མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚོགས་སྡེ་གསུམ་གྱིས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

བོད་ཀྱི་དུས་བབ།
༢༠༢༥/༠༩/༡༠
Share on FacebookShare on TwitterShare on EmailShare on Whatsapp

༸གོང་ས་མཆོག་ནས་འཛམ་གླིང་ནང་མཚོན་ཆ་དང་དབང་ཤུགས་ཀྱི་ཐོག་ནས་མགོ་ཁྲིད་བྱེད་མཁན་ཡོད་ཀྱང་། ༸རྒྱལ་བ་རིན་པོ་ཆེས་མགོ་ཁྲིད་ཅེས་པ་དད་པ་དང་མོས་པའི་ཐོག་ནས་མགོ་ཁྲིད་པ་ཞིག་ཡིན་ཞེས་བཀའ་སློབ་སྩལ་སོང་།

ཚོགས་སྡེ་གསུམ་གྱིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། བོད་ཀྱི་དུས་བབ་གསར་ཁང་གི་སྐུ་པར། ༢༠༢༥།༩།༡༠

དེ་རིང་ཕྱི་ཚེས་ ༡༠ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ལྷོ་ཁའི་སྐྱིད་སྡུག་ཚོགས་པ་དང་། ཨི་ཐ་ཁའི་རྣམ་རྒྱལ་གྲྭ་ཚང་གི་ནང་ཆོས་སློབ་གཉེར་ཁང་། རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་བཅས་ཀྱི་གོ་སྒྲིག་འོག ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཚེ་དཔག་མེད་དྭངས་བ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་། སྐབས་དེར་༸གོང་ས་རྒྱལ་བ་རིན་པོ་མཆོག་ནས། དེ་རིང་འདིར་ང་ཚོ་ཚང་མ་ལྷག་བསམ་དད་འདུན་རྩེ་གཅིག་ཐོག་ནས་འཛོམས་པ་རེད། ངོས་རང་ཆུང་ཆུང་སྐབས་ནས་༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཞེས་ཡིད་ཆེས་དང་དགའ་མོས་བྱེད་པ་ཧ་ཅང་ཤུགས་ཆེན་པོ་རེད། གཙོ་བོ་སྐྱབས་རྗེ་རྟ་བྲག་རིན་པོ་ཆེ་དང་། གླིང་རིན་པོ་ཆེ། ཁྲི་བྱང་རིན་པོ་ཆེ་བཅས་ཀྱི་སྐུ་མདུན་ནས་དཔེ་ཆ་འཁྲིད་པ་དང་། མཚན་ཞབས་ཚོའི་མདུན་ནས་རྩོད་པ་སྦྱངས་པ་རེད།  ངོས་ཀྱིས་དགའ་ཞིང་སྤྲོ་བཞིན་སློབ་སྦྱོང་བྱས་པ་རེད། ང་ཚོ་བཙན་བྱོལ་བ་ཆགས་ཏེ་བསྡད་པའི་སྐབས་སུ། ནོར་བུ་གླིང་ཀ་ནས་དཔལ་ལྷ་མོ་དང་མགོན་པོ་ཕྱག་དྲུག་པར་གསོལ་བ་བཏབ་སྟེ་གསོན་བྲལ་བྱས་པ་རེད། མགོན་པོ་ཕྱག་དྲུག་པའི་སྣང་བ་དེ་ནམ་ཡང་མི་བརྗེད་པར་བསྡད་ཀྱི་འདུག ང་ཚོ་བཙན་བྱོལ་བ་ཆགས་ཏེ་ངོས་རང་རྒྱ་གར་དང་ཕྱི་རྒྱལ་གྱི་ས་ཁུལ་དུ་བསླེབས་པ་རེད། དེ་རིང་སྐབས་སུ་བབ་པ་བརྟན་བཞུགས་ཀྱི་གསོལ་འདེབས་ཤིག་བྱུང་བ་རེད། ཁྱེད་ཚོའི་ལྷག་བསམ་དང་སྙིང་སྟོབས་དངོས་གནས་འགྲན་ཟླ་བྲལ་བ་རེད། ཅེས་གསུངས།

༸མགོན་པོ་གང་ཉིད་མཆོག་ནས། ཁྱེད་ཚོའི་སྙིང་སྟོབས་དང་ལྷག་བསམ་དྲངས་ཡོང་དུས། ངོས་རང་ལ་ཆ་བཞག་ན་ཕ་ཡུལ་ས་ཐག་རིང་པོ་ནས་སྐྱེས་ཏེ་ལྷ་སར་འབྱོར། དེ་ནས་རྩེ་ཕོ་བྲང་དང་ནོར་བུ་གླིང་ཁ་རུ་བསྡད་དེ། གང་ལྟར་རྒྱལ་དབང་གི་མིང་འཁྱེར་ནས་ཆོས་སྲིད་མཛད་སྒོ་མང་པོ་ཞིག་བྱས་ཡོད། དེ་དག་ཚང་མ་བསྟན་པའི་ཞབས་འདེགས་བསྒྲུབ་པ་ཆགས་ཡོད། ངོས་རང་མདོ་སྨད་ཀྱི་ས་ཁུལ་ཞིག་ནས་སྐྱེས་ཏེ་ཡར་ལྷ་སར་བསླེབས་པ་དང་། དེ་ནས་དཔེ་ཆ་བལྟས་པ་རེད། ཕར་ཕྱིན་དང་དབུ་མའི་རིགས་ལ་ཧ་ཅང་མང་པོ་བལྟས་ཡོད། མངོན་པ་མཛོད་ལ་དོ་སྣང་ཞེ་དྲགས་བྱས་མེད། རི་རབ་གླིང་བཞི་གླིང་ཕྲན་ཞེས་པ་ཡིད་ཆེས་ཀྱི་ཡོད་པ་མ་རེད། གཞན་དབུ་མ་དང་ཕར་ཕྱིན། ཚད་མ་བཅས་ཀྱི་གཞུང་ལ་སྤྲོ་བ་ཡོད་པ་བཞིན་དཔེ་ཆ་བལྟས་པ་རེད། བར་སྐབས་སྐྱིད་སྡུག་ལེགས་ཉེས་སྣ་ཚོགས་བྱུང་ཡོད་ཀྱང་། བོད་བསྟན་སྲིད་ཀྱི་ཞབས་འདེགས་དོན་དུ་ངོས་ཀྱི་སེམས་ཤུགས་ལ་འགྱུར་བ་ཁྱོན་ནས་མེད། རྒྱ་ནག་གི་ངོས་ནས་གནས་ཚུལ་གང་བསྟན་པ་དང་ཅི་ཞིག་བཤད་ཀྱང་། ངོས་རང་ལ་ལས་ཀྱི་བསྐོས་པ་ཞིག་རེད། དེང་སང་རྒྱ་ནག་ནང་དུ་ནང་ཆོས་ལ་དོ་སྣང་བྱེད་མཁན་དང་། ངོས་རང་ལ་དགའ་མོས་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་འདུག བསྟན་པ་དང་བསྟན་པ་འཛིན་མཁན་ཚང་མས་བསམ་བློ་གུ་ཡངས་པོ་དང་རྒྱ་ཆེན་པོ་གཏོང་དགོས། ཞེས་གསུངས།

༸གོང་ས་མཆོག་ནས། དུས་སྙིགས་མ་ཆགས་བསྡད་ཀྱི་ཡོད་ལ། འཛམ་བུ་གླིང་ཧ་ཅང་འགྱུར་བ་ཆེན་པོ་འགྲོ་བཞིན་པ་བསྟུན་ནས། འཛམ་གླིང་ཤར་ནུབ་ལྷོ་བྱང་ནས་ཏཱ་ལའི་བླ་མ་ཞེས་དགའ་མོས་བྱེད་མཁན་ཧ་ཅང་མང་པོ་ཡོང་གི་འདུག ངོས་རང་གིས་ཆ་བཞག་ན་ལས་དང་སྨོན་ལམ་གྱི་གྲུབ་བསྡད་ཡོད་པ་རེད། ངོས་དང་ལས་འབྲེལ་ཡོད་པའི་བག་ཆགས་བཟང་པོ་འཇོག་ཐུབ་པ་དང་། དེ་ལ་བརྟེན་ནས་ཚེ་རབས་ནས་ཚེ་རབས་བྲལ་མེད་རྗེས་སུ་འཛིན་པའི་སྨོན་ལམ་ཁྱེད་ཚོས་རྒྱག་གི་ཡོད་ལ། ངོས་རང་གིས་ཀྱང་སྨོན་ལམ་རྒྱག་བཞིན་ཡོད། གང་ལྟར་ང་ཚོ་འཕྲལ་སེལ་འཛོམས་ཏེ་ཁ་གྱེས་བཞིན་ཡོད་ཀྱང་། རྩ་བའི་ང་ཚོའི་དད་པ་དང་ལྷག་བསམ་འགྱུར་བ་མེད་པ་ཞིག་རེད། ཚེ་རབས་ནས་ཚེ་རབས་དད་མོས་དེ་འགྱུར་བ་མེད་པ་ཞིག་ཆགས་བསྡད་ཡོད། དེ་རིང་དྷ་རམ་ས་ལར་འདིར་ངོས་རང་ལ་བརྟན་བཞུགས་ཀྱི་མཛད་སྒོ་ཞིག་འཚོགས་པ་རེད། ངོས་རང་གིས་སྨོན་ལམ་གང་ཡོང་བརྒྱབ་ཡོད། ད་དུང་མུ་མཐུད་དུ་ངོས་ཀྱི་ལུས་འབྲེལ་འདིའི་ཐོག་ནས་བོད་དང་བསྟན་འགྲོ་སྤྱིའི་དོན་དུ། ངོས་རང་མི་ཚེ་རིང་བོར་བསྡད་དེ་བོད་རྒྱ་ཆེའི་མི་མང་གཙོ་བོ་གྱུར་བའི་ངོས་ལ་དད་པ་དང་འདུན་པ་རྩེ་གཅིག་ཡོད་པ་མུ་མཐུད་ཕན་ཐོགས་ཡོང་བའི་སྨོན་ལམ་རྒྱག་གི་ཡོད། སེམས་ཤུགས་ཀྱང་སྐྱེ་བཞིན་ཡོད། རྒྱལ་བ་རིན་པོ་ཆེ་ཞེས་དགའ་མོས་བྱེད་མཁན་ནང་པ་གཅིག་པོ་རེད་མི་འདུག ངོས་རང་ལ་ཡི་ཤུ་ཆོས་པ་དང་། ཚན་རིག་པ། ཆོས་མེད་མཁན་མང་པོས་ཧ་ཅང་དགའ་མོས་བྱེད་ཀྱི་འདུག  དགའ་མོས་བྱེད་མཁན་ཚང་མས་ཇི་ལྟར་འདོད་པ་ཡོད་པ་བཞིན་ངོས་རང་མི་ཚེ་རིང་པོ་འཚོ་བའི་ཐོག་ནས་ཞབས་འདེགས་བསྒྲུབ་རྒྱུ་ཡིན། རྒྱ་ནག་ནང་དུ་ནང་ཆོས་ཤུགས་ཆེ་རུ་དར་བཞིན་འདུག བོད་གཙོས་ཏཱ་ལའི་བླ་མ་དང་འབྲེལ་བ་ཡོད་པའི་ས་ཁུལ་ཚང་མར་ཆོས་དད་ཇེ་ཟབ་ཏུ་འགྲོ་བ་དང་། ངོས་ཀྱིས་སངས་རྒྱས་བསྟན་པ་རིན་པོ་ཆེ་དངོས་ཡོད་གནས་ཚུལ་དང་མཐུན་པའི་ཐོག་ནས་ཞབས་འདེགས་བསྒྲུབ་པར་སྨོན་ལམ་རྒྱག་གི་ཡོད། ཁྱེད་ཚོས་ཀྱང་སྨོན་ལམ་རྒྱག་དགོས། ཞེས་གསུངས།

ཡང་༸གོང་ས་མཆོག་ནས། ང་ཚོས་སངས་རྒྱས་བཅོམ་ལྡན་འདས་ཀྱི་དགེ་སློང་གི་དུག་སློག་གྱོན་ཡོད་པ་རེད། དངོས་གནས་དྲང་གནས་བསྟན་པ་ལ་ཞབས་འདེགས་བསྒྲུབ་མཁན་དང་སྟོན་པའི་སྤྲུལ་བའི་མཆོད་པ་རེད། ངོས་ཀྱི་རྨི་ལམ་ལ་ཚོགས་ཁང་ཆེན་པོ་ཞིག་གི་དབུས་ལ་སྟོན་པ་ཐུབ་པའི་དབང་པོ་བཞུགས་འདུག ངོས་རང་གཟིགས་ཏེ་ཡར་ཤོག་གསུངས་སོང་། ངོས་རང་གིས་སྟོན་པ་ཐུབ་པའི་དབང་པོ་གུས་ཞབས་ཆེན་པོ་བྱས་ཏེ་ཕྱིན་པ་ཡིན། ངོས་རང་སྟོན་པའི་འཁྲིས་སུ་སྡོད་ཅེས་གསུངས་སོང་། སྟོན་པས་ངོས་ཀྱི་མགོ་ལ་བྱིལ་བྱིལ་བྱས་ཏེ་ཧ་ཅང་མཉེས་པོ་གནང་བྱུང་། ངོས་རང་གིས་སྟོན་པའི་ཞབས་འདེགས་བསྒྲུབ་ཀྱི་ཡོད་པའི་དད་པ་རྩེ་གཅིག་ཏུ་སྐྱེས། སྟོན་པའི་ཞབས་འདེགས་མུ་མཐུད་བསྒྲུབ་རྒྱུའི་སེམས་ཤུགས་བསྐྱེད་པ་ཡིན། འཛམ་གླིང་ནང་མཚོན་ཆ་དང་དབང་ཤུགས་ཀྱི་ཐོག་ནས་མགོ་ཁྲིད་བྱེད་མཁན་ཡོད་ཀྱང་། ༸རྒྱལ་བ་རིན་པོ་ཆེ་མགོ་ཁྲིད་ཅེས་པ་དད་པ་དང་མོས་པའི་ཐོག་ནས་མགོ་ཁྲིད་པ་ཞིག་རེད། ངོས་ཀྱིས་མེ་མདའ་དང་གྲི་འཁྱེར་ནས་མགོ་ཁྲིད་ཀྱི་ཡོད་པ་མ་རེད། ང་ཚོའི་དམིགས་ཡུལ་ནི་མི་མང་པོ་ཞིག་ལ་ཕན་ཐོགས་པའི་ལས་ཀ་བྱེད་བཞིན་ཡོད་པ་རེད། རྒྱ་གར་གཙོས་ཡུལ་གྲུ་མང་པོའི་ནང་ཏཱ་ལའི་བླ་མ་ཞེས་མིང་ཐོས་ནས་དགའ་མོས་ཧ་ཅང་མང་པོ་རེད། ངོས་ཀྱིས་བསྟན་པ་དང་འགྲོ་བའི་ཆེད་དུ་འགན་ཧུར་ཐག་འབད་ཐག་བྱེད་བཞིན་ཡོད། ཁྱེད་ཚོས་ཀྱང་ཧུར་ཐག་འབད་ཐག་གནང་ཤོག ངོས་ཀྱི་མི་ཚེ་ལོ་བརྒྱ་དང་སུམ་ཅུ་ལྷག་སྡོད་པའི་བསམ་པ་ཡོད་ལ། ངོས་ཀྱིས་དེ་ལྟར་བཤད་བཞིན་ཡོད། ངོས་རང་ལ་མོས་པ་བྱེད་མཁན་ནང་པ་ཙམ་མིན་པར་མང་པོ་ཡོད། ངོས་ཀྱི་ལུས་སེམས་འདིའི་ཐོག་ནས་འདོད་པ་སྐོང་བ་དང་ཡིད་ཚིམས་ཆེད་དུ། ཞོགས་པ་ཡར་ལངས་པ་ནས་བཟུང་སེམས་བསྐྱེད་ཀྱི་བསམ་བློ་གཏོང་བཞིན་ཡོད། ངོས་ཀྱིས་བསམ་དོན་ཆོས་བཞིན་འགྲུབ་པའི་སྨོན་ལམ་རྒྱག་བཞིན་ཡོད། ཁྱེད་ཚོས་ཀྱང་སྨོན་ལམ་མཚམས་སྦྱོར་གནང་ཤོག ཅེས་གསུངས།

དགའ་ལྡན་ཕོ་བྲང་གི་དྲ་རྒྱའི་སྟེང་གི་མཛད་འཆར་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ལྷོ་ཤར་ཨེ་ཤི་ཡའི་ནང་པའི་རྒྱལ་ཁབ་ཁག་དང་ཀོ་རི་ཡའི་ནང་པ་རྣམས་ཀྱིས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་དང་། ཕྱི་ཟླ་ ༡༠ ཚེས་ ༣ ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ཐའེ་ཝན་གྱི་དད་ལྡན་མང་པོས་ཇི་ལྟར་གསོལ་བ་བཏབ་པ་ལྟར། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཆོས་འབྲེལ་བཀའ་དྲིན་སྩལ་རྒྱུ། ཕྱི་ཟླ་ ༡༠ ཚེས་ ༨ ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ཨོ་སི་ཊི་ལི་ཡ་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པ་དང་། ཡུ་རོབ་བོད་རིགས་ཚོགས་པ། བོད་ཀྱི་གཞོན་ནུ་ལྷན་ཚོགས་བཅས་ཀྱིས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ། དེ་བཞིན་ཕྱི་ཟླ་བ་ ༡༡ ཚེས་ ༡༧ ཉིན་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། དབུས་བོད་སློབ་འཛིན་སྐྱོང་ཚོགས་པའི་ཁྱབ་ཁོངས་གྱི་གཏན་སློབ་(CST)ཁག་བདུན་གྱི་སློབ་མ་ཟུར་པ་དང་། བོད་ཕྲུག་ཁྱིམ་སྡེ། མ་སུ་རིའི་བོད་ཁྱིམ། རྒྱ་གར་དང་བལ་ཡུལ་གྱི་ཉིན་སློབ་ཁག་བཅས་ནས་འཚོག་གཏན་འཁེལ་བའི་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོར་ཆིབས་བསྒྱུར་བསྐྱང་རྒྱུ་ཡིན་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་ཁྲིམས།

ཆུ་ཚོད་ ༥ སྔོན་ལ།
བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

༢༠༢༦/༠༧/༡༧
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༧/༡༧
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

༢༠༢༦/༠༧/༡༧
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦

མཆན། 1

  1. སངས་རྒྱས་བསྟན་དར། says:
    ཟླ་བ། 10 སྔོན།

    Thank You very much.

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese