་གླིང་ཡོངས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་གསལ་སྟོན་དང་། ཨ་རིས་ཆབ་སྲིད་དམག་འཁྲུག་ལ་རྒྱབ་སྐྱོར་བྱེད་པའི་ཐོག ཤར་ཊུར་ཀི་སི་ཐན་གྱི་ཕྱི་འབྲེལ་ལས་ཁུངས་བཙུགས་ཏེ་གུང་ཁྲན་ཏང་ལ་གདོང་ལེན་བྱེད་དགོས་པའི་འབོད་སྐུལ་ཞུས་འདུག

ཕྱི་ལོ་ ༡༩༥༩ ལོར་གཏན་འབེབས་བྱས་པའི་བཙན་འོག་ཏུ་ཚུད་པའི་རྒྱལ་ཁབ་ཀྱི་གྲོས་ཆོད་དེས་དམར་ཤོག་རྒྱལ་ཁབ་ཀྱི་དབང་འོག་ཏུ་ཚུད་པའི་རྒྱལ་ཁབ་ཁག་ངོས་འཛིན་བྱས་ཏེ། ཨ་རིའི་གཞུང་གི་ངོས་ནས་རྒྱལ་ཁབ་དེའི་རང་དབང་དང་རང་བཙན་སླར་གསོ་བྱེད་པར་རྒྱབ་སྐྱོར་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད་པ་རེད། དེ་བཞིན་བོད་དང་ཊུར་ཀི་སི་ཐན་སོགས་བཙན་འོག་ཏུ་ཚུད་པའི་རྒྱལ་ཁབ་ཁག་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད་འདུག ད་དུང་བཙན་འོག་རྒྱལ་ཁབ་ཀྱི་བདུན་ཕྲག་ཅེས་པ་སྲུང་གཙི་ཞུ་བ་བརྒྱུད། བཙན་འོག་ཏུ་ཡོད་པའི་འཛམ་གླིང་རྒྱལ་ཁབ་ཁག་གི་མི་རིགས་དེ་དག་ལ་མུ་མཐུད་དུ་དྲག་གནོན་བྱས་དང་བྱེད་མུས་ཡིན་པར་འགོག་རྒོལ་དང་། རང་དབང་དང་རང་བཙན་ཐོབ་ཐབས་ཀྱི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་དགོས་པར་དམིགས་འདུག

བསྟན་འཛིན་ཉི་སྒྲོན་དང་། གསར་འགོད་པ་བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ད་ཀྱི་མ་འོངས་དང་འབྲེལ་བའི་རྒྱ་གར་གྱི་སྲིད་ཇུས་ཞེས་པའི་ལྷན་ཚོགས་ཤིག་འཚོགས། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༣། ༡༡། ༣།
Mobile App

བོད་ཀྱི་མ་འོངས་དང་འབྲེལ་བའི་རྒྱ་གར་གྱི་སྲིད་ཇུས་ཞེས་པའི་ལྷན་ཚོགས་བསྡུས།  

༢༠༢༣/༡༡/༠༣
EU trade chief Valdis Dombrovskis speaks at the Bund Summit in Shanghai on Saturday. Photo: Reuters
Mobile App

འཛམ་གླིང་གི་ཚོང་ཤག་ཆེ་ཤོས་གཉིས་ཀྱི་འབྲེལ་བ་ཇེ་སྡུག་ཏུ་འགྲོ་ཉེན་འདུག 

༢༠༢༣/༠༩/༢༥
Emergency workers respond to a gas explosion at a barbecue restaurant in Yinchuan, Ningxia, China, on June 21.
Mobile App

རྒྱ་ནག་གི་གསོལ་མགྲོན་ཁང་ཞིག་ཏུ་འགས་ཐོར་བྱུང་།

༢༠༢༣/༠༦/༢༢
སུད་སི་བོད་རིགས་མི་མང་གིས་རྒྱལ་ཚོགས་ཀྱི་མདུན་དུ་ཞི་བའི་སྐད་འབོད། ནོར་ཝེ་རླུང་འཕྲིན་ཁང་གི་པར། ༢༠༢༣།༠༦།༡༩
Mobile App

རྒྱལ་ཚོགས་ཀྱི་མདུན་ཐང་དུ་བོད་དོན་ཆེད་ཞི་བའི་སྐད་འབོད་གནང་། 

༢༠༢༣/༠༦/༢༡
Tourists Trekking around Mount Kailash
Mobile App

རྒྱ་ནག་གཞུང་གིས་གངས་རིན་པོ་ཆེའི་གནས་མཇལ་བར་སྔར་ལྷག་དམ་དྲག་བྱེད་ཀྱིན་འདུག 

༢༠༢༣/༠༥/༡༠
The Heishanxia section of the Yellow River in China’s Ningxia Hui autonomous region. Photo: Xinhua
Mobile App

རྨ་ཆུའི་རྒྱུད་དུ་ཆུ་མཛོད་ཆེན་པོ་ཞིག་གསར་དུ་བརྒྱག་རྒྱུ་ཡིན་འདུག

༢༠༢༣/༠༥/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese