མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་པ་མཇུག་བསྒྲིལ། 

བོད་ཀྱི་དུས་བབ།
༢༠༢༥/༠༩/༡༨
Share on FacebookShare on TwitterShare on EmailShare on Whatsapp

ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ད་ལྟའི་མི་རབས་འདིའི་ཐོག་ནས་བོད་མི་ནང་ཁུལ་གྱི་མཐུན་ལམ་དང་། ཆོས་དང་རིག་གཞུང་། སྐད་ཡིག་སྲུང་སྐྱོབ། རྒྱལ་སྤྱིའི་ཐོག་བོད་དོན་ཞུ་གཏུག་སོགས་ཀྱི་ཐོག་ནུས་པ་འདོན་ཐུབ་པ་ཡིན་ན། མ་འོངས་པའི་མི་རབས་ཚོར་མིག་དཔེ་ཆགས་ཀྱི་ཡོད་སྐོར་གསུངས་སོང་།  

དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པའི་ལས་ཉིན་བརྒྱད་པའི་དགོང་མོར་དབུས་བོད་མིའི་སྒྲིག་འཛུགས་ལས་ཁུངས་མ་ལག་དང་བཅས་པའི་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་རྩིས་ལོ་ ༢༠༢༤་་་  ༢༠༢༥ ཡི་ལས་བསྡོམས་ཁག་ལ་ཞིབ་བཤེར་དང་ལན་འདེབས་གསལ་བཤད་སོགས་ཡོངས་སུ་གྲུབ་ནས། གྲོས་ཚོགས་ཚོགས་དུས་བཅུ་པ་དེ་དངོས་སུ་མཇུག་བསྒྲིལ་སོང་། 

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་མཇུག་སྡོམ་གསུང་བཤད་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་བཅུ་པ་དེ་ལས་ཉིན་བརྒྱད་རིང་བསྐྱངས་པ་རེད། ཐོག་མར་ཚོགས་གཙོ་གཞོན་གཉིས་ཀྱིས་ལས་རིམ་སྒྲིག་པ་གཞི་བཟུང་དངོས་སུ་ལེགས་གྲུབ་བྱུང་ཐུབ་སོང་། ལས་རིམ་གྱི་ནང་དུ་གལ་ཆེ་བ་ཁག་ཅིག་ནི་༸གོང་ས་མཆོག་གི་སྐུའི་གོ་སྟོན་དང་འབྲེལ་བའི་ཐོག་ནས་དམིགས་བསལ་དོན་ཚན་ལྔ་ཅན་གྱི་གྲོས་ཆོད་ཅིག་བཞག་ཡོད་ཅིང་། བོད་ནང་གི་ཛ་དྲག་གནས་སྟངས་ཀྱི་ཐོག་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་དོན་ཚན་བདུན་བཞག་ཡོད། མཛད་གཙོ་ཟུར་པ་བཀའ་ཟུར་རྣམ་པ་གཉིས་དང་། སྤྱི་འཐུས་ཟུར་པ་གཅིག་ལ་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གསུམ་གཏན་འབེབས་བྱས་ཡོད། དེ་བཞིན་ཁྲིམས་འཛིན་ལས་དོན་ནང་བཅའ་ཁྲིམས་བསྐྱར་བཅོས་ཁག་དྲུག་གཏན་འབེབས་བྱུང་ཐུབ་ཡོད།  ལས་ཉིན་མང་ཆེ་ཤོས་དབུས་ལས་ཁུངས་ཁྱབ་ཁོངས་དང་བཅས་པའི་ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༤ ཚེས་ ༡ ནས་ཕྱི་ལོ་ ༢༠༢༥ ཟླ་ ༣ ཚེས་ ༣༡ བར་གྱི་ལས་བསྡོམས་རྒྱས་པར་སྤྱི་འཐུས་རྒྱུས་ལས་ཀྱིས་གཟིགས་ཞིབ་གནང་སྟེ་དྲི་བ་ཕེབས་པ་དང་། ལས་བསྡོམས་བསྡུས་པ་དེ་ལྷན་ཁང་སོ་སོ་ནས་གྲོས་ཚོགས་སུ་སྙན་སྒྲོན་བྱས་ཏེ་སྤྱི་འཐུས་རྣམ་པས་དགོངས་ཚུལ་དང་དོགས་འདྲི་ཕེབས་ཡོད།  འཛིན་སྐྱོང་བཀའ་ཤག་གི་བཀའ་བློན་རྣམ་པས་སོ་སོའི་ལས་དོན་ཐོག་གསལ་བཤད་གནང་བ་དང་། ལས་འཆར་གྱི་ཐོག་ཏུ་དམིགས་བསལ་གྱི་ཕུགས་དམིགས་གང་ཡོད་མེད་ཀྱི་འགྲེལ་བཤད་གནང་ཡོད། ཚོགས་གཙོས་སྤྱི་ཡོངས་ནས་བལྟས་ཚེ་ལས་བསྡོམས་དང་འབྲེལ་བའི་ཐོག་ལ་སྤྱི་འཐུས་རྣམ་པས་དགོངས་ཚུལ་མང་པོ་ཕེབས་སོང་། ལྷན་ཁང་ཁག་བདུན་གྱི་བཀའ་བློན་རྣམ་པས་དབུ་ཁྲིད་འོག་དབུས་སའི་ཁྱབ་ཁོངས་ཀྱི་ལས་རིམ་ལ་འགན་འཁུར་བཞེས་པའི་ཐོག་ནས་ཕྱག་ལས་ཧ་ཅང་ཡག་པོ་གནང་གི་ཡོད་པའི་ཚོར་སྣང་བྱུང་།  མ་འོངས་བའི་ཕྱག་ལས་གནང་སྟངས་ཐོག་གྲོས་ཚོགས་བརྒྱུད་ནས་བགྲོ་གླེང་བྱུང་བ་རེད། བཀའ་བློན་དང་ཚོགས་གཙོ་གཙོས་ལན་འདེབས་གསལ་བཤད་ཀྱི་ཐོག་ནས་མ་འོངས་བའི་ལས་དོན་ཚགས་ཚུད་ཡོང་བར་གཏན་གཏན་ཐུགས་ཕན་གསོས་སོང་བསམ་པའི་ཚོར་སྣང་བྱུང་། ཞེས་གསུངས་སོང་། 

ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕལེ་མཆོག་གིས། གལ་ཆེ་བ་གཅིག་ནི་དུས་རྒྱུན་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། སྤྱི་ཚོགས་འཕྲོད་བསྟེན། ཆབ་སྲིད་ཀྱི་དྲིལ་བསྒྲགས། དཔལ་འབྱོར་འདུ་འགོད་མཚོན་པའི་ལྷན་ཁང་ཁག་གལ་ཆེ་ཤོས་ཆགས་ཡོད། འདས་བའི་ལོ་གཅིག་ནང་གི་ལས་དོན་སྙན་སེང་བྱུང་བ་དང་། མ་འོངས་བར་ད་ལྟ་འགྲོ་བཞིན་པའི་ལས་དོན་ཐོག་གང་ཡག་འགྲོ་ཐུབ་པའི་རེ་བ་བྱེད་བཞིན་ཡོད། གཙོ་བོ་ང་ཚོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱིས་འགན་དབང་འཁུར་བ་གཞི་བཟུང་ཐོག ང་ཚོ་བཙན་བྱོལ་བའི་གནས་སྟངས་ཤིག་ཆགས་བསྡད་ཡོད་པས། གཙོ་བོ་བོད་དོན་བདེན་མཐའ་སེལ་བ་དང་། བཙན་བྱོལ་སྤྱི་ཚོགས་ཀྱི་བདེ་དོན་ཐོག་ཕྱག་ལས་གནང་བ། གཞིས་བཞུགས་བོད་མི་དཀའ་ངལ་ལས་སྐྱོབ་ཐུབ་པའི་དགོངས་པ་བཞེས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེ་དག་ནི་སྤྱི་ཡོངས་ནས་རྒྱལ་སྤྱིའི་ཆབ་སྲིད་གནས་སྟངས་ལ་འབྲེལ་བ་ཆགས་ཡོད་ཅིང་། ལྷག་པར་དུ་རྒྱ་ནག་གི་ཆབ་སྲིད་གནས་སྟངས་ལའང་འབྲེལ་བ་ཆགས་ཡོད། དེ་བཞིན་བོད་ཀྱི་གནས་སྟངས་ལ་འབྲེལ་བ་ཆགས་ཡོད། དེ་ཚོར་ང་ཚོས་ཐུགས་བཞེས་གནང་བའི་ཐོག་ནས་མ་འོངས་བར་བོད་དོན་བདེན་མཐའ་སེལ་ཐུབ་པར་ཐབས་ལམ་གང་ཡོད་པ་དང་། ནུས་པ་གང་འདོན་དགོས་མིན་ལ་དགོངས་པ་བཞེས་ཏེ་གོམ་པ་མདུན་སྤོ་བྱ་ཐུབ་དགོས་རྒྱུ་གལ་ཆེན་པོ་ཆགས་ཡོད། སྤྱི་ཚོགས་བདེ་དོན་དང་འཕྲོད་བསྟེན་སོགས་ཀྱི་ཐོག་ང་ཚོར་ཕྱོགས་མང་པོའི་ཐོག་ནས་རོགས་རམ་ཡོང་གི་ཡོད་ཀྱང་། ཆབ་སྲིད་ཀྱི་དཀའ་ངལ་ནི་ཕྱོགས་གཅིག་ནས་གོ་སྐབས་འཛིན་དགོས་པ་དང་། ཕྱོགས་གཞན་ཞིག་ནས་གོ་སྐབས་ཡོང་བར་ནུས་པ་བཏོན་ཏེ་འབད་བརྩོན་བྱ་རྒྱུ་གལ་ཆེན་པོ་ཆགས་ཡོད། དེའི་ཐོག་ལ་འཛིན་སྐྱོང་བཀའ་ཤག་གིས་འགན་འཁུར་གཙོ་བོ་འཁུར་བཞིན་ཡོད་ལ། དེ་དང་མཉམ་དུ་སྤྱི་འཐུས་ལྷན་ཚོགས་ཀྱིས་ཀྱང་མ་འོངས་བར་བོད་དོན་བདེན་མཐའ་སེལ་བར་འགན་འཁུར་ཆེན་པོ་བཞེས་ཐུབ་དགོས་རྒྱུ་གལ་ཆེན་པོ་རེད།  དེ་བཞིན་ལོ་འདི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་ལོ་དགུ་བཅུའི་སྐུའི་གོ་སྟོན་ཏེ། དམིགས་བསལ་གྱི་ལོ་ཚིགས་ཤིག་ཆགས་བསྡད་ཡོད། དེ་ལ་བོད་མིའི་སྒྲིག་འཛུགས་ཀྱིས་བྱམས་བརྩེའི་ལོ་ཞེས་ལོ་ཧྲིལ་པོར་སྲུང་གཙི་བྱ་རྒྱུའི་འཆར་གཞི་གདིང་ཡོད། ང་ཚོའི་སྤྱི་ཡོངས་ཀྱི་སྤྱི་ཚོགས་ལ་མཚོན་པ་ཡིན་ན་ནང་པ་ཆགས་བསྡད་ཡོད་རེད་ལ། རིག་གཞུང་གི་ཐོག་ནས་བསམ་བློ་བཏང་ན་ང་ཚོ་བྱམས་བརྩེ་ཡོད་པའི་སྤྱི་ཚོགས་ཤིག་ཆགས་ཡོད། ཡིན་ན་ཡང་། ང་ཚོས་བྱམས་བརྩེའི་སྤྱི་ཚོགས་དེ་གོང་འཕེལ་དང་སྤྱི་ཚོགས་གཞན་ལ་ཕན་ཐོགས་རྒྱུ། ང་ཚོའི་བཟང་སྤྱོད་དང་དེ་དང་འབྲེལ་བའི་རིག་གཞུང་དང་སྐད་ཡིག་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་ཡོང་ཐུབ་རྒྱུར་དམིགས་བསལ་གྱིས་ལས་ཀ་ག་རེ་བྱ་མིན་ཐོག་དགོངས་པ་བཞེས་དགོས་རྒྱུ་དེ་གལ་ཆེན་པོ་མཐོང་གི་ཡོད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་རླབས་ཆེན་གྱི་དགོངས་པ་མང་དག་ཅིག་ཡོད་རེད། རྒྱལ་སྤྱིའི་ནང་ཞི་བདེ་དང་འཚེ་བ་མེད་པའི་ལམ། བྱམས་བརྩེའི་སྤྱི་ཚོགས་ཡོང་ཐུབ་རྒྱུར་འབད་བརྩོན་ཞེ་དྲགས་གནང་གི་ཡོད་རེད། ཅེས་གསུངས་སོང་།

 ཡང་ཚོགས་གཙོ་མཆོག་གིས། དེ་བཞིན་ང་ཚོས་ཀྱང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་བཞེད་དེ་དག་དྲིལ་བསྒྲགས་གནང་ཐུབ་རྒྱུ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐོག་ནས་བོད་ཀྱི་ཆོས་དང་རིག་གཞུང་ལ་ད་བར་དམིགས་བསལ་ཐུགས་སྣང་དང་རྒྱབ་སྐྱོར་ཡོང་བསྡད་ཡོད་རེད། མ་འོངས་པར་རྒྱབ་སྐྱོར་དེ་དག་མི་བརླག་པའི་ཆེད་དུ། ང་ཚོ་མི་རབས་འདིའི་ཐོག་ནས་འགན་ཁུར་ཞུ་ཐུབ་དགོས་རྒྱུ་དེ་གལ་ཆེན་པོ་ཞེ་དྲགས་མཐོང་གི་ཡོད། ང་ཚོའི་མི་རབས་འདིའི་ཐོག་ནས་འཐུས་ཤོར་ཕྱིན་པ་ཡིན་ན། མི་རབས་རྗེས་མར་རྩིས་སྤྲད་རྒྱུ་ཁག་པོ་ཞེ་དྲགས་ཡོད་རེད་ལ། མི་རབས་རྗེས་མ་རྣམས་ཀྱིས་ག་ཚོད་ཡོང་ཐུབ་མིན་དོགས་པའི་གཞི་ཞིག་ཆགས་ཀྱི་འདུག ང་ཚོ་མི་རབས་འདིའི་ཐོག་ནས་ཚད་དང་ལྡན་པ་ཞིག་ཡོང་བ་ཡིན་ན། མི་རབས་རྗེས་མའི་ལག་པའི་མཐིལ་ལ་རང་བཞིན་གྱི་བསླེབས་ཡོང་བ་དེ་ཆོས་ཉིད་ཆགས་ཡོད་དུས། ང་ཚོའི་མི་རབས་འདིའི་ཐོག་ནས་ནང་ཁུལ་གྱི་མཐུན་ལམ་ཡིན་ན་འདྲ། ཆོས་དང་རིག་གཞུང་། སྐད་ཡིག་སྲུང་སྐྱོབ་ཡིན་ན་འདྲ། རྒྱལ་སྤྱིའི་ཐོག་ཆབ་སྲིད་ཀྱི་ཞུ་གཏུག་བྱེད་ཕྱོགས་ཡིན་ན་འདྲ། གང་ལྟར་ང་ཚོས་ནུས་པ་ཤུགས་ཆེན་ཞིག་སྟོན་ཐུབ་པ་ཡིན་ན། མ་འོངས་པའི་མི་རབས་ཚོར་ང་ཚོར་མིག་དཔེ་ཆགས་ཀྱི་རེད། དེ་འདྲ་ཡིན་དུས་དེ་དག་གི་ཐོག་དགོངས་པ་བཞེས་ཐུབ་དགོས་རྒྱུ་དེ་གལ་ཆེན་པོ་རེད་འདུག་ལ། བོད་སྤྱིའི་བསོད་ནམས་གོང་མཐོར་གཏང་ཐུབ་དགོས་རྒྱུ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱུན་དུ་ཡོངས་གྲགས་ཀྱིས་དགུང་ལོ་བརྒྱ་དང་སུམ་ཅུ་ལྷག་བཞུགས་རྒྱུའི་ཞལ་བཞེས་གནང་ཡོད་རེད། མུ་མཐུད་ནས་སྐུ་འཚོ་བཞུགས་ཡོང་ཐུབ་རྒྱུར་རྣམ་དཀར་དགེ་ཚོགས་བསྒྲུབ་ཐུབ་རྒྱུ། ཚེ་ཐར་སྲོག་བླུ་གཏོང་ཐུབ་རྒྱུ། སོ་སོས་ཉིན་རེར་ལྷག་བསམ་རྣམ་དག་གིས་ཕྱག་ལས་གཅིག་གནང་ཐུབ་ན་ཡང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་ཚེ་རིང་དུ་འགྲོ་བའི་རྒྱུ་ཆགས་ཡོད། ཅེས་སོགས་གསུངས་སོང་།

 དེ་བཞིན་དེ་རིང་ལས་ཉིན་བརྒྱད་པའི་ཚོགས་དུས་ལྔ་པའི་སྟེང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཁྲིམས་འཆར་ཡིག་ཆ་ཨང་ ༤༧ དང་། བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་ཁྲིམས་ལུགས་དབང་འཛིན་གྱི་རྩ་འཛིན་ཁྲིམས་ཡིག་བསྐྱར་བཅོས་ཁྲིམས་འཆར་ཡིག་ཆ་ཨང་ ༤༨། བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་སྤྱི་མང་གཏུག་གཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་བསྐྱར་བཅོས་ཁྲིམས་འཆར་ཡིག་ཆ་ཨང་ ༤༩། གཞུང་འབྲེལ་ཁྲིམས་ཡིག་བསྐྱར་བཅོས་ཁྲིམས་འཆར་ཡིག་ཆ་ཨང་ ༥༠ ། གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་ཡིག་ཆ་ཨང་ ༥༡།  གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་ཡིག་ཆ་ཨང་ ༥༢ བཅས་བརྗོད་པ་གསུམ་པའི་ཐོག་ནས་སྤྱི་མོས་གཏན་འབེབས་གནང་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

ཆུ་ཚོད་ ༧ སྔོན་ལ།
Setti Warren directed the Harvard Institute of Politics out of the Harvard Kennedy School since 2022. By Claire Yuan
Mobile App

སྲིད་སྐྱོང་མཆོག་གིས་ཧྭ་ཝར་ཌིའི་སྐུ་ཞབས་ཝ་རན་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་གནང་།

ཆུ་ཚོད་ ༩ སྔོན་ལ།
UNICEF/UN073959/Clarke for UNOCHA
Mobile App

སྲིད་འགྱུར་དྲག་གནོན་དང་ཆབ་སྲིད་སྐྱབས་བཅོལ་བའི་དཀའ་སྡུག

ཆུ་ཚོད་ ༡༣ སྔོན་ལ།
Mobile App

སེངྒ་ལའི་ནང་༸གོ་སྟོན་སྲུང་གཙིའི་སླད་ཆོས་རྒྱལ་མྱ་ངན་མེད་ཀྱི་རྡོ་རིང་གསར་བཞེངས་མཛད།

ཆུ་ཚོད་ ༡༤ སྔོན་ལ།
Mobile App

བོད་ཀྱི་གཞོན་སྐྱེས་ཚོའི་བསམ་བློའི་ནུས་པ་ཕྲ་མོ་རྣམས་གློག་གི་ནུས་པ་དང་ཟུང་འབྲེལ་བྱས་ཏེ་མིའི་རྣམ་དཔྱོད་རྩལ་དུ་འདོན་ཐབས་ལ་ཞིབ་འཇུག་བྱེད་ཀྱི་འདུག

༢༠༢༥/༡༡/༠༣
Mobile App

བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བཅུ་གཅིག་པ་དབུ་འཛུགས་གནང་སོང་།

༢༠༢༥/༡༡/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese