མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་དུ་ཞབས་སོར་བདེ་བར་འཁོད།

བོད་ཀྱི་དུས་བབ།
༢༠༢༥/༠༩/༠༢
Share on FacebookShare on TwitterShare on EmailShare on Whatsapp

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ལ་དྭགས་ཁུལ་གྱི་ཟླ་གཅིག་དང་ཉིན་ ༢༠ རིང་གི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ། དེ་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་བཞུགས་སྒར་དུ་ཞབས་སོར་བདེ་བར་འཁོད་སོང་།

༸གོང་ས་མཆོག་ལ་ཕེབས་བསུ་ཞུ་བཞིན་པ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༥།༩།༢

དེ་རིང་ཕྱི་ཟླ་ ༩ ཚེས་ ༢ ཉིན་ནི་བོད་ཀྱི་མང་གཙོ་དབུ་བརྙེས་ནས་ལོ་ངོ་ ༦༥ འཁོར་བའི་ཉིན་མོ་ཡིན་པ་དང་བསྟུན། ཉིན་རྒྱབ་ཀྱི་ཆུ་ཚོད་ ༢ ཙམ་ལ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་བཞུགས་སྒར་དུ་ཞབས་སོར་བདེ་བར་འཁོད་སོང་བ་དང་། བོད་མིའི་མང་གཙོ་དུས་དྲན་ཐེངས་ ༦༥ པའི་སྟེང་དུ་འཛམ་གླིང་ཡུལ་གྲུ་གང་སར་ནས་ཕེབས་པའི་སྐུ་མགྲོན་རྣམ་པ་གཙོ་བྱས་པའི་ཕྱོགས་མཐའ་ཁག་དང་བཞུགས་སྒར་ཁུལ་གྱི་མི་མང་བཅས་ནས་དགའ་དད་སྤྲོ་གསུམ་གྱི་ངང་ནས་༸མགོན་པོ་གང་ཉིད་མཆོག་ལ་ཕེབས་བསུ་ཞུས་སོང་།

དེ་རིང་བཞུགས་སྒར་དྷ་རམ་ས་ལར་ཆར་ཞོད་ཆེ་ནའང་། ༸མགོན་པོ་གང་ཉིད་མཆོག་ལ་ཕེབས་བསུའི་ཆེད་དུ་དད་སེར་སྐྱ་བརྒྱ་ཕྲག་བརྒལ་བས་མེག་གྷན་གྱི་རླངས་འཁོར་འབབ་ཚིགས་ནས་ཁྲོམ་གཞུང་ཡོངས་དང་ཕོ་བྲང་གི་སྒོ་འགྲམ་བར་དུ་སེར་ཕྲེང་བསྒྲིགས་ཏེ་ལག་ཏུ་མཇལ་དར་དང་མེ་ཏོག་སོགས་བཟུང་ནས་ཕེབས་བསུའི་སྣེ་ལེན་ཟབ་རྒྱས་ཞུས་སོང་།

སྤྱིར་ཕྱི་ཟླ་ ༧ ཚེས་ ༡༢ ཉིན་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་དྷ་ས་ནས་ལ་དྭགས་སུ་ཆིབས་བསྒྱུར་བསྐྱངས། ཟླ་དེའི་ཕྱི་ཚེས་ ༢༡ ནས་ ༢༥ བར་ལ་དྭགས་ཟངས་དཀར་དུ་ཆིབས་བསྒྱུར་མཛད་དེ་ཆོས་ཕྱོགས་ཀྱི་མཛད་འཕྲིན་བསྐྱངས། ཕྱི་ཚེས་ ༢༦ ཉིན་ལ་དྭགས་ཀྱི་རྒྱལ་ས་གླེ་རུ་ཆིབས་བསྒྱུར་གྱིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཕེ་ཌར་པཱ་ཝལ་ལགས་སུ་མཇལ་འཕྲད་དང་། ལ་དྭགས་ནང་ཚོགས་དང་དགོན་ཚོགས་ཀྱི་གཙོས་བསོད་ནམ་གླིང་བོད་མིའི་གཞིས་ཆགས་ཀྱི་བོད་མི་རྣམས་དང་ལ་དྭགས་ཀྱི་ཡུལ་མི་རྣམས་ལ་ཆོས་འབྲེལ་བཀའ་དྲིན་བསྐྱངས་རྗེས། ཕྱི་ཟླ་ ༨ ཚེས་ ༢༨ ཉིན་༸གོང་ས་མཆོག་གི་ལ་དྭགས་ཀྱི་མཛད་འཆར་ཁག་ལེགས་པར་གྲུབ་སྟེ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཆིབས་བསྒྱུར་བསྐྱངས་ཡོད།

དགའ་ལྡན་ཕོ་བྲང་གི་དྲ་རྒྱའི་སྟེང་གི་མཛད་འཆར་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ལྷོ་ཁའི་སྐྱིད་སྡུག་ཚོགས་པ་དང་ཨི་ཐ་ཁའི་རྣམ་རྒྱལ་གྲྭ་ཚང་གི་ནང་ཆོས་སློབ་གཉེར་ཁང་། རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་བཅས་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ།  ཕྱི་ཟླ་ ༩ ཚེས་ ༢༠ ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་མཆོག་ལ་ལྷོ་ཤར་ཨེ་ཤི་ཡའི་ནང་པའི་རྒྱལ་ཁབ་ཁག་དང་ཀོ་རི་ཡའི་ནང་པ་རྣམས་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ། ཕྱི་ཟླ་ ༡༠ ཚེས་ ༣ ཉིན་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཐའེ་ཝན་གྱི་དད་ལྡན་མང་པོས་ཇི་ལྟར་གསོལ་བ་བཏབ་པ་ལྟར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆོས་འབྲེལ་བཀའ་དྲིན་སྩལ་རྒྱུ་ཡིན་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་ལ་དོ་དབྱིངས་ཆེ་བའི་རྒྱ་རིགས་བུད་མེད་བོད་མིང་ལ་དབང་མཚོ་དང་རྒྱ་མིང་ལ་ཀྲང་ཡ་ཌི། སྐལ་བཟང་ཡར་འཕེལ་གྱི་པར།
Mobile App

བོད་མིར་དགའ་ཞེན་ཆེ་བའི་རྒྱ་རིགས་བུད་མེད་ཅིག་འཛིན་བཟུང་བྱས་ཏེ་གོ་ཐོས་མེད་པར་གྱུར།

ཆུ་ཚོད་ ༡༢ སྔོན་ལ།
ས་སྐྱ་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་ཕྱི་ལུགས་ལྟར་དགུང་གྲངས་བརྒྱད་ཅུར་ཕེབས་པར་བརྟན་བཞུགས་ཕུལ། ༢༠༢༥།༠༩།༢༢ ཐད་གཏོང་གི་པར།
Mobile App

དཔལ་ས་སྐྱའི་ཆབ་འབངས་ཡོངས་ཀྱི་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༩/༢༢
ཕྱི་ཚེས་ ༢༡ ནས་ ༢༨ བར་ཉིན་གྲངས་དགུའི་རིང་དྷ་རམ་ས་ལར་སྟོང་བཙན་རྐང་སྤོལ་རྩེད་འགྲན་འཚོག་གི་འདུག
Mobile App

སྟོང་བཙན་རྐང་སྤོལ་རྩེད་འགྲན་ཐེངས་དང་པོ་རྩེ་ཡི་འདུག

༢༠༢༥/༠༩/༢༢
Front Slider

ལྷོ་ཤར་ཨེ་ཤ་ཡའི་ནང་པའི་རྒྱལ་ཁབ་ཁག་བཅུ་གཅིག་གིས་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༩/༢༠
ཕྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༡༩ ཉིན་གྱི་ཕྱི་དྲོར་བོད་རྒྱལ་རྩེ་རྫོང་ར་ལུང་གྲོང་སྡེའི་རི་ངོས་ཤིག་ཏུ་ཤོག་སྦག་ཕོན་ཆེན་སྦར་ཏེ་ཁོར་ཡུག་ལ་གནོད་སྐྱོན་བཟོས། དྲ་ལམ་གྱི་པར།
Mobile App

བོད་ཀྱི་མཐོ་སྒང་དུ་ཤོག་སྦག་ཕོན་ཆེན་སྤར་ཏེ་ཁོར་ཡུག་ལ་གནོད་སྐྱོན་བཟོས་པར་དགོངས་སེལ་ཞུས།

༢༠༢༥/༠༩/༢༠
༧གོང་ས་མཆོག་ལ་ལྷོ་ཤར་ཨེ་ཤ་ཡའི་ནང་པའི་རྒྱལ་ཁབ་ཁག་གིས་བརྟན་བཞུགས་བསྟར་འབུལ་ཞུས། ༢༠༢༥།༠༩།༢༠ དུས་བབ་ཀྱི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

ལྷོ་ཤར་ཨེ་ཤ་ཡའི་ནང་པའི་རྒྱལ་ཁབ་ཁག་གིས་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༩/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese