མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་གཞུང་མང་གཉིས་ལ་བཀའ་དྲིན་ཆེ་ཞུས་སོང་།

བོད་ཀྱི་དུས་བབ།
༢༠༢༥/༠༨/༡༥
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཡོངས་ཀྱི་ཚབ་བྱས་ནས་རྒྱ་གར་རང་བཙན་ཉིན་མོར་འཚམས་འདྲི་དང་སྦྲགས་རྒྱ་གར་གཞུང་མང་གཉིས་ལ་བཀའ་དྲིན་ཆེ་ཞུས་སོང་།

CTA celebrated the 79th Indian Independence day with a note of gratitude and good wishes. Photo; tibetimes 2025/8/15

དེ་རིང་དྷ་རམ་ས་ལར་སྨུག་པ་ལང་ལོང་འཐིམ་ཞིང་སྔ་དྲོའི་ཆུ་ཚོད་ ༩།༣༠ ཙམ་གྱི་སྟེང་དུ་བོད་མིའི་སྒྲིག་འཛུགས་ཀྱིས་གངས་སྐྱིད་ཀྱི་སྲི་ཟློག་མཆོད་རྟེན་མདུན་ཐང་དུ་དབྱིན་ཇིའི་དབང་སྒྱུར་འོག་ནས་རྒྱ་གར་ལ་རང་བཙན་ཐོབ་ནས་ལོ་ངོ་ ༧༩ འཁོར་བའི་དུས་དྲན་སྲུང་གཙི་ཞུས་སོང་བ་དང་།  སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་དང་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག བོད་མི་མང་སྤྱི་འཐུས་ཚེ་རིང་དབྱངས་ཅན་མཆོག ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་ནས་ལས་དྲུང་བར་གྱི་ལས་བྱེད་བཅས་འཛོམས་འདུག

སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས། དེ་རིང་རྒྱ་གར་རང་བཙན་ཐོབ་ནས་ལོ་ངོ་ ༧༩ འཁོར་བའི་དུས་དྲན་སྲུང་གཙིའི་ཉིན་མོ་འདིར། བོད་ཕྱི་ནང་གཉིས་ཀྱི་ཚབ་ཞུས་ཏེ་རྒྱ་གར་གཞུང་དང་མི་མང་ཚང་མར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། འཛམ་གླིང་ནང་མང་གཙོའི་རྒྱལ་ཁབ་སྟོབས་ཆེ་ཤོས་ཤིག་རྒྱ་གར་ཆགས་ཀྱི་ཡོད། དེ་བཞིན། མི་འབོར་གྱི་ཆ་ནས་རྒྱ་གར་ཨང་དང་པོ་རེད།  དཔལ་འབྱོར་དང་འཕྲུལ་ཆས་ཀྱི་ཆ་ནས་འདས་པའི་ལོ་ ༧༨ ནང་ལ་རྒྱ་གར་འཛམ་གླིང་གིས་ངོས་འཛིན་ཞུ་དགོས་པའི་སྟོབས་ཆེན་རྒྱལ་ཁབ་ཅིག་ཆགས་ཡོད།

ང་ཚོ་བོད་པ་ཚོ་རྒྱ་གར་དུ་སྐྱབས་བཅོལ་ནས་གནས་བསྡད་ཡོད་སྟབས། ག་དུས་ཡིན་ཡང་ང་ཚོས་རྒྱ་གར་ནི་རྩ་ཆེན་པོ་དང་བཀའ་དྲིན་ཆེན་པོ་ཡིན་པ་དྲན་དང་དྲན་བཞིན་ཡོད།  རྒྱ་གར་རང་བཙན་ཐོབ་ནས་ལོ་ངོ་ ༡༢ ཙམ་ལ་རྒྱ་ནག་གིས་བོད་འཕྲོག་སྟེ་ང་ཚོ་རྒྱ་གར་དུ་སྐྱབས་བཅོལ་ལ་ཡོང་དགོས་པའི་གནས་སྟངས་ཆགས་སྐབས། རྒྱ་གར་ལ་རང་བཙན་ཐོབ་ནས་ལོ་ངོ་བཅུ་གཉིས་ལས་ཕྱིན་མེད་པ་དང་དཔལ་འབྱོར་སོགས་ཕྱོགས་གང་ཅིའི་ཐད་ནས་དཀའ་ངལ་མང་པོ་ཡོད་ནའང་།  བོད་པ་ལ་དགའ་པོའི་ངང་ནས་རྒྱ་གར་དུ་སྡོད་ཆོག་པ་དང་བོད་པའི་ཆོས་དང་རིག་གཞུང་སོགས་གང་ཅིའི་ཐད་ནས་སྲུང་སྐྱོབ་ཐུབ་པ་དང་ཉམས་པ་སླར་གསོ་ཐུབ་ཡོད་པ་ནི་རྒྱ་གར་གཞུང་གི་བཀའ་དྲིན་རེད། དེར་བརྟེན། བོད་མིའི་སྒྲིག་འཛུགས་དང་བོད་ཕྱི་ནང་གཉིས་ཀྱི་ཚབ་ཞུས་ཏེ་རྒྱ་གར་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

ཕྱི་ལོ་ ༡༩༤༧ ཟླ་ ༨ ཚེས་ ༡༥ ཉིན་རྒྱ་གར་ལ་དབྱིན་ཇིའི་དབང་སྒྱུར་འོག་ནས་རང་བཙན་ཐོབ་པའི་ཉིན་མོ་ཡིན་པ་ལྟར། ལོ་རེའི་ཕྱི་ཟླ་ ༨ ཚེས་ ༡༥ ཉིན་རྒྱ་གར་གཞུང་དང་མི་མང་ཡོངས་ནས་རང་བཙན་ཐོབ་པའི་ཉིན་མོ་འདི་སྤྲོ་སེམས་འཁོལ་བའི་ངང་ནས་སྲུང་གཙི་གནང་གི་ཡོད་ལ། བོད་མིའི་སྒྲིག་འཛུགས་དང་བཙན་བྱོལ་དུ་གནས་པའི་བོད་མི་ཚོས་ཀྱང་ལོ་རྟག་པར་རྒྱ་གར་རང་བཙན་ཉིན་མོར་རྒྱ་གར་གཞུང་མང་གཉིས་ལ་འཚམས་འདྲི་དང་བཀའ་དྲིན་ཞུ་སླད་ཉིན་མོ་འདི་སྲུང་གཙི་གནང་མུས་ཡིན་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

ཆུ་ཚོད་ ༤ སྔོན་ལ།
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

ཆུ་ཚོད་ ༧ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

ཆུ་ཚོད་ ༨ སྔོན་ལ།
TTT
Mobile App

ཚེ་རིང་བདེ་སྐྱིད་ལགས་འདི་ལོའི་ཨ་རིའི་ཁུན་སི་གྲོང་ཁྱེར་གྱི་སྟོབས་ཤུགས་ཆེ་བའི་མི་སྣ་ ༡༠༠ ནང་མིང་འདོན་བྱས། 

ཆུ་ཚོད་ ༨ སྔོན་ལ།
Mobile App

བལ་ཡུལ་གཞུང་གསར་པས་རྒྱ་ནག་ཚུད་པའི་སུལའང་བལ་ཡུལ་གྱི་ས་ཁོངས་བེད་སྤྱོད་གཏོང་གི་འཇུག་གི་མིན་ཟེར། 

ཆུ་ཚོད་ ༩ སྔོན་ལ།
TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

༢༠༢༦/༠༤/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese