མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མཐོ་སྒང་གི་འཁྱག་རོམ་བཞུས་རྐྱེན་བལ་ཡུལ་ནང་ཆུ་ལོག་འབྱུང་ཉེན་ཡོད་པའི་ཉེན་བརྡ་བཏང་།

བོད་ཀྱི་དུས་བབ།
༢༠༢༥/༠༧/༣༡
Share on FacebookShare on TwitterShare on EmailShare on Whatsapp

བོད་མཐོ་སྒང་གི་འཁྱག་རོམ་རྣམས་མྱུར་ཚད་མཐོན་པོས་ཞུ་ཡི་ཡོད་སྟབས་བོད་བལ་མཐའ་མཚམས་ཀྱི་མ་གཙང་གཙང་པོ་རྒྱས་ཏེ་ཆུ་རྒྱུད་ཀྱི་ས་བབ་དམའ་སར་ཆུ་ལོག་འབྱུང་ཉེན་ཡོད་པའི་ཉེན་བརྡ་བཏང་འདུག

Flood in Bhotekoshi river washes away Nepal-China border bridge-at-Rasuwagadhi

བོད་ནང་དབྱར་དུས་ཀྱི་ཆར་ཞོད་ཆེ་བ་སོགས་ཀྱིས་བོད་བལ་མཐའ་མཚམས་ཀྱི་མ་གཙང་གཙང་པོ་ (Bhotekoshi River) རྒྱས་ཏེ། བལ་ཡུལ་མཐའ་མཚམས་ར་སུ་ཝ་རྫོང་ཁོངས་སུ་ཆུ་ལོག་བརྒྱུགས་ཡོད་པ་དང་། ས་གནས་ཀྱི་དྷར་མ་ཀ་ཊ་ (Dharmakata) ཟེར་བའི་ཟམ་པ་དེའང་ཆུས་འཁྱེར་ཡོད་འདུག  ར་སུ་ཝ་ (Rasuwa) རྫོང་དང་། ནུ་ཝ་ཀོ་ཊི་ (Nuwakot)། དྷ་དྷིང་ (Dhading) རྫོང་ཁུལ་དུ་ཆུ་ལོག་འབྱུང་ཉེན་ཡོད་པའི་ཉེན་བརྡ་བཏང་ཡོད་འདུག

དེ་འབྲེལ་བལ་ཡུལ་གྱི་ར་སུ་ཝ་རྫོང་གི་རྫོང་དཔོན་གཞོན་པ་དྷུ་རུ་པཱ་ (Dhruba Prasad Adhikari) ཡིས། ཐེངས་འདིར་ཆུ་ལོག་གི་གནོད་སྐྱོན་བྱུང་བར་བརྟེན། རྒྱུག་ཆུའི་ཉེ་འཁྲིས་ཀྱི་དམའ་སར་གནས་སྡོད་བྱེད་མཁན་རྣམས་ཀྱིས་ངེས་པར་དུ་ཡིད་གཟབ་བྱ་དགོས་པའི་ཉེན་བརྡ་བཏང་ཡོད་པ་དང་སྦྲགས། ས་གནས་ཀྱི་ཉ་པ་དང་བུད་ཤིང་འཐུ་མཁན་ཡུལ་མི་རྣམས་ཀྱིས་གནས་སྐབས་རིང་ཉ་འཛིན་པ་དང་བུད་ཤིང་འཐུ་བའི་ལས་དོན་སོགས་མཚམས་འཇོག་དགོས་སྐོར་བཀའ་རྒྱ་བསྒྲགས་ཡོད་འདུག་ལ། རྫོང་ཁོངས་ཀྱི་ཛ་དྲག་མྱུར་སྐྱོབ་ཚན་པ་དང་ས་གནས་ཀྱི་མྱུར་སྐྱོབ་ཚན་པས་གནོད་ཐེབས་ས་ཁུལ་དུ་མྱུར་སྐྱོབ་བྱེད་མུས་ཡིན་འདུག

བལ་ཡུལ་གྱི་གནམ་གཤིས་བརྟག་དཔྱད་ཁང་གིས་ཞིབ་འཇུག་བྱས་ཏེ་བསྒྲགས་པ་ལྟར་ན། ཆུ་ལོག་འབྱུང་རྐྱེན་གཙོ་བོ་ནི་བོད་ནང་གི་གཏན་འཇགས་འཁྱག་རོམ་ (Permafrost)མྱུར་ཚད་མཐོན་པོས་ཞུས་ཏེ་རྒྱུག་ཆུར་འདྲིས་བ་དང་། ཆར་ཞོད་ཆེ་བའི་རྐྱེན་གིས་ཆུ་ལོག་གི་ཉེན་ཁ་བྱུང་ཉེན་འདུག་ལ། ཟླ་འདིའི་ཕྱི་ཚེས་ ༨ ཉིན་བལ་ཡུལ་གྱི་ར་སུ་ཝ་རྫོང་དུ་ཆུ་ལོག་བྱུང་སྟེ་མི་གྲངས་ ༡༨ ཙམ་གར་སོང་ཆ་མེད་དུ་གྱུར་ཡོད་འདུག

འདས་ལོའི་ཕྱི་ཟླ་ ༨ ཚེས་ ༡༨ ཉིན་རྒྱ་ནག་གིས་བཙུགས་པའི་བོད་མཐོ་སྒང་ཞིབ་འཇུག་ཚན་རིག་གླིང་ (Institute of tibetan plateau research chinese academy of sciences) གིས་བོད་མཐོ་སྒང་གི་ཁོར་ཡུག་འགྱུར་ལྡོག་ཐད་ཞིབ་འཇུག་བྱས་པའི་གྲུབ་དོན་ཕྱིར་བསྒྲགས་བྱས་པ་ལྟར་ན། འདས་པའི་ལོ་ངོ་ ༥༠ ནང་བོད་མཐོ་སྒང་གི་གནམ་གཤིས་དྲོད་ཚད་ལོ་བཅུ་རེའི་ནང་ ༠།༤ འཕར་བཞིན་ཡོད་ལ། དེ་ནི་གོ་ལ་སྤྱིའི་དྲོད་ཚད་ལས་ལྡབ་གཉིས་ལྷག་ཡིན་ཞིང་། མ་འོངས་པར་བོད་མཐོ་སྒང་གི་དམའ་སའི་འཁྱག་རོམ་རྣམས་རྩ་མེད་དུ་གྱུར་ཏེ་བོད་ཀྱི་སྣོད་བཅུད་གཉིས་ལ་ཉེན་ཁ་ཆེན་པོ་ཡོང་ཉེན་ཡིན་སྐོར་དང་། ད་ལྟའི་གནས་བབ་ལ་གཞིགས་ན་དུས་རབས་ཉེར་གཅིག་པའི་མཇུག་ཏུ་བོད་མཐོ་སྒང་གི་ས་འོག་འཁྱག་རོམ་དག་བརྒྱ་ཆ་ ༥༠ ལྷག་མེད་པར་ཆགས་རྒྱུ་ཡིན་སྐོར་བརྗོད།

རྒྱ་ནག་གི་བོད་མཐོ་སྒང་གི་ཁོར་ཡུག་ཉམས་ཞིབ་པ་ཝུའུ་ཀང་ཅན་གྱིས་ཁོར་ཡུག་གི་ཉེན་ཚབས་འགྲེལ་བརྗོད་བྱས་པ། ༢༠༢༤།༨

ཕྱི་ལོ་ ༢༠༢༠ ལོར་རྒྱ་ནག་གི་མཐོ་སྒང་འཁྱག་རོམ་ཉམས་ཞིབ་པ་དང་ཚན་རིག་པ་ཆིན་ཤང་ (Qin Xiang) ཞེས་པ་དེས། འདས་པའི་ལོ་ངོ་ ༦༠ ནང་བོད་མཐོ་སྒང་གི་འཁྱག་རོམ་མགྱོགས་ཚད་མཐོན་པོས་ཇེ་སྲབ་ཏུ་ཕྱིན་པ་དེ་བློ་འཚབ་སྐྱེ་གཞི་ཞིག་ཡིན་ལ། རྒྱུག་ཆུའི་མགོ་ཁུངས་མེད་པར་གྱུར་ནས་སྐམ་པ་དང་། བྱེ་ཐང་དུ་གྱུར་བ། འཁྱག་རོམ་གྱི་བཞུ་ཚད་མགྱོགས་རྐྱེན་གློ་བུར་དུ་མཚོ་མོ་འཁྱིལ་བ་དང་། ཆུ་ལོག་བྱུང་བ་སོགས་ནི་འགྱུར་ལྡོག་ཆེ་ཤོས་ཤིག་ཡིན་སྐོར་བརྗོད་ཡོད་པ་རེད།

བོད་མཐོ་སྒང་ནི་འཛམ་གླིང་སྤྱིའི་ས་བབ་ལས་ཧ་ཅང་མཐོ་བས་འཁྱག་རོམ་རྒྱ་ཆེ་ལ་མཐུག་ཚད་ཟབ་པ་མ་ཟད། ཚན་རིག་པ་ཚོས་བོད་ནི་འཛམ་གླིང་གི་སྣེ་གསུམ་པར་ངོས་འཛིན་བྱེད་ཀྱི་ཡོད་ལ།  ཨེ་ཤ་ཡའི་ཆུ་བོ་ཆེན་པོ་བཅུ་གྲངས་ཀྱི་མགོ་ཁུངས་ཡིན་པར་བརྟེན། བོད་ནི་ཨེ་ཤ་ཡའི་ཆུ་མཛོད་དུ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་། ཕྱི་ལོ་ ༡༩༥༠ ནང་ནས་བཟུང་རྒྱ་ནག་གཞུང་གིས་བོད་ས་ཡོངས་སུ་བཙན་བཟུང་བྱས་རྗེས། བོད་མཐོ་སྒང་དུ་མི་འབོར་འབོར་ཆེན་གནས་སྤོར་གྱིས་འཛུགས་སྐྲུན་རྒྱ་ཆེན་པོ་བྱས་པ་དང་། གཏེར་རིགས་སྔོག་འདོན། ཤིང་ནགས་གཅོད་འབྲེག་ཚད་ལས་བརྒལ་བ་བྱེད་བཞིན་ཡོད་སྟབས། བོད་མཐོ་སྒང་གི་ཁོར་ཡུག་དང་གནམ་གཤིས་ལ་གསབ་ཏུ་མེད་པའི་གནོད་སྐྱོན་ཐེབས་བཞིན་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༢༠ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༢༠ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese