མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བལ་ཡུལ་གྱི་གཞོན་སྐྱེས་ཚོས་ལྐོག་ཟ་རུལ་སུངས་བྱེད་མཁན་གྱི་དཔོན་རིགས་ཚོ་རྩ་རྫོགས་བྱེད་ཀྱིན་ཡིན་ཟེར། 

བོད་ཀྱི་དུས་བབ།
༢༠༢༥/༠༩/༡༡
Share on FacebookShare on TwitterShare on EmailShare on Whatsapp

བལ་ཡུལ་གྱི་གཞོན་སྐྱེས་ལས་འགུལ་བ་རྣམས་ཀྱིས་བལ་ཡུལ་ནང་ལྐོག་ཟ་རུལ་སུངས་བྱེད་མཁན་གྱི་དཔོན་རིགས་དང་ནང་མི་རྣམས་རྩ་རྫོགས་བྱས་པ་ནི་བལ་ཡུལ་རྒྱལ་ཁབ་དང་གཞོན་སྐྱེས་རྣམས་ཀྱི་མ་འོངས་པའི་ཕུགས་འདུན་ལ་འབྲེལ་བ་ཡོད་སྐོར་བརྗོད།

Thousands of demonstrators in Nepal took to the streets to demand that the government lift a social media ban. Prabin Ranabhat/AFP/Getty Images

ཟླ་འདིའི་ཕྱི་ཚེས་ ༥ ཉིན་ནས་བཟུང་བལ་ཡུལ་གཞུང་གིས་མཉེན་ཆས་ ༢༦ བཀག་སྡོམ་བྱས་པའི་གནས་སྟངས་འོག བལ་ཡུལ་གྱི་ཆབ་སྲིད་མགོ་ཁྲིད་དག་གིས་ལྐོག་ཟ་རུལ་སུངས་བྱེད་མུས་ཡིན་པའི་གནད་དོན་དང་འབྲེལ། ཕྱི་ཚེས་ ༩ ཉིན་བལ་ཡུལ་གཞོན་སྐྱེས་རྣམས་ཀྱིས་སྣེ་ཁྲིད་དེ། འདས་པའི་ཉིན་ཤས་རིང་བལ་གཞུང་གྲོས་ཚོགས་དང་། བལ་གཞུང་གི་ཆབ་སྲིད་མི་སྣ་དེ་དག་གི་སྡོད་ཁང་སོགས་མེ་རུ་བསྲེགས་པའི་ཁར། ཐེངས་ལྔ་ལ་བལ་གཞུང་གི་སྲིད་བློན་བྱེད་མྱོང་མཁན་ཤའེ་རི་བྷ་ཧ་དྷུར་(Sher Bahadur Deuba) དང་། ཕྱི་སྲིད་བློན་ཆེན་ཨར་ཛུ་རཱ་ན་(Arzu Rana Deuba)། དེ་བཞིན་བལ་གཞུང་གི་ནང་སྲིད་བློན་ཆེན་བྷི་ཤི་ནུ་(Bishnu Prasad Paudel) སོགས་སྲང་ལམ་དུ་ཐེར་འདོན་དང་གཅར་རྡུང་བྱས་ཡོད་ནའང་། དགོངས་པ་ཞུས་པའི་སྲིད་བློན་ཟུར་བ་ཤར་མ་ཨོ་ལི་ (KP Sharma Oli) དཀྱིལ་ཤར་ཨེ་ཤ་ཡའི་ཁེ་ཊར་རྒྱལ་ཁབ་ཏུ་བྲོས་བྱོལ་ལ་ཕྱིན་ཡོད་པའི་ཚོད་དཔག་བྱེད་ཀྱི་འདུག

གནད་དོན་དེ་དང་འབྲེལ་ནས་བལ་ཡུལ་གྱི་ཁྱིམ་མཚེས་རྒྱལ་ཁབ་ཏུ་གྱུར་བའི་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་གིས། གཞོན་སྐྱེས་མང་དག་ཅིག་གི་ཚེ་སྲོག་ཤོར་བའི་མུར། བལ་ཡུལ་ནང་གནས་སྡོད་བྱེད་མུས་ཡིན་པའི་གཅེན་གཅུང་རྣམས་ཀྱིས་ཞི་བདེ་ཡོང་ཐབས་ལ་རྒྱབ་སྐྱོར་གནང་རོགས། བལ་ཡུལ་ནང་བརྟན་བརླིང་དང་། ཞི་བདེ། ཡར་རྒྱས་གོང་འཕེལ་བཅས་འགྲོ་རྒྱུ་ནི་ང་ཚོ་ལའང་གལ་གནད་ཅན་དུ་གྱུར་ཡོད། ཅེས་གསུངས་འདུག་ལ། དེ་བཞིན་བལ་ཡུལ་དང་ས་འབྲེལ་ཡིན་པའི་རྒྱ་གར་གྱི་མངའ་སྡེ་ཁག་གི་བློན་ཆེན་རྣམས་ཀྱིས་ཀྱང་ཞི་བདེ་བརྟན་བརླིང་དགོས་པའི་རེ་སྐུལ་ཞུ་མུས་ཡིན་འདུག

ཟླ་འདིའི་ཕྱི་ཚེས་ ༨ ཉིན་བལ་ཡུལ་གྱི་གཞོན་སྐྱེས་རྣམས་ཀྱིས་སྣེ་འཁྲིད་པའི་ངོ་རྒོལ་བྱེད་མགོ་བཙུགས་ནས་ད་བར་ཉུང་མཐར་མི་གྲངས་ ༣༤ རྐྱེན་འདས་དང་། མི་གྲངས་ ༡༠༠༠ ལྷག་ལ་རྨས་སྐྱོན་ཕོགས་ཡོད་པ་མ་ཟད། བལ་ཡུལ་རྒྱལ་སའི་དཀྱིལ་སྙིང་དུ་ཆགས་པའི་གྲོས་ཚོགས་དང་། ལས་ཁུངས་མང་དག་ཅིག་མེར་བསྲེགས་པའི་མུར། ཆབ་སྲིད་མི་སྣ་དག་ཐེར་འདོན་དང་གཅར་རྡུང་བྱས་ཡོད་འདུག་ལ། དེ་རིང་ཕྱི་ཚེས་ ༡༡ ཉིན་བལ་ཡུལ་རྒྱལ་ཡོངས་འགྲིམ་འགྲུལ་དང་། ཚོང་དོན། སྒེར་དོན་སོགས་ཚང་མ་བཀག་རྒྱ་བསྡམས་འདུག ཁ་སང་ཕྱི་ཚེས་ ༡༠ ཉིན་གཞོན་སྐྱེས་ངོ་རྒོལ་བ་དག་གིས་བལ་ཡུལ་གྱི་དམག་མིའི་སྡེ་ཁག་དང་ལྷན་དུ་ཚོགས་འདུ་དང་གྲོས་བསྡུར་བྱས་པ་བརྒྱུད།  བལ་ཡུལ་རྒྱལ་ཁབ་ཀྱི་ལོ་རྒྱུས་ཁྲོད་ཀྱི་ཆེས་ཐོག་མར་ཁྲིམས་ཞིབ་པར་བསྐོས་པའི་སུ་ཤི་ལ་ཀར་ཀི་(Sushila Karki )ལགས་བལ་ཡུལ་རྒྱལ་ཁབ་ཀྱི་བར་བརྒལ་སྲིད་བློན་དུ་བསྐོས་ཡོད་ཀྱང་དང་ལེན་མ་བྱས་སྟབས། དེ་རིང་རྒྱ་གར་གྱི་གསར་ཁང་ཁག་ཅིག་གིས་གནས་ཚུལ་སྤེལ་བའི་ཁྲོད། དེ་རིང་བལ་ཡུལ་གྱི་གཞོན་སྐྱེས་ལས་འགུལ་བ་རྣམས་ཀྱིས་བལ་ཡུལ་གྱི་གློག་གི་ལྷན་ཚོགས་ཀྱི་འགན་འཛིན་ཀུལ་མན་(Kulman Ghising )གྱིས་བར་བརྒལ་སྲིད་བློན་གནང་དགོས་པའི་རེ་སྐུལ་ཞུས་འདུག 

ཟླ་འདིའི་ཕྱི་ཚེས་ ༥ ཉིན་བལ་ཡུལ་གཞུང་གིས་བལ་ཡུལ་གྱི་བརྡ་འཕྲིན་དང་འབྲེལ་ལམ་ལས་ཁུངས་ (Ministry of Communication and Information Technology) སུ་ཐོ་འགོད་བྱས་མེད་ལུགས་བཤད་ནས། བལ་ཡུལ་ནང་བཀོལ་སྤྱོད་བྱེད་མུས་ཡིན་པའི་ངོ་དེབ་དང་། ཡུ་ཊུབ། ཨིན་སི་ཌ་གྷ་རམ། ཨེག་སི་སོགས་ཚུད་པའི་མཉེན་ཆས་ ༢༦ བཀག་སྡོམ་བྱས་ཡོད་སྟབས། དེ་ནི་བལ་ཡུལ་སྲིད་གཞུང་གིས་བལ་ཡུལ་ནང་ཚད་ལས་བརྒལ་བའི་ལྐོག་ཟ་རུལ་སུངས་བྱེད་མུས་ཡིན་པའི་གནད་དོན་རྣམས་སྦས་སྐུང་བྱེད་ཐབས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། གནད་དོན་དབྱེ་ཞིབ་པ་མང་དག་ཅིག་གིས། གནད་དོན་དེ་ནི་ཉེ་ལམ་བལ་ཡུལ་སྲིད་བློན་ཟུར་བ་ཨོ་ལི་ཡིས་རྒྱ་ནག་གི་མགོ་ཁྲིད་ཞི་དང་ཐུག་འཕྲད་དང་གྲོས་མོལ་བྱས་ཡོད་སྟབས། ཞི་ཡི་ཤུགས་རྐྱེན་གྱི་འོག་ནས་བལ་ཡུལ་གཞུང་གིས་ཀྱང་རྒྱ་ནག་ནང་བཀག་སྡོམ་བྱས་པའི་སྤྱི་ཚོགས་དྲ་ལམ་དེ་དག་བཀག་སྡོམ་བྱས་པའི་ཚོད་དཔག་བྱེད་ཀྱིན་འདུག

ད་ལན་བལ་ཡུལ་ནང་བྱུང་བའི་ངོ་རྒོལ་ལས་འགུལ་དེ་ནི་བལ་ཡུལ་གྱི་ལོ་རྒྱུས་ཁྲོད་ཀྱི་གཞོན་སྐྱེས་ཀྱི་ངོ་རྒོལ་ལས་འགུལ་ཆེ་ཤོས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་འདུག ད་ལན་གྱི་ལས་འགུལ་སྐབས་གཞོན་སྐྱེས་རྣམས་ཀྱིས་བལ་ཡུལ་ནང་ལྐོག་ཟ་རུལ་སུངས་བྱེད་མུས་ཡིན་པའི་ཆབ་སྲིད་མི་སྣ་དག་རྩ་རྫོགས་དང་། མི་མང་ཕལ་བ་རྣམས་ལ་ཟས་གོས་དང་། འགྲིམ་འགྲུལ་གྱི་མཐུན་རྐྱེན་མེད་ཀྱང་། ཕྱི་རྒྱལ་ཁག་ཏུ་རྒྱས་སྤྲོས་དང་བག་མེད་ལོངས་སྤྱོད་ཀྱི་འཚོ་བ་རོལ་ནས་སྒོར་མོ་ཕང་མེད་བཀོལ་སྤྱོད་བྱེད་མཁན་གྱི་ཆབ་སྲིད་པ་དག་གི་ཕྲུ་གུ་རྣམས་རྩ་རྫོགས་བྱ་དགོས་པའི་འབོད་སྒྲ་བསྒྲགས་ཡོད་པ་མ་ཟད། ངོ་རྒོལ་བ་རྣམས་ཀྱིས་ལྐོག་ཟ་རུལ་སུངས་བྱེད་མཁན་གྱི་ཆབ་སྲིད་པ་དང་། དེ་དག་གི་ཕྲུ་གུ་ལ་རྒོལ་བའི་ལས་འགུལ་དེ་ནི་མ་འོངས་པའི་བལ་ཡུལ་དང་། བལ་ཡུལ་གྱི་གཞོན་སྐྱེས་རྣམས་ཀྱི་ཕུགས་འདུན་ལ་འབྲེལ་བ་དམ་ཟབ་ཡོད་སྐོར་བསྒྲགས། ཁ་སང་དང་དེ་རིང་ལས་འགུལ་བ་གཞོན་སྐྱེས་རྣམས་ཀྱིས་སྣེ་འཁྲིད་འོག ངོ་རྒོལ་སྐབས་ཆག་སྐྱོན་དང་གཏོར་རྒོལ་ཐེབས་པའི་སྤྱི་མང་གི་ས་ཚུགས་དང་། གཞུང་ལམ་སོགས་གཙང་བཟོ་དང་། ཉེན་རྟོག་ལས་ཁུངས་སོགས་སུ་གཙང་བཟོ་སོགས་བྱས་པའི་བརྙན་རྣམས་སྤྱི་ཚོགས་དྲ་ལམ་དུ་ཁྱབ་ནས། འཛམ་གླིང་ཤར་ནུབ་གཉིས་ཀྱི་རྒྱལ་ཁབ་མང་པོས་བལ་ཡུལ་གྱི་གཞོན་སྐྱེས་རྣམས་ཀྱིས་བྱེད་སྟངས་དང་སྤྱི་སེམས་ལ་བསྔགས་བརྗོད་བྱེད་མུས་ཡིན་འདུག

ཕྱི་ལོ་ ༢༠༢༤ ཟླ་ ༧ ཚེས་ ༡༥ བལ་ཡུལ་གྱི་དམར་ཤོག་ཚོགས་པ་ཆེ་ཤོས་ཀྱི་མགོ་ཁྲིད་ཤར་མ་ཨོ་ལིས་ (K. P. Sharma Oli) བལ་ཡུལ་གྱི་སྲིད་བློན་གསར་པའི་ལས་ཁུར་དམ་འབུལ་ཞུས་ཏེ། ཁོ་རང་བལ་ཡུལ་གྱི་སྲིད་བློན་ཆགས་པ་ཐེངས་བཞི་པར་གྱུར་ལ། ཁོ་པས་སྲིད་འཛིན་ལས་ཡུན་རིང་རྒྱ་ནག་གིས་བལ་ཡུལ་ནང་དབང་ཤུགས་སྐྱེད་པར་སྣང་མེད་དང་། བལ་ཡུལ་ནང་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་སྲིད་ཇུས་ལག་བསྟར་དགོས་ལུགས་བཤད་པ་མ་ཟད། ཁོ་པ་དང་ནང་མི་རྣམས་ཀྱིས་རྒྱས་སྤྲོས་ཀྱི་འཚོ་བ་ཞིག་རོལ་མུས་ཡིན་ཡང་། མང་ཚོགས་ཀྱི་འཚོ་བའི་གནས་བབ་ཞན་པའི་ཁར། འགྲིམ་འགྲུལ་དང་གཞུང་ལམ་སོགས་བཟོ་བསྐྲུན་བྱས་མེད་ལ། དེ་བཞིན་ཉེ་ལམ་རྒྱ་ནག་གཞུང་དང་དཔོན་རིགས་ངན་འབྲེལ་གྱིས་བལ་ཡུལ་གྱི་གྲོང་ཁྱེར་ཆེ་ཤོས་གཉིས་པ་སྤོག་རའི་རྒྱལ་སྤྱིའི་གནམ་ཐང་ཞིག་གི་སྤུས་ཀ་ཞན་པ་དང་། འཛུགས་སྐྲུན་གྱི་འགྲོ་གྲོན་ཆེ་དྲགས་པ་དང་། འཛུགས་སྐྲུན་གྱི་ལས་གཞི་དེ་དང་འབྲེལ་ནས་ལྐོག་ཟ་བྱས་ཡོད་པའི་གནས་ཚུལ་ཞིག་འཐོན་མུས་ཡིན་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

ཆུ་ཚོད་ ༢༢ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

༢༠༢༦/༠༣/༡༣
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

༢༠༢༦/༠༣/༡༢
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

༢༠༢༦/༠༣/༡༢
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༢
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

༢༠༢༦/༠༣/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese