མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྒྱ་ནག་གི་གསོལ་མགྲོན་ཁང་ཞིག་ཏུ་འགས་ཐོར་བྱུང་།

བོད་ཀྱི་དུས་བབ།
༢༠༢༣/༠༦/༢༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་གསོལ་མགྲོན་ཁང་ཞིག་ཏུ་འགས་ཐོར་བྱུང་ནས་ཉུང་མཐར་མི་གྲངས་ ༣༡ རྐྱེན་འདས་བྱུང་ཡོད་པ་དང་། མི་གྲངས་ ༧ རྨས་སྐྱོན་ཕོག་ཡོད་འདུག

Emergency workers respond to a gas explosion at a barbecue restaurant in Yinchuan, Ningxia, China, on June 21.

ཟླ་འདིའི་ཕྱི་ཚེས་ ༢༡  ཉིན་གྱི་དགོང་མོའི་ཆུ་ཚོད་ ༨།༤༠ ཐོག་རྒྱ་ནག་ཉིང་ཞ་ཡན་ཁྲོང་(银川) གྲོང་ཁྱེར་གྱི་ཧྥུ་ཡཱང་(富洋烧烤店) གསོལ་མགྲོན་ཁང་དུ་རླངས་རྫས་འགས་ཐོར་བྱུང་སྟེ། ཉུང་མཐར་མི་གྲངས་ ༣༡ རྐྱེན་འདས་དང་། མི་གྲངས་ ༧ ལ་རྨས་སྐྱོན་ཕོག་ནས་མྱུར་སྐྱོབ་བྱེད་མུས་ཡིན་པའི་ཁྲོད། མི་གཅིག་ཛ་དྲག་གི་གནས་སྟངས་འོག་ཏུ་ལྷག་ཡོད་འདུག

འགས་ཐོར་དོན་རྐྱེན་དེའི་ཐད་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གིས། ཐེངས་འདིའི་འགས་ཐོར་དོན་རྐྱེན་ཁྲོད་རྨས་སྐྱོན་ཐོབ་པའི་མི་ཚང་མ་མྱུར་སྐྱོབ་བྱ་དགོས་ཚུལ་དང་། དོན་རྐྱེན་བྱུང་སའི་ཡུལ་དངོས་སུ་བརྟག་དཔྱད་ནན་མོ་བྱས་ཏེ། དོན་རྐྱེན་དེ་དང་འབྲེལ་བའི་མི་སྣ་རྣམས་ཉེས་ཆད་གཅད་རྒྱུ་ཡིན་ལུགས་སོགས་བཤད་ཡོད་འདུག

རྒྱ་གཞུང་གིས་རླངས་རྫས་འགས་ཐོར་དོན་རྐྱེན་དེ་ནི་གསོལ་མགྲོན་ཁང་དེའི་མ་བྱིན་གྱིས་རླངས་རྫས་བརྗེ་བོ་བརྒྱབ་པའི་ཆུ་ཚོད་གཅིག་ཙམ་གྱི་རྗེས་སུ་རླངས་རྫས་ཕྱི་རུ་ཐོན་པའི་གནས་ཚུལ་བྱུང་སྟེ། ཟ་ཁང་དེ་འགས་ཐོར་བྱུང་བ་ཡིན་ཞིང་། དོན་རྐྱེན་བྱུང་རྗེས་ཉེ་འགྲམ་གྱི་ཚོང་ཁང་དང་ལམ་ཡོངས་རྫོགས་བཀག་འགོག་བྱས་ཏེ། མི་མང་གི་བདེ་འཇགས་སོགས་ཀྱི་ཐད་ལ་ལྟ་སྲུང་དང་སྲུང་སྐྱོབ་བྱས་ཡོད་ལུགས་དང་།  དེ་རིང་ཞོགས་པ་བར་རྒྱ་ནག་གི་མེ་གསོད་རུ་ཁག་གི་མི་གྲངས་ ༡༠༠ ལྷག་གིས་མེ་གསོད་འཕྲུལ་འཁོར་ ༢༠ བེད་སྤྱོད་བྱས་ཏེ། གནོད་འཚེ་ཐེབས་པའི་མི་མང་མྱུར་སྐྱོབ་དང་མེ་གསོད་ཐབས་བྱས་ཡོད་སྐོར་སོགས་བསྒྲགས་འདུག

 ལོ་ལྟར་རྒྱ་ནག་ནང་འགས་ཐོར་གྱི་དོན་རྐྱེན་མང་པོ་འབྱུང་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༢༡ ཟླ་བདུན་པའི་ནང་རྒྱ་ནག་ཧུའུ་པའེ་ཞིང་ཆེན་ཧྲི་ཡཱན་གྲོང་ཁྱེར་གྱི་སྔོ་ཚལ་ཁྲོམ་ར་ཞིག་ཏུ་རླངས་རྫས་འགས་ཐོར་བྱུང་བའི་དོན་རྐྱེན་ཁྲོད་མི་གྲངས་ ༢༦ རྐྱེན་འདས་སུ་ཕྱིན་ཡོད་པ་དང་། ཕྱི་ལོ་ ༢༠༡༩ ཟླ་གསུམ་པའི་ནང་དུ་རྒྱ་ནག་ཅང་སུའུ་ཞིང་ཆེན་གྱི་རྫས་འགྱུར་ཚོད་ལྟ་ཁང་ཞིག་ཏུ་འབར་གས་དོན་རྐྱེན་གྱིས་མི་གྲངས་ ༧༨ རྐྱེན་འདས་བྱུང་ཡོད་འདུག

གཞན་ཡང་། ཕྱི་ལོ་ ༢༠༡༥ ལོར་རྒྱ་ནག་ཐིན་ཅིན་གྲོང་ཁྱེར་གྱི་རྫས་འགྱུར་ཚོང་ཟོག་ཁང་ཞིག་འགས་ཐོར་བྱུང་ནས་མི་གྲངས་ ༡༧༣ རྐྱེན་འདས་ཕྱིན་པ་དང་། དེའི་ཁྲོད་ཀྱི་མི་མང་ཤོས་ནི་མེ་གསོད་མྱུར་སྐྱོབ་པ་དང་ཉེན་རྟོག་པ་བཅས་ཡིན་འདུག 

 གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

EU trade chief Valdis Dombrovskis speaks at the Bund Summit in Shanghai on Saturday. Photo: Reuters
Mobile App

འཛམ་གླིང་གི་ཚོང་ཤག་ཆེ་ཤོས་གཉིས་ཀྱི་འབྲེལ་བ་ཇེ་སྡུག་ཏུ་འགྲོ་ཉེན་འདུག 

༢༠༢༣/༠༩/༢༥
སུད་སི་བོད་རིགས་མི་མང་གིས་རྒྱལ་ཚོགས་ཀྱི་མདུན་དུ་ཞི་བའི་སྐད་འབོད། ནོར་ཝེ་རླུང་འཕྲིན་ཁང་གི་པར། ༢༠༢༣།༠༦།༡༩
Mobile App

རྒྱལ་ཚོགས་ཀྱི་མདུན་ཐང་དུ་བོད་དོན་ཆེད་ཞི་བའི་སྐད་འབོད་གནང་། 

༢༠༢༣/༠༦/༢༡
The Heishanxia section of the Yellow River in China’s Ningxia Hui autonomous region. Photo: Xinhua
Mobile App

རྨ་ཆུའི་རྒྱུད་དུ་ཆུ་མཛོད་ཆེན་པོ་ཞིག་གསར་དུ་བརྒྱག་རྒྱུ་ཡིན་འདུག

༢༠༢༣/༠༥/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist