མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྒྱུ་རྩལ་འགྲེམས་སྟོན་ལ་ཁ་གཡར་ཏེ་བོད་ཀྱི་ཁོར་ཡུག་གཏོར་སྐྱོན་བཏང་བར་ངོ་རྒོལ་བྱས།

བོད་ཀྱི་དུས་བབ།
༢༠༢༥/༠༩/༢༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་རིགས་སྒྱུ་རྩལ་བ་ཚའེ་གོ་ཆང་ཟེར་བ་དང་ཁེ་ན་ཌའི་གྱོན་ཆས་བཟོ་ཚོང་ཁང་གཉིས་ཀྱིས་རྒྱལ་རྩེ་རྫོང་ར་ལུང་ཡུལ་ཚོའི་ཧི་མ་ལ་ཡའི་རི་འདབས་སུ་ཤོག་སྦག་གི་སྒྱུ་རྩལ་འགྲེམས་སྟོན་བྱས་ནས་བོད་ཀྱི་ཁོར་ཡུག་གཏོར་སྐྱོན་བཏང་བར་ངོ་རྒོལ་བསྒྲགས་གཏམ་སྤེལ།

སྒྱུ་རྩལ་འགྲེམས་སྟོན་ལ་ཁ་གཡར་ཏེ་བོད་ཀྱི་ཁོར་ཡུག་གཏོར་སྐྱོན་བཏང་བར་ངོ་རྒོལ་བྱས། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༥།༩།༢༤

 དེ་རིང་ཕྱི་ཚེས་ ༢༤ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འགྲམ་གྱི་བོད་ཀྱི་དཔའ་བོ་དཔའ་མོའི་རྗེས་དྲན་རྡོ་རིང་མདུན་དུ། དྷ་ས་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག ཉེ་ལམ་བོད་གཞིས་ཀ་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་ར་ལུང་ཡུལ་ཚོའི་ཧི་མ་ལ་ཡའི་རི་འདབས་སུ། རྒྱ་ནག་གི་སྒྱུ་རྩལ་བ་ཚའེ་གོ་ཆང་ཟེར་བ་དང་ཁེ་ན་ཌའི་གྱོན་ཆས་བཟོ་ཚོང་ཁང་ (Arc’teryx)གཉིས་ཀྱིས་མཉམ་འབྲེལ་ཐོག འབྲུག་དབྱིབས་མཚོན་མདངས་ཅན་གྱི་ཤོག་སྦག་མང་པོ་སྤར་སྟེ་བོད་ཀྱི་ཁོར་ཡུག་གཏོར་སྐྱོན་བཏང་བར་ངོ་རྒོལ་གྱི་བསྒྲགས་གཏམ་ཞིག་སྤེལ་ཏེ། རྒྱ་ནག་གིས་བོད་ནང་གི་རང་བྱུང་ཁོར་ཡུག་ལ་གཏོར་བརླག་གཏོང་བར། རྒྱལ་སྤྱིའི་ནང་ཐེར་འདོན་བྱ་རྒྱུ་གལ་ཆེན་ཡིན་སྐོར་སོགས་བརྗོད་སོང་།

 གནད་དོན་དེ་དང་འབྲེལ་ནས་དྷ་ས་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་ལྷོ་བྲག་མཐར་ཕྱིན་ལགས་ཀྱིས་འདི་གའི་གསར་འགོད་པར། བོད་ནང་གི་བོད་མི་རྣམས་དང་དམིགས་བསལ་རྒྱ་རིགས་ཁོར་ཡུག་ཐོག་དོ་སྣང་བྱེད་མཁན་མང་པོས་བོད་ཀྱི་ཁོར་ཡུག་གཏོར་སྐྱོན་བཏང་བར་སྐྱོན་བརྗོད་བྱས་ཡོད་པ་རེད། ཡིན་ནའང་བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ཀྱིས་བོད་ནང་དུ་དཀའ་ངལ་འཕྲད་བཞིན་པའི་གནད་དོན་ཐོག་འགན་འཁུར་རྒྱུ་གལ་ཆེན་པོ་ཆགས་ཡོད། དེའི་ཆེད་དུ་ལས་འགུལ་སྤེལ་དགོས་རྒྱུ་གལ་ཆེན་པོ་རེད། ད་ལན་གྱི་གསར་འགོད་བསྒྲགས་གཏམ་ནང་ཞུས་པ་བཞིན་ཚའེ་གོ་ཆང་གིས་ཤོག་སྦག་སྤར་བ་དེ་ཁོར་ཡུག་གནད་དོན་ཁྲོད་ཀྱི་དཔེ་མཚོན་གཅིག་ཆགས་པ་རེད། ད་ལན་གྱི་གནད་དོན་འདིས་ག་རེ་སྟོན་གྱི་ཡོད་རེད་ཟེར་ན། རྒྱ་ནག་གཞུང་གི་ས་གནས་དབང་འཛིན་པ་ཚོས་དབང་ཆ་བེད་སྤྱོད་བཏང་ནས་ཁོར་ཡུག་ལ་གནོད་སྐྱོན་བཟོས་པར་བསམ་བློ་གཏོང་གི་མེད་པ་གསལ་པོ་རེད། བོད་ནང་དུ་རྒྱ་ནག་གི་དབང་འཛིན་པ་མང་དུ་ཕྱིན་པ་དང་།  ཁོ་ཚོ་བརྒྱུད་ནས་བོད་ཀྱི་ཁོར་ཡུག་གཏོར་སྐྱོན་གྱི་གནད་དོན་ཡོང་བཞིན་པ་རེད། གནད་དོན་འདིའི་རིགས་ཀྱི་ཐོག་ཕྱི་རྒྱལ་དུ་ཡོད་པའི་བོད་མི་རྣམས་ཀྱིས་ངོ་རྒོལ་ལས་འགུལ་སྤེལ་དགོས། རྒྱལ་སྤྱིའི་སྡིངས་ཆའི་སྟེང་བོད་ནང་གི་གནད་དོན་ཐོག་གསལ་སྟོན་བྱ་རྒྱུ་གལ་ཆེན་པོ་རེད། ཐེངས་འདིའི་ཁོར་ཡུག་གི་གནད་དོན་ཐོག་རྒྱ་ནག་ནང་གླེང་སློང་ཤུགས་ཆེན་པོ་བྱས་སོང་། རྒྱ་རིགས་རྣམས་ཀྱིས་བོད་ཀྱི་ཁོར་ཡུག་ཐོག་དོ་སྣང་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འོན་ཀྱང་། གནད་དོན་འདི་ནི་ཁོར་ཡུག་གི་གནད་དོན་གཅིག་པུ་མ་རེད། དེ་ནི་བོད་དེ་རྒྱ་ནག་གིས་བཙན་ཤེད་དང་ཧམ་བཤད་བྱས་པའི་གནད་དོན་ལས་བྱུང་བ་ཞིག་རེད། ང་ཚོས་རྒྱ་རིགས་རྣམས་ལ་གནད་དོན་གཙོ་བོ་གང་ནས་འབྱུང་གི་ཡོད་པ་བཤད་རྒྱུ་གལ་ཆེན་པོ་རེད། ཅེས་འགྲེལ་བརྗོད་གནང་བྱུང་།

 དྷ་ས་ས་གནས་གཞོན་ལྷན་གྱི་བསྒྲགས་གཏམ་ནང་དུ། རྒྱ་མི་སྒྱུ་རྩལ་བ་ཚའེ་གོ་ཆང་གིས་ཁེ་ན་ཌའི་གྱོན་ཆས་བཟོ་ཚོང་ཁང་དང་མཉམ་འབྲེལ་ཐོག འབྲུག་གནམ་ལ་འཕུར་བ་ཞེས་པའི་སྒྱུ་རྩལ་འགྲེམས་སྟོན་གྱི་མིང་ཐོག་ནས་ཤོག་སྦག་བརྒྱ་ཕྲག་མང་པོ་སྤར་ཆེད་ས་གནས་བོད་མི་འཚོ་སྡོད་བྱ་སའི་ཁོར་ཡུག་དང་བདེ་ཐང་སོགས་ལ་གནོད་སྐྱོན་ཇི་ཡོད་ལ་བསམ་ཤེས་མེད་པ་མ་ཟད། ས་གནས་རྒྱ་གཞུང་གི་དབང་འཛིན་མི་སྣ་གོ་གནས་བེད་སྤྱོད་ཀྱིས་བོད་མིའི་སྒོ་ཕྱུགས་སེམས་ཅན་ས་ཆ་གཞན་དུ་བཙན་གྱིས་སྤོ་རུ་བཅུག་པ་སོགས་ཀྱི་བྱ་སྤྱོད་ལ་ང་ཚོས་མཐའ་གཅིག་ཏུ་ངོ་རྒོལ་སྐྱོན་བརྗོད་བྱ་རྒྱུ་ཡིན། གནས་ཚུལ་འདི་ཐོན་རྗེས་འཛམ་གླིང་ས་ཕྱོགས་གང་ས་ནས་ཚོགས་སྡེ་དང་གང་ཟག་སྒེར་པ་ཧ་ཅང་མང་པོའི་སྐྱོན་བརྗོད་དང་གནོན་ཤུགས་ལ་བརྟེན་ནས་སྒྱུ་རྩལ་བ་ཡིན་ཟེར་མཁན་ཁོ་པ་དང་གྱོན་ཆས་བཟོ་ཚོང་ཁང་གཉིས་ཀས་དགོངས་སེལ་དང་ས་གནས་རྒྱ་གཞུང་གིས་དོན་རྐྱེན་འདིར་ཞིབ་བཤེར་ནན་པོ་བྱ་རྒྱུ་ཡིན། འོན་ཀྱང་དེ་རིང་གི་སྡིངས་ཆ་འདི་བརྒྱུད་དེ་ང་ཚོས་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་རང་དབང་ལ་དགའ་བའི་གང་ཟག་ཡོངས་ལ་ཞུ་རྒྱུར། སྒྱུ་རྩལ་བའི་མིང་འཁུར་མཁན་ཚའི་གོ་ཆང་དང་འབྲེལ་བའི་ད་རེས་ཀྱི་དོན་རྐྱེན་འདི་ནི་རྒྱ་ནག་གི་བཙན་བཟུང་འོག་ཏུ་གནས་པའི་བོད་ས་ཡོངས་སུ་གནས་ཚུལ་འདི་རིགས་བྱུང་དང་འབྱུང་བཞིན་པའི་ནང་གི་དཔེ་ཚོན་ཕྲ་མོ་ཙམ་ཞིག་ཡིན། རྒྱ་གཞུང་གི་དཔོན་རིགས་ཚོས་ཁྲིམས་སྒྲིག་གཞི་སྣ་ཚོགས་པར་མིང་བཏགས་ཏེ་ས་གནས་བོད་མི་ཚོ་ཐ་ན་རང་ཉིད་ལ་ཕ་མེས་ཡང་མེས་དུས་ནས་དབང་བའི་ས་ཆའི་སྟེང་དུ་ཁང་པ་ཞིག་བརྒྱག་རྒྱུར་ཡང་བཀའ་ཁྲོལ་མི་རག་པ་སོགས་ཀྱི་དཀའ་ངལ་ཁོ་ནའི་འོག་ཏུ་གནས་དགོས་པ་དང་། དཔོན་རིགས་དེ་ཚོ་དང་འབྲེལ་བ་ཡོད་པའི་རྒྱ་མི་རིགས་ལ་ཁྲིམས་སྒྲིག་གཞི་གང་ཡང་མེད་པར་ས་ཁང་ཚོང་གཉེར་དང་རང་བྱུང་གཏེར་ཁ་གང་བྱུང་སྔོག་འདོན་སོགས་ཀྱི་ཆོག་མཆན་ལས་སླ་པོར་རག་ཐུབ་པ་སོགས། མདོར་ན་གནས་ཚུལ་འདི་དག་གི་འབྱུང་རྩ་གཙོ་བོ་ནི་བོད་ལ་བཙན་དབང་གིས་དབང་སྒྱུར་བྱེད་མཁན་རྒྱ་གཞུང་གི་དཔོན་རིགས་ཚོས་ལྐོག་ཟ་རུལ་སུངས་དང་མི་རིགས་དབྱེ་འབྱེད། དབང་ཤེད་བཙན་གནོན་གྱི་སྲིད་ཇུས་ཁག་ལ་བརྟེན་ནས་འབྱུང་གི་ཡོད་པར་ནན་བརྗོད་ཞུ་རྒྱུ་ཡིན། ཞེས་འཁོད་འདུག

 གནད་དོན་དེ་དང་འབྲེལ་ནས་རྒྱ་ནག་གི་ནགས་ཚལ་སློབ་ཚོགས་རང་བྱུང་སློབ་གསོའི་དགེ་རྒན་དབྱང་ཤུས་ཀྱིས། ས་གནས་དེ་གའི་རྩི་ཤིང་སྐྱེ་འཚར་གྱི་དུས་ཡུན་ཧ་ཅང་རིང་བ་དང་ས་མཐོར་གྲང་ངར་ཆེ་བའི་རྩྭ་ཐང་གི་རྩི་ཤིང་ལོ་ལྟར་སྐྱེ་ཡུན་ཧ་ཅང་ཐུང་བས། ཤོག་སྦག་འབར་གས་ཀྱིས་ཐད་ཀར་རྩི་ཤིང་གི་རྩ་བར་གཏོར་སྐྱོན་ཕོག་ནས་འབྲས་བུ་ཐོགས་ཐབས་བྲལ་བའི་གནོད་འཚེ་ཕོག་སྲིད་པའི་ལྡོག་ཐབས་མེད་པའི་ཤུགས་རྐྱེན་འབྱུང་སྲིད། ཅེས་བརྗོད་འདུག

 དེ་བཞིན་རྩི་ཤིང་རིག་པ་མཁས་ཅན་ཀུའུ་ཡིའུ་རུང་གིས། ས་བཅུད་དང་རང་བྱུང་ཁམས་ལ་གནོད་འཚེ་ཕོགས་ཚེ། སྤང་ཤུན་སླར་གསོ་ཡོང་བར་དུས་ཡུན་ལོ་བཅུ་ནས་བརྒྱ་བར་དགོས་པ་མ་ཟད། ཤོག་སྦག་འབར་གས་བྱུང་བའི་གཡོ་འགུལ་ལས་སྤང་རིམ་འཁྱོམས་ནས་རི་ཉིལ་ལམ་ཡང་ན་འདམ་རྡོའི་ཆུ་རུད་ཆུང་ངུའང་ཐོན་སྲིད་སྐོར་བརྗོད་འདུག

 གསར་འགོད་པ། བྱམས་པ་ཚེ་རིང་། 

འབྲེལ་ཡོད་གསར་འགྱུར།

ལྷོ་སོག་གི་མགོ་ཁྲིད་ཟུར་བ་ཏུའུ་ཙེ་ལ་ལོ་ ༡༥ ཡི་ཁྲིམས་ཐག་བཅད་འདུག
Mobile App

ལྷོ་སོག་གི་མགོ་ཁྲིད་ཟུར་བ་ཏུའུ་ཙེ་ལ་མི་ལོ་ ༡༥ ཡི་ཁྲིམས་ཐག་བཅད་འདུག

༢༠༢༥/༠༨/༠༡
ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་གསུམ་པ། ༢༠༡༤།༡།༡༠ པར་དྲ་ལམ་ནས་བླངས།
Mobile App

རྒྱ་ནག་གིས་ཚོགས་ཆེན་འཚོགས་ཀྱང་བོད་མིའི་འཚོ་བ་ལ་ཕན་ཐོགས་མི་འདུག

༢༠༢༤/༠༡/༡༡
ནེའུ་ཡོག་གྲོང་ཁྱེར་ནང་རྒྱ་ནག་གི་སྲིད་འཛིན་གཞོན་པར་ངོ་རྒོལ་ལས་འགུལ། པར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་དྲ་བ་ནས་བླངས།
Mobile App

རྒྱ་ནག་གི་སྲིད་འཛིན་གཞོན་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༣/༠༩/༢༡
Mobile App

རྒྱ་ནག་གཞུང་གིས་ཕྱི་འབྲེལ་སྲིད་ཇུས་གསར་པ་ཞིག་གཏན་འབེབས་བྱས།

༢༠༢༣/༠༧/༠༡
ཧིན་བོད་མཛའ་འབྲེལ་ཚོགས་པས་ཡོངས་ཁྱབ་གསལ་བསྒྲགས་སྤེལ། ༢༠༢༣།༠༤།༡༥ པར་བོད་ཀྱི་དུས་བབ།
Mobile App

༧གོང་ས་མཆོག་ལ་མཚན་སྨོད་ཞུ་མཁན་ཚོས་དགོངས་སེལ་ཞུ་དགོས་པའི་འབོད་སྐུལ་གནང་གི་འདུག

༢༠༢༣/༠༤/༡༥
Mobile App

རྟ་དབང་མི་མང་གིས་༧གོང་ས་མཆོག་ལ་མཚན་སྨོད་ཞུ་མཁན་ཚོར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༣/༠༤/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese