མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་ཚོགས་ཀྱི་མདུན་ཐང་དུ་བོད་དོན་ཆེད་ཞི་བའི་སྐད་འབོད་གནང་། 

བོད་ཀྱི་དུས་བབ།
༢༠༢༣/༠༦/༢༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༥༣ པའི་ཐོག་རྒྱ་ནག་གཞུང་གིས་བོད་ཕྲུག་ས་ཡ་གཅིག་ཙམ་རྒྱ་ནག་གི་བཅའ་སྡོད་སློབ་གྲྭ་ཁག་ཏུ་བཙན་གྱིས་མངག་གཏོང་བྱེད་མུས་ཡིན་པའི་གནད་དོན་ཐད་གླེང་སློང་དགོས་པའི་རེ་སྐུལ་གནང་།

སུད་སི་བོད་རིགས་མི་མང་གིས་རྒྱལ་ཚོགས་ཀྱི་མདུན་དུ་ཞི་བའི་སྐད་འབོད། ནོར་ཝེ་རླུང་འཕྲིན་ཁང་གི་པར། ༢༠༢༣།༠༦།༡༩

  ཟླ་འདིའི་ཕྱི་ཚེས་ ༡༩ ནས་ཕྱི་ཟླ་ ༧ ཚེས་ ༡༤ བར་སུད་སི་ཇི་ནི་ཝར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༥༣ པ་འཚོག་བཞིན་ཡོད་པ་ལྟར།  ཟླ་འདིའི་ཕྱི་ཚེས ༡༩ ཉིན་སུད་སི་དང་ལིག་ཏེན་སི་ཌ་ཡ་ནའི་བོད་རིགས་ཚོགས་པའི་གོ་སྒྲིག་འོག  ས་གནས་བོད་རིགས་མི་མང་དང་སུད་སི་མཛའ་འབྲེལ་ཚོགས་པའི་མི་སྣ་མཉམ་འཛོམས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་ཞི་བའི་སྐད་འབོད་གནང་སྟེ། བོད་ནང་གི་བོད་མིའི་གནས་སྟངས་གཙོས་རྒྱ་ནག་གཞུང་གིས་བོད་ཕྲུག་ས་ཡ་གཅིག་ཙམ་རྒྱ་ནག་གཞུང་གི་བཅའ་སྡོད་སློབ་གྲྭ་ཁག་ཏུ་བཙན་གྱིས་མངག་གཏོང་བྱེད་ཀྱི་ཡོད་པའི་ཐད་གླེང་སློང་དགོས་པའི་རེ་སྐུལ་གནང་འདུག

 སྐབས་དེར་སུད་སི་དང་ལིག་ཏེན་སི་ཌ་ཡ་ནའི་བོད་རིགས་ཚོགས་པའི་ཚོགས་གཙོ་ཀརྨ་ཆོས་སྐྱིད་ལགས་ཀྱིས། ལོ་རྟག་པར་བོད་རིགས་མི་མང་གིས་རྒྱལ་ཚོགས་ལ་ཞུ་ཡིག་ཕུལ་བཞིན་ཡོད་པ་ལྟར། ད་ལོ་བདུན་ཕྲག་གཅིག་སྔོན་ནས་རྒྱལ་ཚོགས་སུ་ཕུལ་ཟིན་པ་མ་ཟད། ཡིག་ངག་གཉིས་ཀྱི་ཐོག་བོད་ནང་གི་གནས་སྟངས་སྐོར་ཞིབ་ཕྲ་སྙན་གསེང་ཞུ་བའི་གོ་སྐབས་བྱུང་། རྒྱ་གཞུང་གིས་བོད་ཀྱི་བདེ་འཇགས་སྲུང་སྐྱོབ་ལ་ཁ་གཡར་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་། སྨྲ་བརྗོད་རང་དབང་རྩིས་མེད་རྡོག་རོལ་གཏོང་བཞིན་ཡོད་པ་མ་ཟད། འདས་བའི་ལོ་གཉིས་ལྷག་གི་རིང་བྱིས་པ་ལོ་དྲུག་ནས་བཟུང་ཕ་མ་དང་ཁ་བྲལ་དུ་བཏང་ནས་རྒྱ་ནག་གི་གཏན་འཇགས་སློབ་གྲྭར་བཙན་འཇུག་བྱེད་ཀྱི་ཡོད་པས། བོད་མི་རིགས་ཀྱི་སྐད་ཡིག་དང་། རིག་གཞུང་། ཡུལ་སྲོལ་གོམས་གཤིས་སོགས་རྩ་གཏོར་དུ་གཏོང་མུས་ཡིན།  ཞེས་བརྗོད་སོང་།

 ཡང་ཁོང་མོས། ཉེ་སྔོན་རྒན་རྒྱལ་ལོ་ལགས་ཀྱི་གཏམ་བཤད་སྐབས་བོད་ནང་གི་ཕ་མ་བུ་ཕྲུག་ཁ་བྲལ་བཏང་ནས་རྒྱ་ནག་གི་གཏན་འཇགས་སློབ་གྲྭ་འགྲོ་བཞིན་པའི་བྱིས་པ་རྣམས་ཕྱིར་ཕ་ཡུལ་དུ་ལོག་དུས། བྱིས་པ་རྣམས་ཕ་མ་གཉེན་མི་སོགས་ལ་བརྩེ་བ་མེད་པ་དང་། བོད་པའི་ཚོར་བ་མེད་པའི་མི་ཞིག་ཏུ་ཆགས་ཀྱི་འདུག་པས། མ་འོངས་བར་བོད་ནང་གི་མི་རབས་གསར་པ་རྣམས་བོད་ཀྱི་རིག་གཞུང་ལ་དགའ་ཞེན་མེད་པའི་གནས་སྟངས་ཤིག་ཏུ་འགྱུར་བའི་ཉེན་ཁ་ཡོད་པས། རང་དབང་ལུང་པའི་ནང་དུ་ཡོད་པའི་བོད་མི་རྣམས་ཀྱིས་བོད་ནང་གི་ཉག་ཕྲ་བའི་གནས་སྟངས་ལ་ངོས་འཛིན་ཡོད་པའི་ཐོག་ནས་བོད་དོན་སྐད་འབོད་ཞུ་རྒྱུ་གལ་ཆེན་ཡིན་སྐོར་བརྗོད་སོང་།

 དེ་བཞིན་སུད་སི་བུད་མེད་ཚོགས་པའི་ཚོགས་གཙོ་ཚེ་རིང་དབྱངས་འཛོམས་ལགས་ཀྱིས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཉིན་རེ་བཞིན་ཛ་དྲག་ཆེ་རུ་འགྱུར་བཞིན་ཡོད་པ་མ་ཟད། རྒྱ་གཞུང་གིས་བོད་ནང་དུ་མཚམས་མ་ཆད་པར་རྒྱ་མི་འབོར་འདྲེན་བྱེད་པའི་ལས་གཞི་རྒྱ་ཆེ་རུ་གཏོང་གིན་ཡོད་པ་དང་། ལོ་བཞི་ནས་དྲུག་བར་བྱིས་པ་ས་ཡ་གཅིག་ཙམ་མི་སེར་སྤེལ་ལུགས་ཀྱི་གཏན་འཇགས་སློབ་གྲྭར་བཙན་འཁྲིད་བྱས་ཏེ། བོད་མི་རིགས་ཀྱི་ངོ་བོ་མཚོན་བྱེད་ཀྱི་སྐད་ཡིག་རིག་གཞུང་བཅས་རྩ་བརླག་ཏུ་གཏོང་མུས་ཡིན་སྐོར་བརྗོད་འདུག

 སུད་སི་དང་ལིག་ཏེན་སི་ཌ་ཡ་ནའི་བོད་རིགས་ཚོགས་པའི་ཚོགས་གཞོན་བསྟན་འཛིན་དབང་འདུས་ལགས་ཀྱིས། བོད་མི་སུ་ཞིག་ཡིན་རུང་སྐབས་སུ་བབས་པའི་བོད་དོན་འཐབ་རྩོད་ཀྱི་ཐོག་ནུས་ཤུགས་གཅིག་ཏུ་སྤུངས་རྒྱུ་གལ་ཆེན་ཡིན་པ་མ་ཟད། རྒྱ་གཞུང་གི་དྲང་བདེན་མིན་པའི་ཆབ་སྲིད་ཀྱིས་བོད་མི་མང་གི་ཐོག་མནར་གཅོད་དྲག་པོ་གཏོང་བཞིན་ཡོད་པས། བོད་མི་རྣམས་ཀྱིས་ཀྱང་མཐུན་སྒྲིལ་གྱི་ལངས་ཕྱོགས་བརྟན་པོ་ཡོད་པའི་ཐོག བོད་མི་རིགས་ཀྱི་སྐད་ཡིག་རིག་གཞུང་བཅས་སྲུང་སྐྱོབ་བྱེད་རྒྱུ་གལ་ཆེན་ཡིན་སྐོར་བརྗོད་འདུག 

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་གནམ་ཐང་དུ། AP གསར་ཁང་གི་པར།
Mobile App

རྒྱ་ནག་གི་ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་ལ་བྲོས་བྱོལ་དུ་འབྱོར་འདུག

༢༠༢༦/༠༩/༠༧
མ་རྩོམ་ཐོག་འཁོད་པའི་རྩོམ་པ་པོའི་པར།
Mobile App

ཞི་ཅིན་ཕིང་གི་དུས་སྐབས་ཀྱི་བོད་ནང་གི་གཉའ་གནོན་ནི་མུན་ནག་གི་ས་མཚམས་ཤིག་ཡིན།

༢༠༢༦/༠༨/༢༩
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༥
ཕྱི་ལོ་ ༢༠༢༥ ལོའི་བཙན་འོག་རྒྱལ་ཁབ་ཀྱི་བདུན་ཕྲག་ཅེས་པ་སྲུང་གཙི་ཞུས་ཏེ་ཉན་ཞིབ་གནང་བཞིན་པ། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གི་བཙན་འོག་ཏུ་ཡོད་པའི་རྒྱལ་ཁབ་ཁག་གི་གནད་དོན་ཐད་ཉན་ཞིབ་གནང་།

༢༠༢༥/༠༧/༢༣
ད་ཀྱི་མ་འོངས་དང་འབྲེལ་བའི་རྒྱ་གར་གྱི་སྲིད་ཇུས་ཞེས་པའི་ལྷན་ཚོགས་ཤིག་འཚོགས། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༣། ༡༡། ༣།
Mobile App

བོད་ཀྱི་མ་འོངས་དང་འབྲེལ་བའི་རྒྱ་གར་གྱི་སྲིད་ཇུས་ཞེས་པའི་ལྷན་ཚོགས་བསྡུས།  

༢༠༢༣/༡༡/༠༣
EU trade chief Valdis Dombrovskis speaks at the Bund Summit in Shanghai on Saturday. Photo: Reuters
Mobile App

འཛམ་གླིང་གི་ཚོང་ཤག་ཆེ་ཤོས་གཉིས་ཀྱི་འབྲེལ་བ་ཇེ་སྡུག་ཏུ་འགྲོ་ཉེན་འདུག 

༢༠༢༣/༠༩/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese