མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནང་འདུ་འཛོམས་དམ་དྲག་བྱེད་ཀྱི་ཡོད་པ་དང་བསྟུན་དྲིལ་བསྒྲགས་ཤུགས་ཆེ་རུ་བཏང་།

བོད་ཀྱི་དུས་བབ།
༢༠༢༥/༠༧/༣༠
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོའི་༧སྐུའི་གོ་སྟོན་སྐབས་རྒྱ་ནག་གཞུང་གིས་བོད་ནང་གི་ཡུལ་སྐོར་བ་ཚོས་བོད་སྐོར་སྐད་ཆ་ག་རེ་དྲིས་ནའང་མི་ཤེས་ཞེས་པའི་ཚིག་ལན་གཅིག་རང་འདེབས་དགོས་པའི་བཀའ་རྒྱ་བཏང་འདུག

འབའ་རྫོང་དུ་འཚོགས་མུས་ཡིན་པའི་ཐུན་ཏེ་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས།

འདི་ལོའི་༧སྐུའི་གོ་སྟོན་སྐབས་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་གཙོ་བོར་གྱུར་བའི་བོད་ཁུལ་གྱི་ས་གནས་མང་པོར་དམ་དྲག་བྱས་ཡོད་པ་མ་ཟད། དམིགས་བསལ་གྱིས་མི་མང་འདུ་འཛོམས་བྱེད་པར་བཀག་སྡོམ་ནན་མོ་བྱས་ཡོད་འདུག་ལ། ད་ལྟའང་བོད་ཀྱི་རྒྱལ་ས་ལྷ་སར་དྲག་ཆས་གྱོན་པའི་ཉེན་རྟོག་པ་སྔར་ལས་མང་བ་འགྲེམ་སྤེལ་བྱས་ཏེ་དམ་དྲག་བྱེད་མུས་ཡིན་འདུག

འབྲེལ་ཡོད་བོད་མི་ཞིག་གིས་འདི་ག་བོད་ཀྱི་དུས་བབ་གསར་ཁང་གི་གསར་འགོད་པར། ཉེ་ལམ་༧སྐུའི་གོ་སྟོན་སྐབས་སུ་བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་དུ་དྲག་ཆས་གྱོན་པའི་ཉེན་རྟོག་པ་སྔར་ལས་མང་བ་འགྲེམས་འཇོག་བྱས་ཏེ། ཕྱོགས་ཡོངས་ནས་བོད་མིའི་འགྲོ་འདུག་སྤྱོད་གསུམ་ལ་ལྟ་རྟོག་བྱས་ཡོད་པ་མ་ཟད། ཡུལ་སྐོར་བ་རྣམས་ལ་འབྲེལ་འདྲིས་བྱེད་ཀྱི་ཡོད་མེད་ལྟ་རྟོག་ཤུགས་ཆེན་བྱས་ཡོད་སྐོར་དང་།  ཉིན་ཤས་གོང་དུ་ད་དུང་དྲག་ཆས་ཉེན་རྟོག་པས་མུ་མཐུད་དུ་ལྟ་སྲུང་བྱེད་མུས་ཡིན་པའི་ཁར། གོ་སྟོན་སྐབས་བོད་ཀྱི་མདོ་སྟོད་སྨད་གཉིས་ནས་ཡོང་བའི་བོད་མི་གནས་མཇལ་བ་རྣམས་མགྲོན་ཁང་དུ་བསྡད་ནའང་གནས་ཚུལ་ཚང་མ་ཡར་ཞུ་དགོས་པ་དང་། ལྷ་ས་ནས་གངས་རིན་པོ་ཆེར་གནས་སྐོར་དུ་འགྲོ་བ་ཡིན་ནའང་ཆོག་མཆན་ཞུ་དགོས་སྐོར་དང་།  གོ་སྟོན་སྐབས་ལྷ་སའི་ཡུལ་སྐོར་བ་མང་བའི་ཇ་ཁང་དང་ཆང་ཁང་སོགས་ནས་ཡུལ་སྐོར་བས་བོད་ཀྱི་སྐོར་སྐད་ཆ་དྲིས་ན། མི་ཤེས་ཞེས་ཚིག་ལན་གཅིག་རང་འདེབས་དགོས་པའི་བཀའ་རྒྱ་བཏང་ཡོད་སྐོར་བརྗོད་བྱུང་།

ཡང་གནས་ཚུལ་མཁོ་སྤྲོད་པ་གཞན་ཞིག་གིས་འདི་གའི་གསར་འགོད་པར། རྒྱ་ནག་གཞུང་གིས་ལོ་ལྟར་ཕྱི་ཟླ་གསུམ་པའི་ནང་འགྲིམ་འགྲུལ་གྱི་བདེ་འཇགས་ཞིབ་བཤེར་ཟེར་བ་ཞིག་གི་མིང་ཐོག་ནས། བོད་མིའི་འགྲོ་སྐྱོད་ཐད་དམ་དྲག་སྔར་ལྷག་བྱེད་ཀྱི་ཡོད་པ་མ་ཟད།  གང་བྱུང་ཁ་པར་སོགས་ལ་ཞིབ་བཤེར་བྱེད་ཀྱི་ཡོད་སྐོར་དང་།  འདི་ལོའི་ཕྱི་ཟླ་ ༦ པའི་མཇུག་དང་བདུན་པའི་མགོ་སྟེ། སྐུའི་གོ་སྟོན་སྐབས་གོང་རིམ་ལ་བཀའ་ཁྲོལ་ག་ཚོད་ཞུས་ནའང་། ས་གནས་ཁག་ཅིག་ལ་རྟ་རྒྱུག་དང་ལག་རྩེད་སྤོ་ལོའི་འགྲན་ཚོགས་སོགས་བསྡུ་བཅུག་མེད་པ་མ་ཟད། ས་གནས་ཁག་ཅིག་ཏུ་བསྡུས་པའི་ལག་རྩེད་སྤོ་ལོ་དང་རྟ་རྒྱུག་འགྲན་ཚོགས་སོགས་ལ་དམ་དྲག་ཤུགས་ཆེན་བྱས་ཡོད་སྐོར་བརྗོད་བྱུང་།

གཞན་ཡང་། ཉེ་ལམ་བོད་ནང་གི་རྫོང་རིམ་པ་གསར་འཛུགས་བྱས་པའི་ཉིན་མོ་ཟེར་བ་ཞིག་ཆེད་དུ་སྲུང་གཙི་བྱེད་དུ་བཅུག་ནས་དམར་ཤོག་གི་དྲིལ་བསྒྲགས་ཤུགས་ཆེན་བྱེད་ཀྱི་ཡོད་པའི་ཁར།  ཆེད་དུ་རྒྱ་ནག་གཞུང་དང་དམག་ཤོག་རིང་ལུགས་ལ་བསྟོད་གླུ་ལེན་དུ་འཇུག་གི་ཡོད་འདུག དཔེར་ན།  འདི་ལོའི་ཕྱི་ཟླ་བདུན་པའི་ཆབ་ཆ་རྫོང་ཁོངས་སུ་འཚོགས་པའི་ཁྲི་གཤོག་རྒྱལ་མོའི་རླབས་ཕྲེང་ཟེར་བའི་གླུ་གཞས་དགོང་ཚོགས་ཀྱི་སྡིངས་ཆའི་དཀྱིལ་དུ། རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་ཁྲི་ལོར་བརྟན་པར་ཤོག (伟大的中国共产党万岁) ཅེས་ཡི་གེ་ཆེན་པོ་བྲིས་ནས་རིག་གནས་གསར་བརྗེ་སྐབས་ཀྱི་འབོད་ཚིག་རྙིང་པ་དེ་བསྐྱར་ལོག་རྒྱག་ཏུ་བཅུག་ཡོད་པ་དང་། དེ་བཞིན་ད་ལྟ་འབའ་རྫོང་དུ་འཚོག་བཞིན་པའི་ཐུན་ཏེ་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྟེང་། ལྟད་མོ་བའི་མདུན་དུ་ཞབས་བྲོ་བ་རྣམས་ཀྱིས་རྒྱ་ནག་གི་རྒྱལ་དར་ཁྱེར་ནས་དགའ་བ་དང་དུང་བའི་རྣམ་འགྱུར་ཤུགས་ཆེན་སྟོན་དུ་བཅུག་ཡོད་པ་མ་ཟད།  གར་སྟེགས་ཀྱི་གཡས་གཡོན་སོགས་སུ་རྒྱལ་དར་དམར་པོ་ཧ་ཅང་མང་པོ་སྒྲེང་འཛུགས་བྱེད་དུ་བཅུག་སྟེ། ཀྲུང་གོའི་དེང་རབས་ཀྱི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གསར་པ་ཟེར་བ་དང་། རླབས་ཆེན་གྱི་མགོ་འཁྲིད་ཞི་ཅིན་ཕིན་གྱི་དགོངས་པ་ཟེར་བའི་དམར་ཤོག་གི་དྲིལ་བསྒྲགས་རྣམས་ཞིང་འབྲོག་མང་ཚོགས་ལ་ཤུགས་ཆེན་བསྒྲགས།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༢༠ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༢༠ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese