མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིར་དགའ་ཞེན་ཆེ་བའི་རྒྱ་རིགས་བུད་མེད་ཅིག་འཛིན་བཟུང་བྱས་ཏེ་གོ་ཐོས་མེད་པར་གྱུར།

བོད་ཀྱི་དུས་བབ།
༢༠༢༥/༠༩/༢༣
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་སོགས་ལ་དོ་དབྱིངས་ཆེ་བའི་རྒྱ་རིགས་བུད་མེད་བོད་མིང་ལ་དབང་མཚོ་དང་རྒྱ་མིང་ལ་ཀྲང་ཡ་ཌི་ལགས་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས་ཏེ་ཟླ་བ་གཉིས་ཙམ་འགྲོ་བཞིན་ཡོད་ཀྱང་གོ་ཐོས་གང་ཡང་མེད་པར་གྱུར་འདུག

བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་ལ་དོ་དབྱིངས་ཆེ་བའི་རྒྱ་རིགས་བུད་མེད་བོད་མིང་ལ་དབང་མཚོ་དང་རྒྱ་མིང་ལ་ཀྲང་ཡ་ཌི། སྐལ་བཟང་ཡར་འཕེལ་གྱི་པར།

འདི་ལོའི་ཕྱི་ཟླ ༧ པའི་ནང་ཧྥ་རན་སིར་སློབ་སྦྱོང་བྱེད་བཞིན་པའི་རྒྱ་རིགས་བུད་མེད་ཀྲང་ཡ་ཌིའམ་བོད་མིང་ལ་དབང་མཚོ་ལགས་ཕ་མ་གཉིས་དང་ནང་མིར་ཐུག་འཕྲད་དུ་ཕྱིན་རྗེས།  ཟླ་དེའི་ཕྱི་ཚེས་ ༣༡ ཉིན་བོད་ཡུན་ནན་ཞིང་ཆེན་གྱི་ནང་ནས་རྒྱ་ནག་གཞུང་གིས་ཁོང་མོ་གློ་བུར་དུ་འཛིན་བཟུང་བཙན་འཁྲིད་བྱས་ཡོད་པ་དང་། ཟླ་གཅིག་དང་ཉིན་གྲངས་ ༢༣ ལྷག་འགྲོ་བཞིན་ཡོད་ཀྱང་ཁོང་མོའི་ཁ་པར་སོགས་ཚང་མ་རྒྱ་གཞུང་ཉེན་རྟོག་པས་བཙན་འཕྲོད་བྱས་ཡོད་སྟབས། ཁོང་མོའི་ནང་མི་ཚོས་ཀྱང་གནས་སྟངས་གང་ཡང་ཤེས་རྟོགས་མི་ཐུབ་པར་གྱུར་ཡོད་འདུག

དེ་རིང་ཕྱི་ཚེས་ ༢༣ ཉིན་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་དེ་འབྲེལ་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་དུ། རྒྱ་ནག་གི་དབང་འཛིན་པས་རང་ལོ་ ༢༢ ཡིན་པའི་སློབ་ཕྲུག་ལས་འགུལ་བ་ཀྲང་ཡ་ཌི་ཡིས་མི་རིགས་དྲང་བདེན་མ་བྱུང་བ་དང་། འཛམ་གླིང་ཡོངས་ཀྱི་གཞོན་སྐྱེས་མང་པོ་ལྟར་ཞི་བདེའི་ངང་ཐོབ་ཐང་ལོངས་སུ་སྤྱོད་འདོད་ཡོད་པའི་སྐད་ཆ་བཤད་པ་དེ་ཁྲིམས་འགལ་གྱི་བྱ་སྤྱོད་ཅིག་གཏན་ནས་མིན་པས། ཁོང་མོ་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པའི་འབོད་སྐུལ་གནང་འདུག

ཁོང་མོའི་དགའ་རོགས་སྐལ་བཟང་ཡར་འཕེལ་ལགས་ཀྱིས་འདི་ག་གསར་ཁང་ལ། ཐོག་མར་ངེད་གཉིས་ཐུག་དུས་ཁོང་མོས་བོད་ཡིག་གི་ཀ་སྨད་སུམ་ཅུ་ཤེས་ཀྱི་འདུག་ཀྱང་། ཚིག་གྲུབ་སོགས་བཟོ་ཤེས་ཀྱི་མེད་པས་བོད་ཀྱི་སྐད་ཡིག་ལ་དུང་ཞེན་དང་བག་ཆགས་ཟབ་མོ་ཡོད་ན། ངས་བོད་ཡིག་བསླབ་དགོས་ཟེར་ནས་ཐོག་མར་བློ་གསལ་འཇུག་ངོགས་ཀྱི་རྩ་ཚིག་སོགས་བློར་འཛིན་དུ་བཅུག་ནས་སུམ་རྟགས་དག་གསུམ་སློབ་མགོ་བཙུགས་པ་ཡིན། མོས་དྲ་ལམ་ནས་ཀྱང་བོད་ཡིག་སློབ་ཚན་གཉིས་བླངས་ནས་འབད་བརྩོན་བྱས་ཏེ་བོད་ཡིག་ཡག་པོ་ཆགས་ཡོད་རེད། ཅེས་བརྗོད་བྱུང་། 

ཡང་དབང་མཚོ་ལགས་ཀྱིས་ཁྲིམས་འགལ་ནག་ཉེས་གང་ཡང་བསགས་མེད་སྐོར་ལ་ཁོང་གིས། རྒྱ་ནག་གཞུང་གིས་ཁོང་མོར་སྙོན་འཛུགས་ག་རེ་བྱས་མིན་ཐད་ད་ལྟའང་ཁ་གསལ་མེད་ནའང་། མོ་རང་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་དོ་སྣང་དང་དགའ་ཞེན་ཆེན་པོ་ཡོད་པ་དེ་རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་ངོ་བོར་བསྒྱུར་ནས་འཛིན་བཟུང་བྱས་པ་མིན་འགྲོ་བསམ་གྱི་འདུག ཅེས་དང་། ཁོང་མོ་ནི་བོད་དོན་རྒྱབ་སྐྱོར་གླེང་སྟེགས་ཀྱི་རྩོམ་སྒྲིག་པ་ཡིན་པ་དངོས་བདེན་ཡིན་ཡང་། གླེང་སྟེགས་དེའི་སྟེང་ནས་དངོས་གནས་ཀྱི་གནས་སྟངས་དང་རང་བྱུང་ཁམས་གཙོས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སོགས་ཀྱི་ཐད་ལ་དྲང་བདེན་གྱི་རྩོམ་ཡིག་སྤེལ་རྒྱུས་མཚོན་པའི་སྲུང་སྐྱོབ་དགོས་པའི་གླེང་སློང་གནང་གི་ཡོད་པ་རེད།  དེ་ནི་རིག་གཞུང་ཞིག་ལ་དུང་བ་དང་དགའ་ཞེན་བཅངས་སྟངས་ཤིག་ཡིན་པ་ལས་ཆབ་སྲིད་ཀྱི་གནད་དོན་ཞིག་གཏན་ནས་མིན་སྐོར་སོགས་བརྗོད་བྱུང་།

སྐལ་བཟང་ཡར་འཕེལ་ལགས་དང་ཁོང་གི་ཆུང་མ་དབང་མཚོ། སྐལ་བཟང་ཡར་འཕེལ་གྱི་པར།

ད་ལྟ་རང་ལོ་ ༢༢ ཡིན་པའི་དབང་མཚོ་ལགས་ནི་རྒྱ་ནག་ཧུ་ནན་ཞིང་ཆེན་ནས་ཡིན ཞིང་།  ཕྱི་ལོ་ ༢༠༢༢ ལོ་ནས་ཧྥ་རན་སིར་ཕྱིན་ཏེ་ཚོང་དོན་རིག་པའི་སློབ་གཉེར་བྱས་ཡོད་འདུག་ལ། སློབ་གཉེར་གྱི་ཞོར་དུ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད་ཕྱག་ལས་གང་མང་གནང་ཡོད་འདུག  ཁོང་མོ་ནི་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་པ་རྣལ་མ་ཞིག་ཡིན་པ་མ་ཟད། དུས་རྒྱུན་ཁ་འདོན་དགེ་སྦྱོར་བྱེད་པར་དགའ་ཞིང་། བོད་སྐད་བོད་ཡིག་ལ་དོན་གཉེར་ཧ་ཅང་ཆེ་བ་སོགས་བོད་དང་བོད་མིར་དགའ་ཞེན་ཆེན་པོ་ཡོད་མཁན་ཞིག་ཡིན་འདུག 

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༣།༡༥
Mobile App

རྩིས་ལོ་ ༢༠༢༦ ་་་ ༢༠༢༧ ལོར་སྔོན་རྩིས་ཧིན་སྒོར་ས་ཡ་ ༣༤༠༧།༤༢ འཆར་འབུལ་ཞུས་འདུག 

ཆུ་ཚོད་ ༢༢ སྔོན་ལ།
སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པ་འཚོག་བཞིན་པ། ༢༠༢༦།༣།༡༦ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བདུན་པའི་སྔོན་རྩིས་གྲོས་ཚོགས་འཚོག་མགོ་བཙུགས།

༢༠༢༦/༠༣/༡༦
བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

༢༠༢༦/༠༣/༡༣
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

༢༠༢༦/༠༣/༡༢
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

༢༠༢༦/༠༣/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese