མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་གཞུང་གིས་ལོ་ལྔའི་རྗེས་སུ་རྒྱ་ནག་གི་མི་སེར་ཚོར་ཐོངས་མཆན་སྤྲོད་མགོ་བཙུགས།

བོད་ཀྱི་དུས་བབ།
༢༠༢༥/༠༧/༢༤
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ནས་བཟུང་རྒྱ་ནག་ཏུ་ཡོད་པའི་རྒྱ་གར་གཞུང་ཚབ་ཁང་གིས་ལོ་ལྔའི་རྗེས་སུ་རྒྱ་ནག་གི་མི་སེར་རྣམས་ལ་ཡུལ་སྐོར་སྤྲོ་འཆམ་གྱི་ཐོངས་མཆན་སྤྲོད་པའི་མགོ་བཙུགས་འདུག

India passports climbs eight spots (Photo: AI Generative)

ཁ་སང་ཕྱི་ཚེས་ ༢༣ ཉིན་རྒྱ་ནག་ནང་ཡོད་པའི་རྒྱ་གར་གཞུང་ཚབ་ཁང་གིས་ཡོངས་གསལ་བསྒྲགས་ཤིག་སྤེལ་ཏེ། རྒྱ་ནག་གི་མི་སེར་ཚོས་དྲ་ཐོག་ནས་ཡུལ་སྐོར་སྤྲོ་འཆམ་གྱི་ཐོངས་མཆན་ཐོ་འགོད་བྱས་ཟིན་རྗེས། དོ་བདག་སོ་སོའི་ཆེད་དུ་རྒྱ་ནག་པེ་ཅིན་དང་། ཧྲང་ཧའེ། ཀོང་ཀྲོའུ་ (Guangzhou) གྲོང་ཁྱེར་བཅས་སུ་ཡོད་པའི་རྒྱ་གར་གྱི་ཐོངས་མཆན་ལྟེ་གནས་ཁང་ (Indian Visa Application Centre) ཁག་ཏུ་ཕྱིན་ཏེ། ཕྱིར་སྐྱོད་ལག་ཁྱེར་དང་། དགོས་ངེས་ཡིག་ཆ་གཞན་རྣམས་སྤྲོད་དགོས་ཀྱི་ཡོད་པ་རེད། ཅེས་དང་། པེ་ཅིན་དུ་ཡོད་པའི་རྒྱ་གར་གྱི་ཐོངས་མཆན་ལྟེ་གནས་སུ་ཕྱི་སྐྱོད་ལག་ཁྱེར་ཕྱིར་འཐེན་བྱེད་པར་རྒྱབ་གཉེར་ཡི་གེ་ངེས་པར་དུ་མཉམ་འཁྱེར་དགོས་སྐོར་གསལ་འདུག

དེ་འབྲེལ་རྒྱ་ནག་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཀོའོ་ཇཱ་ཀུན་ (Guo Jiakun) ཟེར་བས། རྒྱ་ནག་གིས་ཡུལ་སྐོར་གྱི་ཐོངས་མཆན་སླར་གསོ་བྱས་པར་དགའ་བསུ་དང་། ཐག་གཅོད་དེ་ནི་དགེ་མཚན་ལྡན་པའི་བྱ་སྤྱོད་ཅིག་ཡིན་ཚུལ་བརྗོད་འདུག་ལ། ས་མཚམས་བར་གྱི་འགྲུལ་བཞུད་ལྷོད་དུ་གཏོང་བ་བརྒྱུད་རྒྱལ་ཁབ་གཉིས་ཀར་ཁེ་ཕན་ཆེན་པོ་ཡོད་སྐོར་དང་། རྒྱ་དཀར་ནག་གི་འབྲེལ་ལམ་ཡར་རྒྱས་གཏོང་སླད་གྲོས་མོལ་མུ་མཐུད་དུ་བྱེད་དེ་རྒྱལ་ཁབ་གཉིས་ཀྱི་འགྲོ་འོང་སྔར་ལས་སྟབས་བདེ་བཟོ་རྒྱུ་ཡིན་ཚུལ་སོགས་བསྒྲགས་འདུག

གོ་ལའི་ཧན་ལི་ཕྱི་སྐྱོད་ཀྱི་ཐོ་འགོད་རེའུ་མིག་ (Global Henley Passport Index) ནང་། རྒྱ་གར་གྱི་ཕྱི་སྐྱོད་ལག་ཁྱེར་ཡོད་མཁན་ཚོས་མ་ལེ་ཤི་ཡ་དང་ ཨིན་ཌོ་ནེ་ཤི་ཡ། མལ་ཌིབ་སི། ཐའེ་ལན་ཌི། འབྲུག ཀེན་ནི་ཡ་ (Kenya) སོགས་རྒྱལ་ཁབ་དང་ས་གནས་ཁག་ ༥༩ ལ་ཐོངས་མཆན་རིན་མེད་ཐོག་འགྲོ་སྐྱོད་བྱེད་ཆོག་གི་ཡོད་སྐོར་གསལ་འདུག

ཕྱི་ལོ་ ༢༠༢༠ ལོའི་ཏོག་དབྱིབས་གཉན་རིམས་ཀྱི་ཐེམ་སྤང་བཀའ་རྒྱའི་སྐབས་དང་བསྟུན་ནས། ང་ཚོས་རྒྱ་ནག་གིས་མཐའ་མཚམས་སུ་རྙོག་དྲ་སློང་མགོ་ཚུགས་པ་དང་། ལོ་དེའི་ཕྱི་ཟླ་ ༦ ཚེས་ ༡༥ ཉིན་བོད་དང་རྒྱ་གར་གྱི་ས་མཚམས་སུ་ཁེལ་བའི་གྷལ་ཝན་ལུང་གཞོངས་སུ་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་བར་དྲག་པོའི་འཁྲུག་འཛིང་ཤོར་ཏེ། རྒྱ་གར་གྱི་མཐའ་སྲུང་དམག་མི་ ༢༠ དང་ཉུང་མཐར་རྒྱ་ནག་གི་མཐའ་སྲུང་དམག་མི་ ༤ ཡི་ཚེ་སྲོག་ཤོར་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད། སྐབས་ཐོག་དེར་རྒྱ་ནག་ཕྱོགས་ནས་ཤི་རྨས་ཀྱི་གྲངས་འབོར་གསང་བ་བྱས་ཡོད་ཀྱང་ཕྱིས་སུ་རྒྱ་དམག་ཀྱང་གང་ཙམ་ཤི་རྨས་བྱུང་ཡོད་པའི་གནས་ཚུལ་ཐོན་ཡོད་ལ། ཕྱོགས་གཉིས་བར་ཐེངས་མང་པོར་གྲོས་མོལ་བྱས་ཡོད་ཀྱང་དོན་འབྲས་དེ་ཙམ་ཐོན་མེད་པར་བརྟེན། དམར་འཛིང་དེ་བྱུང་བ་ནས་བཟུང་བསྐྱར་དུ་རྒྱ་དཀར་ནག་གཉིས་བར་འཁོན་འཛིང་ཆེ་རུ་ཕྱིན་ཡོད་པ་མ་ཟད། ཕྱོགས་གཉིས་ནས་མཐའ་མཚམས་བརྟན་སྲུང་ཆེད་གཞུང་ལམ་དང་དམག་དོན་ལྟེ་གནས་སྔར་ལས་མང་པོ་འཛུགས་སྐྲུན་བྱས་ཏེ་དམག་དོན་ནུས་པ་གོང་སྤེལ་དུ་གཏོང་བཞིན་ཡོད་པ་རེད།

བསྟན་འཛིན་ཉི་སྒྲོན་དང་། གསར་འགོད་པ་བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

ཆུ་ཚོད་ ༨ སྔོན་ལ།
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

ཆུ་ཚོད་ ༡༡ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

ཆུ་ཚོད་ ༡༡ སྔོན་ལ།
TTT
Mobile App

ཚེ་རིང་བདེ་སྐྱིད་ལགས་འདི་ལོའི་ཨ་རིའི་ཁུན་སི་གྲོང་ཁྱེར་གྱི་སྟོབས་ཤུགས་ཆེ་བའི་མི་སྣ་ ༡༠༠ ནང་མིང་འདོན་བྱས། 

ཆུ་ཚོད་ ༡༢ སྔོན་ལ།
Mobile App

བལ་ཡུལ་གཞུང་གསར་པས་རྒྱ་ནག་ཚུད་པའི་སུལའང་བལ་ཡུལ་གྱི་ས་ཁོངས་བེད་སྤྱོད་གཏོང་གི་འཇུག་གི་མིན་ཟེར། 

ཆུ་ཚོད་ ༡༢ སྔོན་ལ།
TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

༢༠༢༦/༠༤/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese