མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ད་ལོར་བོད་ནས་ཤར་ཏུར་ཀི་སི་ཐན་བར་གྱི་མེ་འཁོར་ལྕགས་ལམ་གསར་རྒྱག་གི་ལས་གཞི་མགོ་འཛུགས་རྒྱུ་ཡིན་འདུག  

བོད་ཀྱི་དུས་བབ།
༢༠༢༥/༠༨/༡༢
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོ་ནས་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་ནས་ཤར་ཏུ་ཀི་སི་ཐན་གྱི་ཧོ་ཏན་བར་མེ་འཁོར་ལྕགས་ལམ་གསར་རྒྱག་གི་ལས་གཞི་མགོ་བཙུགས་ཏེ་ཕྱི་ལོ་ ༢༠༣༥ ནང་ཚུད་ཡོངས་སུ་འགྲུབ་རྒྱུའི་ཚོད་དཔག་བྱེད་ཀྱིན་འདུག

A train pulled by an NJ2 locomotive travels on the Qinghai–Tibet railway in 2008 | Wikimedia Commons

འདས་པའི་ལོ་ཤས་གོང་འཕགས་བོད་མཐའ་མཚམས་སུ་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་བར་གདོང་ཐུག་བྱུང་རྗེས་མཐའ་མཚམས་ཁུལ་དུ་ཕྱོགས་གཉིས་ཀས་གཞུང་ལམ་དང་དམག་སྒར་སོགས་འཛུགས་སྐྲུན་གྱི་ལས་གཞི་ཤུགས་ཆེན་པོ་སྤེལ་མུས་ཡིན་པ་ལྟར། འདི་ལོ་ནས་རྒྱ་ནག་གཞུང་གིས་ཨ་སྒོར་ཐེར་འབུམ་ ༡༣.༢ ཡི་འགྲོ་གྲོན་བཏང་སྟེ། བོད་ཀྱི་རྒྱལ་ས་ལྷ་ས་ནས་ཤར་ཏུར་ཀི་སི་ཐན་བར་སྤྱི་ལེ་ ༥༠༠༠ ལྷག་ཡོད་པའི་མེ་འཁོར་ལྕགས་ལམ་གསར་རྒྱག་གི་ལས་གཞི་དེ་དངོས་སུ་མགོ་འཛུགས་རྒྱུ་ཡིན་འདུག

རྒྱ་ནག་ཧུའུ་པའེ་རུ་རྟེན་གཞི་བྱས་པའི་ཧྭ་ཡན་དངུལ་རྩ་ཚད་ཡོད་ཚོང་གཉེར་ཁང་(Huayuan Securities Co., Ltd.) གིས་སྤེལ་བའི་གནས་ཚུལ་ནང་། ཤར་ཏུར་ཀི་སི་ཐན་དང་བོད་ཀྱི་ལྕགས་ལམ་ལས་བཟོ་ཁང་(XTRC) ཟེར་བ་དངོས་སུ་ཐོ་འགོད་བྱས་ཏེ། ལས་གཞི་འདི་ཕྱི་ལོ་ ༢༠༣༤ ནང་ཚུད་ཡོངས་སུ་འགྲུབ་པ་བྱས་ཏེ། ས་གནས་མི་མང་དང་ཡུལ་སྐོར་བའི་འགྲོ་འོང་སྟབས་བདེ་རུ་གཏོང་རྒྱུ་ཡིན་སྐོར་བརྗོད་འདུག

ད་ལྟ་རྒྱ་ནག་གཞུང་གིས་གསར་རྒྱག་བྱ་འཆར་ཡོད་པའི་ལྕགས་ལམ་བཞི་ལྡན་གྱི་མེ་འཁོར་ལྕགས་ལམ་དེ་ནི། བོད་ཀྱི་རྒྱལ་ས་ལྷ་ས་ནས་གཞིས་ཀ་རྩེ་བར་གྱི་མེ་འཁོར་ལྕགས་ལམ་དང་། ཤར་ཏུར་ཀི་སི་ཐན་གྱི་ཧོ་ཏན་(Hotan) ནས་གཞིས་ཀ་རྩེ་བར་གསར་རྒྱག་བྱ་འཆར་ཡོད་པའི་ལྕགས་ལམ་གཉིས་མཐུད་འཆར་ཡོད་ཅིང་། ལྕགས་ལམ་དེ་བོད་ཀྱི་ལྷུན་རྩེ་རྫོང་ནས་མངའ་རིས། འཕགས་བོད་མཐའ་མཚམས་ཀྱི་རུ་ཐོག་རྫོང་སོགས་བརྒྱུད་ནས་ཤར་ཏུར་ཀི་སི་ཐན་གྱི་ལྷོ་ནུབ་ཀྱི་ཧོ་ཏན་གྲོང་ཁྱེར་བར་གཏུག་རྒྱུ་ཡིན་འདུག རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༠༨ ཙམ་ནས་འཆར་གཞི་དེ་བསྒྲིགས་ཡོད་ཅིང་། ཕྱི་ལོ་ ༢༠༢༢ ལོར་ལྕགས་ལམ་གསར་རྒྱག་གི་ཞིབ་འཇུག་དང་འཆར་འགོད་དངོས་སུ་མགོ་བརྩམས་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༧ ཚེས་ ༢༣ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ། རྒྱ་གར་གྱི་ཤར་ཨེ་ཤ་ཡའི་ཟུང་དྲུང་སྐུ་ཞབས་གྷ་རན་གྷ་ལལ་དྷ་སི་(Gourangalal Das) ལགས་ཀྱིས་སྣེ་འཁྲིད་པའི་རྒྱ་གར་གྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས། རྒྱ་ནག་མཐའ་མཚམས་དང་མཚོ་ཁུལ་གྱི་གནད་དོན་ལས་ཁུངས་ (Boundary and Oceanic Affairs Department)ཟེར་བའི་འགན་འཛིན་ཧོང་ཉིང་(Hong Liang)གིས་སྣེ་འཁྲིད་པའི་རྒྱ་ནག་གི་སྐུ་ཚབ་ཚོགས་ཆུང་ཞིག་ལ་ཐུག་འཕྲད་བྱས་ཏེ། རྒྱ་ནག་དཀར་ནག་གཉིས་ཀྱིས་འཕགས་བོད་མཐའ་མཚམས་ཁུལ་དུ་འཛུགས་སྐྲུན་དང་མཉམ་ལས་བྱེད་ཕྱོགས་ཀྱི་སྐོར་ལ་གྲོས་མོལ་བྱས་ཡོད་ཀྱང་། ཉེ་ལམ་རྒྱ་ནག་གཞུང་གིས་བོད་ཀྱི་ཡར་ཀླུང་གཙང་པོར་འཛམ་གླིང་གི་ཆུ་རགས་ཆེ་ཤོས་གསར་རྒྱག་དང་། ད་ལྟ་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ས་ཐིག་ (LAC) ཁུལ་དུ་འཛུགས་སྐྲུན་རྒྱ་ཆེན་པོ་བྱས་པ་དེས་རྒྱ་གར་སོགས་ལ་བློ་འཚབ་ཆེན་པོ་བཟོ་ཡི་ཡོད་པ་རེད།

རྒྱ་ནག་གཞུང་གི་བོད་ཁུལ་གྱི་ལོ་ལྔ་ཚན་བཅུ་གསུམ་པའི་ལྕགས་ལམ་ལམ་ཐིག

ཕྱི་ལོ་ ༢༠༢༣ ཟླ་ ༢ ཚེས་ ༨ ཉིན་བོད་རང་སྐྱོང་ལྗོངས་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་ཟེར་བས་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་དང་དུས་ཡུན་རིང་འབྲིང་གི་ལྕགས་ལམ་དྲ་བའི་འཆར་འགོད་ཟེར་བ་ཞིག་ཡོངས་བསྒྲགས་བྱས་པའི་ནང་། ཕྱི་ལོ་ ༢༠༣༥ ལོ་བར་དུ་བོད་ལྗོངས་ཀྱི་ལྕགས་ལམ་དྲ་བའི་གཞི་ཁྱོན་སྤྱི་ལེ་སྟོང་ ༥ ཡན་ཟིན་རྒྱུ་དང་། ལྷ་ས་གཙོ་བོར་བཟུང་བའི་བོད་ལྗོངས་ནང་ཁུལ་གྱི་ས་གནས་རིམ་པའི་སྲིད་འཛིན་ཁུལ་ཚང་མར་ཁྱབ་དགོས་པ་མ་ཟད། ཤར་ཏུར་ཀི་སི་ཐན་དང་མཚོ་སྔོན། སི་ཁྲོན། ཡུན་ནན་སོགས་སྦྲེལ་རྒྱུ་དང་། འགག་སྒོ་ཁག་ལའང་འབྲེལ་བ་མཐུད་རྒྱུ་ཡིན་པའི་ཁར།  བོད་གཞིས་རྩེ་ནས་ལྷ་ས་དང་ལྷོ་ཁ། ཉིང་ཁྲི། ཆབ་མདོ། ཁྲེན་ཏུའུ་བར་དང་། མངའ་རིས་ནས་ནག་ཆུ་དང་ཆབ་མདོ་བར་དང་། ཧོ་ཏན་ནས་མངའ་རིས་དང་གཞིས་རྩེ། ལྷ་ས། ལྷོ་ཁ། ཉིང་ཁྲི། སེམས་ཀྱི་ཉི་ཟླ། ལི་ཅང་བར། ཟི་ལིང་ནས་གོར་མོ་དང་ནག་ཆུ། ལྷ་ས་བར། ཟི་ལིང་ནས་སྐྱེ་རྒུ་དང་ཆབ་མདོ་བར་བཅས་ལ་ལྕགས་ལམ་མཐུད་རྒྱུ་ཡིན་ལུགས་བསྒྲགས་ཡོད་པ་རེད།

འདས་པའི་ལོ་ཤས་རིང་རྒྱ་ནག་གཞུང་གིས་མཚོ་བོད་ལྕགས་ལམ་དང་། ཁྲོན་བོད་ལྕགས་ལམ་ཟེར་བ་སོགས་འཛུགས་སྐྲུན་བྱས་ཏེ་བོད་ཁུལ་གང་སར་ལྕགས་ལམ་གྱིས་མཐུད་བཞིན་ཡོད་ལ། རྒྱ་ནག་གཞུང་གིས་བཅད་བགོས་བྱས་པའི་བོད་ནང་གི་ཞིང་ཆེན་ཟེར་བ་དང་། རྫོང་རིམ་པ་བཅས་མཐུད་ནས་བོད་ནང་འབྱོར་འབྲིང་སྤྱི་ཚོགས་དང་དེང་རབས་ཕྱུག་འགྱུར་ཅན་གྱི་ལམ་དུ་སྐྱོད་བཞིན་ཡོད་ལུགས་དྲིལ་བསྒྲགས་ཤུགས་ཆེན་བྱེད་ཀྱིན་ཡོད་ཀྱང་། རྒྱ་ནག་གཞུང་གིས་འགྲུམ་འགྲིལ་སྟབས་བདེ་རུ་བཏང་བའི་རྐྱེན་གྱིས་བོད་མཐོ་སྒང་དུ་གཞིས་སྤོར་བ་སྔར་ལས་ཇེ་མང་དུ་འགྲོ་བཞིན་ཡོད་པ་མ་ཟད། གནད་དོན་དབྱེ་ཞིབ་པ་མང་པོས་བོད་ཀྱི་ས་གནས་གང་ཞིག་ལ་ས་བྱི་ཞི་རྒོལ་ཆེན་མོ་ལྟ་བུའི་ཛ་དྲག་གནས་ཚུལ་བྱུང་ཚེ་དེ་མ་ཐག་ཏུ་དྲག་ཆས་དམག་དཔུང་གཏོང་ཆོག་ཆོག་གི་གྲ་སྒྲིག་ཨང་གསར་བྱེད་བཞིན་ཡོད་སྐོར་རྗོད་ཀྱི་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༢༠ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༢༠ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese