མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞི་ཅིན་ཕིན་གྱི་པེ་ཏེ་ཧིའི་དུས་སྐབས།

བོད་ཀྱི་དུས་བབ།
༢༠༢༥/༠༨/༡༥
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་པ་པོ། ཨིན་ཏི་ལི།
བོད་སྒྱུར་བ། བྱམས་པ་ཚེ་རིང་།
འགྱུར་རྩོམ་ཁུངས། བོད་ཀྱི་དུས་བབ།

中国国家主席、中共总书记习近平。 © Evgenia Novozhenina / POOL / AFP

གཟའ་ལྷག་པའི་ཉིན་ཧོང་ཀོང་གི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་བདུན་པའི་ཟླ་མཇུག་ཏུ་རྒྱ་ནག་ཆབ་སྲིད་ལྷན་ཁང་གི་ཚོགས་འདུ་འཚོགས་རྗེས། འགྲོ་ལུགས་ལྟར་ཕྱི་ཟླ་བརྒྱད་པའི་ཟླ་མགོར་རྒྱ་ནག་གཞུང་གི་མགོ་ཁྲིད་ཚོ་བདུན་ཕྲག་གཉིས་རིང་པེ་ཏེ་ཧི་རུ་ངལ་གསོའི་རྣམ་པའི་ལས་དོན་བསྒྲུབ་རྒྱུ་ཡིན་པ་རེད།

པེ་ཏི་ཧི་འདི་མའོ་ཙེ་ཏུང་གི་དུས་སྐབས་ལྟར་དེ་འདྲའི་གསང་བ་ཞིག་མིན། ཀྲུང་ནན་ཧེ་གོང་མའི་ཕོ་བྲང་དང་། པེ་ཏི་ཧེ་དབྱར་ཁའི་ཕོ་བྲང་སྟེ། མཐོ་རིམ་དཔོན་རིགས་ཚོས་པེ་ཏེ་ཧི་རུ་དབྱར་ཁའི་སྤྲོ་གསེང་གཏོང་བའམ།  ཧ་ཅང་གལ་གནད་ཆེ་བའི་ལམ་ལུགས་འཐབ་རྩོད་རྣམས་ཐག་གཅོད་བྱེད་པའི་གསང་བའི་ཚོགས་འདུ་རེད།

ཚོགས་འདུ་ཡོངས་གྲགས་བྱས་མེད་ཀྱང་། པེ་ཏི་ཧེ་ནི་རྒྱ་ནག་དམར་ཤོག་གཞུང་གི་དབང་ཆའི་མཚོན་རྟགས་གལ་ཆེན་ཞིག་ཡིན། རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་ལ་རྒྱུས་མངའ་ཡོད་མཁན་ཚང་མས་ཚོགས་འདུ་ཆུང་ཆུང་ནི་ཚོགས་འདུ་ཆེན་པོ་ལས་གལ་ཆེ་བ་ཤེས་ཀྱི་ཡོད་པ་རེད། ཧུའུ་ཡའོ་པང་གི་སྤྱི་ཁྱབ་དྲུང་ཆེའི་ལས་གནས་དེ་བློ་མཐུན་རྒན་པ་ཁག་གིས་དམར་ཤོག་ནང་ཁུལ་གྱི་འཚོ་བའི་ལྷན་ཚོགས་ཟེར་བའི་ཐོག་ནས་ཐག་གཅོད་བྱས་པ་ཞིག་རེད། དེ་བཞིན་ཀྲའོ་ཙི་ཡང་གི་དབང་ཆ་ཤོར་བ་དེའང་ཏིན་ཞའོ་ཕིན་གྱི་ཁྱིམ་ནས་འཆར་འགོད་བྱས་པ་ཞིག་རེད།

པེ་ཏི་ཧིའི་ཚོགས་འདུ་མེད་པ་དེས་ཀྲུང་ནན་ཧའེ་རུ་ལྷིང་འཇགས་ཡིན་པའི་ནང་དོན་མ་རེད།

ནམ་རྒྱུན་འགྲིམ་འགྲུལ་དོ་དམ་དང་མཁའ་དབྱིངས་དོ་དམ་ཚོད་འཛིན་མངོན་གསལ་ཡིན་པ་ལས་གཞན་མི་ཆེན་སུ་གང་ཁུལ་དེར་མཐོང་རྒྱུ་མེད། ཁོ་ཚོ་ཕྱིར་མངོན་དུས་ནི་གུང་སེང་རྫོགས་སྐབས་ཡིན་ལ། དེ་དུས་ཚན་རྩལ་མི་སྣ་སོགས་ལ་ཐུག་འཕྲད་བྱེད་ཀྱི་ཡོད་པ་དེས་མགོ་འཁྲིད་རྣམས་ཕྱིར་ཀྲུང་ནན་ཧེ་ལ་ལོག་གི་ཡོད་པའི་དོན་དག་རེད།

པེ་ཏེ་ཧི་ནི་ཧ་ཅང་གི་གསང་བ་ཞིག་ཡིན་ལ། རྒྱ་ནག་གཞུང་གི་མི་སྣ་ཨང་དང་པོ་ཞིས་ཅིན་ཕིན་གྱི་འགུལ་སྐྱོད་ཀྱང་ཧ་ཅང་གསང་བ་ཡིན། ཉེ་ལམ་བྷི་ར་ཛིལ་གྱི་ཕྱི་སྲིད་བློན་ཆེན་གྱིས་འཛམ་གླིང་གི་རྒྱལ་ཁབ་བཅུའི་ཚོགས་ཆེན་སྟེང་དུ་ཆེད་བསྟོད་ཐོབ་པའི་རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་གྱིས་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་སྤྲོད་པར་ཁེ་ཕན་ཡོད་པར་ངོས་འཛིན་པའི་རྒྱལ་ཁབ་བཅུའི་ལྷན་ཚོགས་ཐོག་མཉམ་ཞུགས་བྱེད་པའི་སྒྲིག་ལམ་གཏོར་བ་འདིས། སྔར་ལས་ཞི་ཅིན་ཕིན་གྱི་གསང་བའི་སེམས་ཚོར་ཇེ་ཟབ་ཏུ་གྱུར།

ད་དུང་ཞི་ཅིན་ཕིན་མཉམ་ཞུགས་ཐུབ་ཀྱི་མེད་པར་བརྟེན་རྒྱ་ནག་དང་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་འདུ་གལ་ཆེན་དེའི་ཚོགས་ཡུལ་སྦིལ་ཛིལ་ནས་པེ་ཅིན་དུ་བརྗེ་བོ་བརྒྱབ་པ་དང་། རེས་གཟའ་ཕུར་བུའི་ཉིན་ཞི་ཅིན་ཕིན་གྱིས་ཡུ་རོབ་མཐུན་ཚོགས་ཀྱི་མགོ་ཁྲིད་རྣམ་དང་ཐུག་འཕྲད་བྱ་རྒྱུ་བྱས།

ཞི་ཅིན་ཕིན་ཕྱི་རྒྱལ་ཁག་ཏུ་སྐྱོད་པ་མངོན་གསལ་དོད་པོས་ཉུང་དུ་ཕྱིན་ཡོད། འདི་ལོའི་དབྱར་ཁར་ཁོའི་སྐོར་ལ་དབྱེ་ཞིབ་དང་ཚོད་དཔག་མང་པོ་བྱུང་ཡོད། ཁག་ཅིག་གིས་ཞི་ཡི་གཟུགས་པོའི་འཕྲོད་བསྟེན་གྱི་དཀའ་ངལ་དང་། ཡང་ཁོའི་དབང་ཆ་འཕོ་འགྱུར་བྱུང་བ་སོགས་བརྗོད་ཡོད་པ་རེད།

ཕྱི་ཟླ་ ༦ པའི་ཟླ་མཇུག་ཏུ་རྒྱ་ནག་ཆབ་སྲིད་ལྷན་ཁང་གི་རྒྱ་ནག་དབུས་ལས་དོན་ཐག་གཅོད་གྱི་མཐུན་སྦྱོར་རྩ་འཛུགས་སྲོལ་ཡིག་བསྐྱར་ཞིབ་ཚོགས་འདུའི་སྤྱི་བསྒྲགས་ཀྱིས་སླར་ཡང་ཚོད་དཔག་འདྲ་མིན་སྣ་ཚོགས་བསླངས་ཡོད་པ་རེད། ཚོགས་འདུའི་སྤྱི་བསྒྲགས་ཀྱིས་གོམ་གང་མདུན་སྤོས་ཀྱིས་དབུས་དམར་ཤོག་གཞུང་གི་ལས་དོན་ཐག་གཅོད་ཀྱི་རྩ་འཛུགས་འཛུགས་སྐྲུན་དང་ལས་འགན། བྱ་བ་བཅས་ཀྱི་སྤུས་ཚད་ཇེ་ལེགས་སུ་གཏོང་རྒྱུར་དམིགས་པ་ཡིན་སྐོར་བརྗོད་ཡོད་པ་རེད།

འདིས་ཞི་ཅིན་ཕིན་གྱི་དབང་ཆ་ཉམས་དམས་སུ་གཏོང་གི་ཡོད་པ་མཚོན་གྱི་ཡོད་པ་མ་རེད་དམ། ཕྱི་ཟླ་ ༧ ཚེས་ ༢༡ ཉིན་བྷི་བྷི་སི་གསར་ཁང་གི་རྒྱ་ནག་ཆབ་སྲིད་ལྷན་ཁང་གི་སྤྱི་བསྒྲགས་གིས་དོ་སྣང་སློང་བ་ཞེས་པའི་ཞི་ཅིན་ཕིན་གྱིས་སྲིད་དབང་རྒྱུན་སྐྱོང་བྱེད་པར་གྲ་སྒྲིག་བྱེད་བཞིན་ཡོད་སྐོར་གྱི་གནས་ཚུལ་ནང་དུ།  ཆེད་མཁས་པས་བསམ་ཚུལ་ཆེན་པོ་གཉིས་ལུང་འདྲེན་བྱས་པ་དང་པོ་ནི། ཐག་གཅོད་གསར་པས་ཞི་ཅིན་ཕིན་གྱི་དབང་ཆ་སྲ་བརྟན་ལ་རོགས་འདེགས་བྱས་ཏེ། གྲོས་གཞིའི་རིམ་པ་སྔར་ལས་ནུས་ལྡན་དུ་འགྱུར་བར་དམིགས་ཡོད་སྐོར་དང་། གཉིས་པ་ནི་ཐག་གཅོད་དེ་ནི་སྒྲིག་འཛུགས་ཅན་གྱི་ལམ་ལུགས་ནང་ཞི་ཡི་དབང་ཆ་གཅོག་ཐབས་དང་། དབང་ཆ་གཅིག་སྡུད་ཚད་བརྒལ་གྱིས་བཟོས་པའི་ཕྱིའི་ཤུགས་རྐྱེན་ཉུང་དུ་གཏོང་བར་དམིགས་ཡོད་སྐོར་བརྗོད་ཀྱི་ཡོད་པ་རེད།

རྒྱ་ནག་གི་ཆབ་སྲིད་གནས་སྟངས་ལ་རྒྱུས་མངའ་ཡོད་མཁན་ཚོས་ཞི་ཅིན་ཕིན་གྱི་སྲིད་དབང་ཉམས་རྒུད་དུ་འགྲོ་བར་ཡིད་ཆེས་བྱེད་དཀའ་བ་རེད། རྒྱ་ནག་དམར་ཤོག་ཚོགས་ཆེན་ཐེངས་ ༡༨ ནས་ ༢༠ བར་ཁོས་དབང་ཆ་ཡོད་ཚད་གཅིག་བསྡུས་བྱས་ཏེ་ཚེ་གང་བོར་ཆབ་སྲིད་འཛིན་པའི་ལམ་ཞིག་བསྐྲུན་ཡོད།

དཔལ་འབྱོར་རིག་པ་བས་དབྱེ་ཞིབ་བྱས་པ་ལྟར་ན། ཞི་ཅིན་ཕིན་སྔར་ལས་གསང་བ་ཅན་གྱུར་ཡོད། ཡིན་ནའང་།  ཁོ་དཀའ་རྙོག་གི་གནས་སུ་ལྷུང་བའི་གནས་ཚུལ་དེ་དག་ཚད་ལས་བརྒལ་ཡོད། ཞི་ཡིས་རང་ཉིད་ལ་ཡིད་ཆེས་བྱེད་མཁན་ཚོ་རྒྱུན་ལས་ལྷན་ཚོགས་གལ་ཆེན་ཁག་གི་དོ་དམ་པར་བསྐོ་བཞག་བྱེད་ཀྱི་ཡོད་པ་རེད། ཡིན་ནའང་། ད་དུང་དབང་ཆ་རྣམས་སོ་སོའི་ལག་ཏུ་བརྟན་པོར་བཟུང་ཡོད་པས། བྱེད་སྟངས་དེ་སྔ་མོར་མའོ་ཙེ་ཏུང་དང་ཏིན་ཞོ་ཕིན་གྱི་བྱེད་སྟངས་དང་འདྲ་བོ་ཡོད་སྐོར་བརྗོད་ཀྱི་ཡོད་པ་རེད།

ཨ་རིའི་(WSJ)གསར་ཁང་གིིས་དབྱེ་ཞིབ་བྱས་པ་ལྟར་ན། ཉེ་བའི་ལོ་ཤས་ནང་ཞི་ཅིན་ཕིང་ཕྱི་རྒྱལ་དུ་འགྲོ་རྒྱུ་ཉུང་དུ་བཏང་ཡོད་པ་དང་། ཐ་ན་ལྷན་ཚོགས་གལ་ཆེན་དེ་འདྲ་ལའང་མཉམ་ཞུགས་བྱེད་ཀྱི་མེད་པར་ཤར་གྱི་མགྲོན་བདག་གི་ཕྱི་འབྲེལ་ཐབས་ལམ་ལ་ཤུགས་སྣོན་རྒྱག་བཞིན་པ་དེ་ནི། ཞི་ཡི་ལོ་ཚད་དང་བསྟུན་ནུས་ཤུགས་སྲུང་སྐྱོབ་དང་། རྒྱལ་ཁབ་ནང་ཁུལ་གྱི་གནད་དོན་ཐག་གཅོད་བྱེད་པར་འབྲེལ་བ་ཡོད་སྲིད་པ་ཞིག་རེད།

ལོ་ ༧༡ དང་ ༧༢ ནི་ལོ་དེ་ཙམ་ཆེན་པོ་བརྩི་ཡི་མེད།  འཛམ་གླིང་གི་དབུ་ཁྲིད་མང་པོས་ལོ་ཚད་དེར་བསླེབས་དུས་ད་དུང་ཡང་ཧུར་པོ་ཡོད་པ་རེད། འདིས་མི་རྣམས་ལ་ཞི་ཅིན་ཕིན་གྱི་འཕྲོད་བསྟེན་གྱི་གནད་དོན་དྲན་པར་བྱེད་ཡོད། འདི་ལོའི་ཕྱི་ཟླ་ ༣ པ་ནས་རྒྱ་ནག་གི་གནད་དོན་དབྱེ་ཞིབ་པའི་ཁྲོད་ཞི་ཅིན་ཕིན་གྱི་འཕྲོད་བསྟེན་གནད་དོན་སྐོར་གྱི་དཀྲོག་གཏམ་ཁྱབ་ཡོད་པ་རེད།

ཡིན་ནའང་། ཕྱི་ཟླ་ ༩ ཚེས་ ༣ ཉིན་པེ་ཅིན་གྱི་དམག་སྦྱོང་ཆེན་མོའི་འཆར་གཞི་རྩིས་མེད་བཏང་མེད་པ་དེས། ཞི་ཡི་འཕྲོད་བསྟེན་གྱི་གནས་སྟངས་གོ་གནས་ནས་མར་འབབ་དགོས་པའི་གནས་བབ་ལས་རིང་དུ་གནས་ཡོད་པ་བསྟན་ཡོད།

ཞི་ཅིན་ཕིན་གྱི་དབང་ཆ་སྔར་བཞིན་ཧ་ཅང་གཅིག་སྡུད་དང་རྒྱ་ཆེན་པོ་རེད།  འཛམ་གླིང་ཐོག་ཁོ་ལྟར་མི་གཅིག་གིས་དབང་ཆ་ཆེན་པོ་འཛིན་མཁན་གྱི་མགོ་ཁྲིད་ཧ་ཅང་ཉུང་ཉུང་རེད། ཚོགས་ཆུང་སྣ་ཚོགས་ཀྱི་ངོ་བོའི་ཐོག་ནས་ཞི་ཅིན་ཕིན་གྱི་བསམ་བློ་དང་། དེའི་ཐོག་རྒྱ་གཞུང་གིས་གཏན་འབེབ་བྱས་པའི་སྲུང་སྐྱོབ་གཉིས་དང་གཏན་འཁེལ་གཉིས་ཁ་སྣོན་བྱས་ཏེ། ཁོས་དབང་སྒྱུར་བའི་དམར་ཤོག་ཚོགས་པས་ཚོགས་མི་ས་ཡ་ ༡༠༠ ཡི་ཤ་ཞེན་ལ་འགན་ལེན་བྱེད་པར་བསམ་བློ་གཏོང་ཕྱོགས་ཀྱི་སྒྲོམ་གཞི་བཟོས་ཡོད།

འོན་ཀྱང་། འདི་འདྲའི་སྟོབས་ཆེན་གྱི་སྲིད་དབང་ཞིག་ཉམས་རྒུད་དུ་འགྲོ་སྲིད་དམ། ཉེ་ཆར་ཨ་རིའི་ཧུ་ཌི་སོན་ལྟེ་གནས་ཁང་གིས་དམར་ཤོག་ཚོགས་པའི་རྗེས་ཀྱི་རྒྱ་ནག  དམར་ཤོག་ཚོགས་པའི་མགོ་ཁྲིད་མེད་པའི་རྒྱ་ནག་ཅིག་ལ་གྲ་སྒྲིག་བྱེད་བཞིན་ཡོད་ཅེས་པའི་ཞིབ་འཇུག་སྙན་ཐོ་རིང་པོ་ཞིག་བཏོན་སྟེ། གནས་ཚུལ་འདི་བྱུང་ཚེ་གདོང་ལེན་བྱེད་ཐབས་ཀྱི་གྲོས་གཞི་ཞིག་བཏོན་ཡོད།

ཕྱི་ལོ་ ༢༠༢༥ ལོའི་རྒྱ་ནག་དམངས་གཙོའི་དུས་དེབ་ཀྱི་དུས་ཚིགས་གསུམ་པའི་ནང་སི་ཊན་ཧྥོར་སློབ་ཆེན་གྱི་རྒྱ་ནག་དཔལ་འབྱོར་དང་སྒྲིག་འཛུགས་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་རྒན་པ་ཝུ་གོ་ཀོང་(Wu Guoguang) ལགས་ལ་བཅར་འདྲི་བྱེད་སྐབས། ཁོང་གིས་ཞི་ཅིན་ཕིན་གྱིས་ལོ་བཅུ་གྲངས་སྲིད་དབང་བཟུང་རྗེས་ཀྱི་དེ་རིང་། དམར་ཤོག་རིང་ལུགས་ཀྱི་བཟང་ངན་གཉིས་ཀའི་ཕྱོགས་མཐོང་རྗེས། རྒྱ་ནག་མ་འོངས་པར་རེ་བ་ཅན་ཞིག་ཏུ་ཁ་ཕྱོགས་པར་དམར་ཤོག་ལམ་ལུགས་ལས་ཐར་བར་བྱེད་དགོས་ལ། དེ་ནི་དམར་ཤོག་ཚོགས་པའི་རྗེས་ཀྱི་རྒྱ་ནག་དེ་ཡིན། སྲིད་དོན་ཆེད་མཁས་པ་འདིའི་དགོངས་ཚུལ་ལྟར་ན། དམར་ཤོག་ཚོགས་པའི་རྗེས་ཀྱི་རྒྱ་ནག་གི་ཕྱོགས་སུ་སྐྱོད་པའི་སྙིང་དོན་ནི་དབང་ཤུགས་ལ་བཀག་སྡོམ་དང་། ཐོབ་ཐང་ལ་འགན་ལེན་བྱེད་པའི་ལམ་ལུགས་ཤིག་འཛུགས་སྐྲུན་བྱེད་པའི་ཆེད་དུ་རེད། འདི་ལྟར་བྱས་ན་དཔལ་འབྱོར་མུ་མཐུད་ནས་འཕེལ་རྒྱས་འགྲོ་ཐུབ་པ་དང་། འཕེལ་རྒྱས་ཀྱི་འབྲས་བུ་མི་མང་ལ་ཕན་ཐོགས་པ། སྤྱི་ཚོགས་སྒྲིག་ལམ་རྒྱུན་གནས་ལྷིང་འཇགས་ཡོང་ཐུབ། སང་ཉིན་གློ་བུར་དུ་མགོ་ཁྲིད་གསར་པ་སུ་ཞིག་གིས་སྲིད་ཇུས་གསར་པ་གང་ཞིག་བཟོས་ཡོང་ཚེ་ཡོད་ཚད་འགྱུར་བ་གཏོང་སྲིད་པའི་སེམས་ཁྲལ་བྱ་མི་དགོས།

རྒྱལ་ཁབ་གཅིག་དང་། དམར་ཤོག་ཚོགས་པ་གཅིག མགོ་འཁྲིད་གཅིག དམར་ཤོག་ཚོགས་པ་དང་རྒྱལ་ཁབ་ངོ་བོ་གཅིག་ཡིན་པའི་རྒྱལ་ཡོངས་རང་ལུགས་ནི་སྟོབས་ཤུགས་འགྲན་ཟླ་བྲལ་བ་ཞིག་ཡིན་ཡང་། ཞི་ཅིན་ཕིན་རང་ངོས་ནས་ཧ་ཅང་སེམས་ཁྲལ་ཆེན་པོ་བྱེད་བཞིན་ཡོད་པ་འདྲ། ཁོས་སྔར་ནས་རྒྱལ་ཁབ་སྲུང་སྐྱོབ་བྱེད་དགོས་སྐོར་གླེང་ཡོད་ལ། ཁོས་དེ་སྔོན་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་མ་བྱས་ན་དམར་ཤོག་ཚོགས་པ་དང་རྒྱལ་ཁབ་མེད་པ་ཆགས་རྒྱུ་ཡིན་པ་ཡང་ཡང་བརྗོད་ཡོད། ཞི་ཡི་ཁ་གཏད་པ་ཚོས་དེ་ནི་དབང་ཆ་གཅིག་ཏུ་བསྡུ་བར་ཁ་གཡར་ས་བཙལ་བར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

ཞི་ཡིས་སྲིད་སྲིད་དབང་བདེ་འཇགས་དང་ཆབ་སྲིད་ཀྱི་བདེ་འཇགས་སྐོར་བཤད་ཀྱི་ཡོད་ཀྱང། གནད་དོན་དབྱེ་ཞིབ་པ་ཁག་ཅིག་གིས་རྒྱ་ནག་གི་དབང་ཤུགས་ཆེ་བའི་མགོ་ཁྲིད་འདི་ལ་བདེ་འཇགས་མེད་པའི་ཚོར་སྣང་ཤུགས་ཆེན་པོ་ཡོང་གི་ཡོད་སྐོར་བརྗོད་ཡོད་པ་རེད།

ཞི་ཡིས་དམར་ཤོག་ཚོགས་པ་ནང་ཁུལ་གྱི་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་མུ་མཐུད་ནས་བྱས་ཡོད་ལ། ཐ་ན་ཚོགས་ཆེན་ ༢༠ པའི་རྗེས་སུ་ཡང་གོ་གནས་གལ་ཆེན་ཚང་མ་རང་ཉིད་ཀྱིས་ཡིད་ཆེས་བྱེད་ས་རྐྱང་རྐྱང་གིས་བཟུང་ཡོད་པའི་ཁོངས་སུའང་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་བྱས་ཡོད་པ་དང་། ལྷག་པར་དུ་དམག་སྡེའི་ནང་གཙང་བཟོ་བྱས་ཏེ་རབ་དང་རིམ་པ་བྱས་ནས་ཁོ་རང་གིས་དངོས་སུ་གོ་གནས་མཐོ་སྤར་བའི་མགོ་འཁྲིད་ཀྱང་གཙང་བཟོ་བྱས་ཡོད་པ་རེད།

ལས་ཀ་འདི་དག་ཚང་མ་ནི་རྒྱལ་ཁབ་སྲུང་སྐྱོབ་དང་རང་ཉིད་ཀྱི་སྲིད་དབང་སྲུང་སྐྱོབ་བྱ་རྒྱུར་དམིགས་པ་ཞིག་རེད། མི་ཁ་ཤས་ཀྱིས་རྒྱལ་ཁབ་འདི་གཏན་དུ་གནས་རྒྱུ་ཡིན་ཡང་རྒྱལ་ཁབ་ཇི་ལྟར་སྟངས་འཛིན་བྱེད་མིན་དང་། རྒྱལ་ཁབ་སྐྱོང་མིན་གྱི་གནད་དོན་རེད། སུས་སྟངས་འཛིན་དང་འཛིན་སྐྱོང་སུས་ཚགས་ཚུད་བྱེད་པར་བལྟ་དགོས། ཞིའི་རྒྱལ་ཁབ་ནི་འདིར་དམར་ཤོག་ཚོགས་པའི་སྲིད་དབང་ཁོ་ནར་གོ་དགོས། འདི་ནི་སྲིད་དབང་གཅིག་སྡུད་ཁོ་ནར་ཡོད་པའི་གནད་དོན་ཞིག་རེད་ལ། ཞི་ཡིས་བཤད་པའི་དམར་ཤོག་ཚོགས་པ་ཆེན་མོ་ཁོ་ནར་ཡོད་པའི་དཀའ་གནད་དེའང་ཡིན་ངེས།

ཞི་ཅིན་ཕིན་གྱིས་གནད་དོན་འདི་དག་ལ་བསམ་བློ་བཏང་དུས་ཕྱི་ཕྱོགས་ནས་རང་བཞིན་གྱིས་གནད་དོན་འདི་དག་མཐོང་གི་ཡོད། གནད་དོན་དབྱེ་ཞིབ་པ་མི་ཉུང་བ་ཞིག་གིས་དོན་དག་འདིའི་ཐོག་ནས་བཤད་ན་ཞི་ཡི་རྗེས་ཀྱི་རྒྱ་ནག་དེ་དོན་སྙིང་མེད་པ་ཞིག་མིན་པའི་འཆར་སྣང་ཡོང་གི་ཡོད་པ་རེད།

མ་རྩོམ་གྱི་འབྲེལ་ཐག https://www.rfi.fr/cn/%E4%B8%AD%E5%9B%BD/20250723-%E4%B9%A0%E8%BF%91%E5%B9%B3%E7%9A%84%E5%8C%97%E6%88%B4%E6%B2%B3%E6%97%B6%E5%88%BB

འབྲེལ་ཡོད་གསར་འགྱུར།

པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

ཆུ་ཚོད་ ༡༠ སྔོན་ལ།
ཉིན་གསུམ་རིང་གི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་གྱི་མཇུག་སྡོམ་མཛད་སྒོ་འཚོགས། ༢༠༢༦།༣།༩། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

འཛམ་གླིང་ཡོངས་ཀྱིས་བོད་དོན་ཐོག་ཆུ་ཚོད་མང་པོ་བཏང་ནས་ལས་ཀ་བྱེད་དགོས་སྐོར་གསུངས།

༢༠༢༦/༠༣/༠༩
Photo Credit: UYGHUR HUMAN RIGHTS PROJECT
Mobile App

ཨི་ཊ་ལིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་མཁན་རྒྱ་རིགས་ ༨ ཕྱིར་ཕུད་བཏང་།

༢༠༢༦/༠༣/༠༩
Prayerwheel being used for Chinese Propaganda in Chushul county, Tibet, Photo: Tibet Times
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཨ་རིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོ་བཏོན། 

༢༠༢༦/༠༣/༠༩
Mobile App

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུ་དབུ་འཛུགས་གནང་སོང་།

༢༠༢༦/༠༣/༠༧
བོད་དོན་རྒྱབ་སྐྱོར་བ་ཝི་ཇི་ཀ་རིན་ཏི་ལགས་ཀྱིས་རྩོམ་སྒྲིག་བྱས་པའི་བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་དཔེ་དེབ་ཅིག་དབུ་འབྱེད་གནང་། ༢༠༢༦།༣།༠༦ དུས་བབ་ཀྱི་པར།
Mobile App

བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་པའི་དེབ་ཅིག་བཏོན།

༢༠༢༦/༠༣/༠༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese