མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྷོ་ཤར་ཨེ་ཤ་ཡའི་ནང་པའི་རྒྱལ་ཁབ་ཁག་གིས་བརྟན་བཞུགས་བསྟར་འབུལ་ཞུས།

བོད་ཀྱི་དུས་བབ།
༢༠༢༥/༠༩/༢༠
Share on FacebookShare on TwitterShare on EmailShare on Whatsapp

༸གོང་མཆོག་ནས་ཆབ་སྲིད་ཀྱི་ཐོག་ནས་འགྱུར་བ་མང་པོ་ཞིག་བྱུང་ཡོད་ཀྱང་ངོས་ཀྱི་རྩ་བའི་དམ་བཅའ་སྡེ་སྣོད་གསུམ་ཉར་ཚགས་བྱ་རྒྱུ་གལ་ཆེན་དོན་ཆེན་ཞིག་ལ་བརྩིས་ཡོད། ཅེས་བཀའ་སློབ་བསྩལ་སོང་།

༧གོང་ས་མཆོག་ལ་ལྷོ་ཤར་ཨེ་ཤ་ཡའི་ནང་པའི་རྒྱལ་ཁབ་ཁག་གིས་བརྟན་བཞུགས་བསྟར་འབུལ་ཞུས། ༢༠༢༥།༠༩།༢༠ དུས་བབ་ཀྱི་སྐུ་པར།

དེ་རིང་ཕྱི་ཟླ་ ༩ ཚེས་ ༢༠ ཉིན་གྱི་སྔ་དྲོར་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ལྷོ་ཤར་ཨེ་ཤ་ཡའི་ནང་པའི་རྒྱལ་ཁབ་ཁག་དང་ཀོ་རི་ཡའི་ནང་པ་རྣམས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་། སྐབས་དེར་༧གོང་ས་མཆོག་དབུ་བཞུགས་ཐོག་ལྷོ་ཤར་ཨེ་ཤ་ཡའི་ནང་པའི་རྒྱལ་ཁབ་ཁག་ནས་སོ་སོའི་རྒྱལ་ཁབ་ཀྱི་རིག་གཞུང་འཁྲབ་སྟོན་གཟུགས་འབུལ་ཞུས་སོང་། དེ་རིང་གི་བརྟན་བཞུགས་དེའི་སྟེང་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གི་དད་ལྡན་མང་ཚོགས་གཙོས་དྷ་ས་ཁུལ་གྱི་སེར་སྐྱ་མི་མང་བཅས་འཛོམས་འདུག

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། ངོས་རང་མདོ་སྨད་ཀྱི་ས་ཁུལ་དུ་སྐྱེས་ཏེ་དེ་ནས་ལྷ་ས་བསླེབ། ཆུང་དུས་དགེ་རྒན་རྣམ་པའི་ཐུགས་རྗེ་བཀའ་དྲིན་གྱིས་དཔེ་ཆ་ལ་བལྟས་ཡོད། ཁ་དོག་དཀར་དམར་ནས་ཚད་མ་དང་དབུ་མ། འདུལ་བའི་གཞུང་ལ་བལྟས་པ་རེད། མཛོད་ལ་དོ་སྣང་ཞེ་དྲགས་བྱེད་རྒྱུ་མ་བྱུང་། དེའི་ནང་རི་རབ་གླིང་བཞི་གླིང་ཕྲན་བཤད་ཡོང་དུས། དེ་ཙམ་དགོས་པ་ཆེ་བ་ཡང་མཐོང་མ་བྱུང་། གཞན་དབུ་ཕར་གྱི་གཞུང་དེ་དག་ལ་བལྟས་པ་རེད། ལྷག་དོན་ཤེས་པའི་རྣམ་བཞག་ལ་བལྟས་ཡོང་དུས་སེམས་ཁམས་རིག་པའི་སྐོར་དང་། ལུས་དེ་ཡུལ་ལ་འཇུག་ཚུལ་གྱི་སྐོར་ཧ་ཅང་གསལ་བོ་དང་ནུས་པ་ཆེན་པོ་ཡོད་བསྡད་པ་ཞིག་རེད། ངོས་ཀྱིས་གཞུང་དེ་དག་གལ་ཆེན་པོ་བརྩིས་ནས་ཧུར་ཐག་འབད་ཐག་བལྟས་པ་ཡིན། ཞོགས་པ་ཡར་ལངས་པ་དང་རྗེ་བཙུན་འཇམ་དཔལ་དབྱངས་ལ་གསོལ་བ་བཏབ་ཡིན།  སྐབས་དེ་དུས་མཚན་ཞབས་ཚོས་ཀྱང་རོགས་རམ་བཀའ་དྲིན་བསྐྱངས་ཏེ་དཔེ་ཆ་མང་པོ་བལྟས་པ་རེད། གདན་ས་ཁག་ཏུ་གྲྭ་སྐོར་བྱས་པ་དང་། ལྷ་སའི་གཙུག་ལག་ཁང་ནས་དམ་བཅའ་བཞག་པ་སོགས་ཧ་ཅང་སྐལ་བ་བཟང་པོ་བྱུང་། ངོས་རང་གང་ཡང་མི་ཤེས་པའི་གྲོང་གསེབ་ཀྱི་ཕྲུ་གུ་ཞིག་རེད། ལྷ་སར་བསླེབ་ནས་གཞུང་དེ་དག་བལྟས་ཏེ་གང་འཚམ་རྣམ་དཔྱོད་འཕེལ་བ་ཧ་ཅང་སྐལ་བ་བཟང་བོ་བྱུང་། མཚན་ཞབས་ཚོའང་ཧ་ཅང་བཀའ་དྲིན་ཆེན་པོ་རེད། མཚན་ཞབས་ཀྱི་ནང་ནས་དཔེ་ཆ་ཡག་པོའི་གྲས་སུ་རྩོད་པ་བརྩད་པ་དང་། གཞུང་གོང་འོག་བསྒྲིགས་ཏེ་བསམ་བློ་བཏང་། མཚན་ཞབས་ནང་ནས་བདེ་ཡངས་མཚན་ཞབས་ལ་རིག་པ་ཧ་ཅང་གསལ་བོ་ཡོད་པ་མ་རེད། ངོས་ཀྱིས་བདེ་ཡངས་མཚན་ཞབས་ལ་ཐུབ་མདོག་མདོག་བཤད་ཀྱི་ཡོད། བདེ་ཡངས་མཚན་ཞབས་ལ་སྐད་ཆ་བཤད་དུས་ངོས་རང་གྲུང་པོ་ཡོད་པ་རེད། དེ་འདྲ་བྱས་ཏེ་ངོས་ཀྱི་མི་ཚེ་བསྐྱལ་བ་རེད། དེ་ནས་གྲྭ་སྐོར་བཞག་པ་དང་ལྷ་སའི་གཙུག་ལག་ཁང་དུ་དགེ་བཤེས་ཀྱི་དམ་བཅའ་བཞག་པ་ཧ་ཅང་སྐལ་བ་བཟང་བོ་ཡིན། ཞེས་གསུངས་སོང་།

༧གོང་ས་མཆོག་ལ་ལྷོ་ཤར་ཨེ་ཤ་ཡའི་ནང་པའི་རྒྱལ་ཁབ་ཁག་གིས་བརྟན་བཞུགས་བསྟར་འབུལ་ཞུས། ༢༠༢༥།༠༩།༢༠ དུས་བབ་ཀྱི་སྐུ་པར།

༸མགོན་པོ་གང་ཉིད་མཆོག་ནས།  ཆབ་སྲིད་ཀྱི་འགྱུར་བ་མང་པོ་བྱུང་བ་རེད། ཡིན་ནའང་ངོས་ཀྱི་རྩ་བའི་དམ་བཅའ་སྡེ་སྣོད་གསུམ་ཉར་ཚགས་བྱ་རྒྱུ་དེ་གལ་ཆེན་དོན་ཆེན་ཞིག་ལ་བརྩིས་ཡོད། མཐའ་མར་ནོར་བུ་གླིང་ཁ་ནས་ཡོང་དུས། དེར་ཡོད་པའི་མགོན་པའི་སྣང་བརྙན་ཞིག་ཡོད་པ་དེར་གསོལ་བ་བཏབ་པ་ཡིན། ནོར་བུ་གླིང་ཁ་ནས་གྲུ་བསྡད་དེ་ལྷ་སའི་གཙང་པོ་བརྒལ་ཡོང་དུས། ཕྱིར་བལྟས་བྱེད་སྐབས་སེམས་སུ་དགའ་སྐྱོ་ཟུང་འབྲེལ་བྱུང་། ཕྱོགས་གཅིག་ནས་ལྷ་ས་ཁ་བྲལ་སྟེ་སེམས་སྐྱོ་བོ་ཡོང་བ་ཞིག་དང་། ཡང་ཕྱོགས་གཅིག་ནས་རང་དབང་གི་སར་བསླེབས་ཀྱི་ཡོད་པའི་ཆ་ནས་སྤྲོ་བ་བྱུང་། དེ་ནས་རིམ་བཞིན་མོན་ནས་རྒྱ་གར་ཏུ་བསླེབ་པ་རེད། རྒྱ་གར་གྱི་སྲིད་བློན་ནེ་ཧ་རུ་སོགས་ཀྱིས་དངོས་གནས་ཤ་ཚ་རྣམ་དག་གི་ཐོག་ནས་རོགས་རམ་དང་མཐུན་རྐྱེན་སྒྲུབ་པར་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན། རྒྱ་གར་ནང་དངོས་གནས་བདེ་སྐྱིད་ལྡན་པའི་ཐོག་ནས་འབྱོར་བ་རེད། རྒྱ་གར་འབྱོར་རྗེས་འཛམ་གླིང་གང་ས་ནས་ཡོང་བའི་ནང་ཆོས་ཐོག་དོ་སྣང་ཡོད་མཁན་རྣམས་ལ་འགྲེལ་བཤད་བརྒྱབ་པའི་སྐལ་བ་བཟང་པོ་ཡིན། འཛམ་གླིང་འདིར་ཆོས་ལུགས་འདྲ་མིན་མང་པོ་ཡོད་ཀྱང་། སངས་རྒྱས་ཀྱི་ཆོས་དེ་སེམས་ཁམས་རིག་པ་འབྲེལ་བ་ཡོད་པ་དང་། ཕྱི་དངོས་པའི་གནས་ཚུལ་ཕྲ་རགས་ཀྱི་ཐོག་ནས་བཤད་རྒྱུ་ཧ་ཅང་བཟང་པོ་རེད། ངོས་རང་གཉིད་སད་མ་ཐག་ནས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་སྐོར་ལ་བསམ་བློ་བཏང་སྟེ་མི་ཚེ་བསྐྱལ་བ་རེད། དེ་རིང་རྒྱ་གར་འཕགས་པའི་ཡུལ་གྱི་ནུབ་ཕྱོགས་ཀྱི་ས་ཁུལ་འདིར་ངོས་ཀྱི་སྐྱེས་སྐར་རམ་ཁྱེད་ཚོའི་དད་པའི་ཀུན་ནས་བླངས་ཏེ་ཚོགས་འདུ་འཚོག་པ་རེད། དེ་རིང་འདིར་ནང་པའི་ཡུལ་གྲུ་ཁག་ནས་དགེ་སློང་རྣམ་པ་ཕེབས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འཛམ་གླིང་གི་ཡུལ་གྲུ་གང་ས་ནས་བསླེབ་པ་ཚང་མ་རྒྱུ་དངོས་པོ་བལྟས་ཡོང་བ་མ་རེད། དངོས་གནས་དྲང་གནས་ཆོས་ཕྱོགས་ཀྱི་སེམས་ཤུགས་བསྐྱེད་དེ་འཛོམས་པ་རེད། ངོས་རང་ལ་ཆ་བཞག་ནའང་ལོ་འདི་དག་རིང་དཔེ་ཆ་བལྟས་ཏེ། ཉིན་རེ་བཞིན་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་བསྒོམ་ནས་མི་ཚེ་བསྐྱལ་བཞིན་ཡོད། དེ་རིང་འདིར་ཆོས་གྲོགས་མང་པོ་མཉམ་དུ་འཛོམས་པ་ཧ་ཅང་དགའ་བོ་བྱུང་། ཐུགས་རྗེ་ཆེ་ཞུ་ཡིན། ཞེས་གསུངས་སོང་།

༸གོང་ས་མཆོག་ནས། ངོས་རང་གིས་སངས་རྒྱས་ཆོས་ཀྱི་ཉམས་ལེན་ཧུར་ཐག་འབད་ཐག་བྱེད་བཞིན་ཡོད། གཙོ་བོ་འདུལ་བའི་དོགས་པའི་ཐོག་ནས་ཕར་ཕྱིན་དང་། དབུ་མའི་རིག་པ་དེ་ལ་སྦྱར་གྱི་ཡོད། ངོས་ཀྱི་བསམ་བློ་བཏང་ན་རང་ཉིད་ཆོས་པ་ཡག་པོ་ཞིག་ཆགས་བསྡད་ཡོད། ཉིན་རེ་བཞིན་དུ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་བསྒོམ་ནས་མི་ཚེ་བསྐྱལ་བཞིན་ཡོད། སྔོན་མ་རྒྱ་ནག་ཏུ་ཕྱིན་པའི་སྐབས་སུ་དེ་ག་རང་བྱས་ཏེ་ཕྱིན་པ་ཡིན། ངོས་ཀྱིས་མའོ་ཙེ་ཏུང་ལ་ཐེངས་མང་པོ་ཐུག་པ་རེད། ཁོས་ངོས་རང་ལ་ཧ་ཅང་དགའ་བོ་བྱེད་ཀྱི་རེད། མའོ་ཙེ་ཏུང་གིས་ངོས་རང་ལ་ཆོས་ཟེར་བ་དུག་རེད་ཅེས་བཤད་བྱུང་། ངོས་རང་སེམས་མ་བདེ་བ་ཏོག་ཙམ་བྱུང་ཡང་། མའོ་ཙེ་ཏུང་སྙིང་རྗེ་བསམ་པ་ཞིག་སེམས་སུ་འཁོར་བྱུང་། དེ་ནས་ཕྱི་ལོ་ ༡༩༥༩ ལོའི་དོན་རྐྱེན་བྱུང་སྟེ་རྒྱ་གར་དུ་བསླེབ་པ་རེད། རྒྱ་གར་རང་དབང་ལུང་པའི་ནང་དུ་སོ་སོའི་ཆོས་བྱེད་པ་དང་མི་གཞན་ལ་ཆོས་བཤད་པ། དངོས་ཡོད་གནས་ཚུལ་འཛམ་གླིང་དུ་བཤད་པ་རེད། འཛམ་གླིང་དུ་ནང་པའི་ཆོས་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་འདུག ངོས་རང་ལ་རྒྱལ་བ་རིན་པོ་ཆེ་ཞེས་ཆོས་ཕྱོགས་ཀྱི་མགོ་ཁྲིད་ཞིག་ལ་ངོས་འཛིན་བྱས་ཏེ། འཛམ་གླིང་གང་ས་ནས་ནང་པའི་ཆོས་ཀྱི་ཐོག་བགྲོ་གླེང་བྱེད་པར་ཡོང་བསྡད་ཀྱི་འདུག ངོས་རང་གིས་ཧུར་ཐག་འབད་ཐག་བྱས་པ་ཡིན། དེ་རིང་འདིར་ནང་པའི་དུས་ཚིགས་ཤིག་དང་བསྟུན་ནས་འདིར་ཚོགས་འདུ་འཚོག་པ་རེད། དགེ་སློང་རྣམ་པ་ཕེབས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་མིན་ལུང་པ་འདྲ་མིན་གྱི་སེར་སྐྱ་མང་པོ་ཡོད་པ་རེད། དངོས་གནས་ཚང་མ་ལྷག་བསམ་གཅིག་ཏུ་དཀར་པ་རེད། བསྟན་པའི་བྱ་བ་བསྒྲུབ་བསམ་པའི་དད་པ་དང་དམ་ཚིག་གི་བློ་ཕྱུག་པོའི་ཐོག་ནས་དེ་རིང་འཛོམས་པ་རེད། ངོས་རང་ཕ་ཡུལ་ནས་ལྷ་སར་ཡོང་ནས་དཔེ་ཆ་བལྟས་ཏེ་མཐའ་མར་གཙུག་ལག་ཁང་དུ་གྲྭ་སྐོར་དམ་བཅའ་བཞག་པ་ཡིན། བསྟན་པ་བཀའ་དྲིན་གྱི་རྗེས་འཇུག་ཧུར་ཐག་འབད་ཐག་བྱས་པ་དེ་འདྲ་ཡིན། ངོས་ལ་བསྟན་པ་འཛིན་མཁན་རྒྱལ་བ་རིན་པོ་ཆེ་ཞེས་དགའ་མོས་བྱེད་མཁན་མང་པོ་ཞིག་ཡོང་བསྡད་ཀྱི་འདུག ཚང་མའི་རྒྱུད་དུ་དགེ་བའི་ས་བོན་གང་འཚམ་འདེབས་ཐུབ་ཀྱི་ཡོད་པ་རེད། དུས་ཚིགས་འདི་དང་བསྟུན་ནས་ཆོས་པ་མང་པོ་ཞིག་འཛོམས་འདུག ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

༧གོང་ས་མཆོག་ལ་ལྷོ་ཤར་ཨེ་ཤ་ཡའི་ནང་པའི་རྒྱལ་ཁབ་ཁག་གིས་བརྟན་བཞུགས་བསྟར་འབུལ་ཞུས། ༢༠༢༥།༠༩།༢༠ དུས་བབ་ཀྱི་སྐུ་པར།

དགའ་ལྡན་ཕོ་བྲང་གི་དྲ་རྒྱའི་སྟེང་གི་མཛད་འཆར་ལྟར་ན།  ཕྱི་ཟླ་ ༡༠ ཚེས་ ༣ ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ཐའེ་ཝན་གྱི་དད་ལྡན་མང་པོས་ཇི་ལྟར་གསོལ་བ་བཏབ་པ་ལྟར། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཆོས་འབྲེལ་བཀའ་དྲིན་སྩལ་རྒྱུ། ཕྱི་ཟླ་ ༡༠ ཚེས་ ༨ ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ཨོ་སི་ཊི་ལི་ཡ་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པ་དང་། ཡུ་རོབ་བོད་རིགས་ཚོགས་པ། བོད་ཀྱི་གཞོན་ནུ་ལྷན་ཚོགས་བཅས་ཀྱིས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ། དེ་བཞིན་ཕྱི་ཟླ་བ་ ༡༡ ཚེས་ ༡༧ ཉིན་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། དབུས་བོད་སློབ་འཛིན་སྐྱོང་ཚོགས་པའི་ཁྱབ་ཁོངས་གྱི་གཏན་སློབ་(CST)ཁག་བདུན་གྱི་སློབ་མ་ཟུར་པ་དང་། བོད་ཕྲུག་ཁྱིམ་སྡེ། མ་སུ་རིའི་བོད་ཁྱིམ། རྒྱ་གར་དང་བལ་ཡུལ་གྱི་ཉིན་སློབ་ཁག་བཅས་ནས་འཚོག་གཏན་འཁེལ་བའི་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོར་ཆིབས་བསྒྱུར་བསྐྱང་རྒྱུ་ཡིན་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་དགུ་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

སྐབས་བཅོ་བརྒྱད་པའི་གྲོས་ཚོགས་ཚོགས་དུས་གཉིས་པ་མཇུལ་བསྒྲིལ་སོང་། 

ཆུ་ཚོད་ ༥ སྔོན་ལ།
THE MONK AND THE GUN (དྲ་རྒྱའི་པར།)
Featured Blogger

སྔ་དྲགས་པའི་དམངས་གཙོ་དང་རྙིང་དྲགས་པའི་མེ་མདའ་།

ཆུ་ཚོད་ ༨ སྔོན་ལ།
རྒྱ་ནག་དམངས་གཙོ་དོན་གཉེར་བ་རྣམས་ཀྱིས་ངོ་རྒོལ་བྱེད་བཞིན་པ། པར་ཝང་ཌན་གྱི་ངོ་དེབ་ནས་བླངས།
Mobile App

ཞི་ཅིན་ཕིན་ལ་ངོ་རྒོལ་བྱེད་མཁན་བོད་རིགས་གཅིག་པུ་རེད་དམ།

ཆུ་ཚོད་ ༩ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་བརྒྱད་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ནི་ང་ཚོའི་སྒལ་ཚིགས་ལྟ་བུ་རེད་ཅེས་གསུངས་སོང་། 

༢༠༢༦/༠༩/༢༤
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གྲོས་གཞིའི་ནང་ཚུད་དགོས་ཟེར།  

༢༠༢༦/༠༩/༢༤
Liu Zhenli (left) and Zhang Youxia, are former members of China's top military authority. Photos: Handout, EPA
Mobile App

རྒྱ་ནག་གི་མཐོ་རིམ་དཔོན་རིགས་གཉིས་དམག་སྲིད་ཏང་གསུམ་གྱི་ཁོངས་ནས་ཕྱིར་ཕུད་བྱས།

༢༠༢༦/༠༩/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese