མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ལ་མཚན་སྨོད་ཞུ་མཁན་ཚོས་དགོངས་སེལ་ཞུ་དགོས་པའི་འབོད་སྐུལ་གནང་གི་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༤/༡༥
Share on FacebookShare on TwitterShare on EmailShare on Whatsapp

ལ་དྭགས་ཀྱི་དད་ལྡན་སེར་སྐྱ་མི་མང་སྟོང་ཕྲག་མང་པོས་༧གོང་ས་མཆོག་ལ་གཞི་མེད་མཚན་སྨོད་ཞུ་མཁན་ཚོར་རྒྱ་གར་གཞུང་ནས་ཞིབ་འཇུག་བྱེད་དགོས་པའི་འབོད་སྐུལ་བྱེད་བཞིན་རྒྱལ་ས་སླེ་རུ་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བཞིན་འདུག

ཧིན་བོད་མཛའ་འབྲེལ་ཚོགས་པས་ཡོངས་ཁྱབ་གསལ་བསྒྲགས་སྤེལ། ༢༠༢༣།༠༤།༡༥ པར་བོད་ཀྱི་དུས་བབ།

དེ་རིང་ཞོགས་པའི་ཆུ་ཚོད་ ༡༡ ཙམ་ལ་དྷ་རམ་ས་ལའི་ཧིན་བོད་མཛའ་འབྲེལ་ཚོགས་པས་དེང་སང་དྲ་ལམ་ཁག་ཏུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཚན་སྨོད་ཞུ་བཞིན་པ་དེར་རྒྱ་གར་གཞུང་ནས་ཞིབ་འཇུག་བྱེད་དགོས་པ་སོགས་ཀྱི་གསར་འགོད་གསལ་བསྒྲགས་སྤེལ་སོང་བ་དང་། ཐོག་མར་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ཇིཏ་ཀུ་མཱར་ནེ་རི་ཡ་ (Ajit Kumar Nehria) ལགས་ཀྱིས། ཉེ་ལམ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཚན་སྨོད་ཞུ་ཡི་ཡོད་པ་རེད། ཁྱེད་ཚོས་ཤེས་གསལ་ལྟར། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་རྒྱ་གར་ཙམ་མིན་པར་འཛམ་གླིང་ཡོངས་ཀྱི་མི་མང་གིས་དགའ་མོས་བྱེད་ཀྱི་ཡོད་པ་དང་། འཛམ་གླིང་སྟེང་སྙན་གྲགས་ཡོད་པ་རེད། ད་ལྟའི་ཆར་༧གོང་ས་མཆོག་ལ་མཚན་སྨོད་ཞུ་མཁན་དང་བརྙན་ཐུང་བཅོས་སྒྲིག་བྱེད་མཁན་རྣམས་འགྲིག་གི་མེད་པ་དང་། བྱ་སྤྱོད་དེ་ལྟར་སྤེལ་བར་སྐྱོན་བརྗོད་བྱེད་ཀྱི་ཡོད། ༧མགོན་པོ་མཆོག་ལ་མཚན་སྨོད་ཞུ་མཁན་མི་སུ་འདྲ་ཞིག་ཡིན་རུང་བསམ་བློ་རྒྱ་ཆེན་པོ་གཏང་བའི་ཐོག་ནས་༧གོང་ས་མཆོག་དང་བོད་མི་རྣམས་ལ་དགོངས་སེལ་ཞུ་དགོས་འདུག རྒྱུ་མཚན་ནི་༧མགོན་པོ་མཆོག་གིས་དུས་རྟག་ཏུ་བྱམས་བརྩེ་དང་འཚེ་བ་མེད་པ། ཞི་བདེའི་ཐོག་ལ་བཀའ་སློབ་གནང་གི་ཡོད་པ་རེད། དེར་བརྟེན་མཚན་སྨོད་བྱེད་མཁན་རྣམས་ཀྱིས་དགོངས་སེལ་ངེས་པར་དུ་ཞུ་དགོས་སྐོར་བརྗོད་སོང་།

དྷ་རམ་ས་ལའི་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར་ལགས་ཀྱིས། འདི་ལོའི་ཕྱི་ཟླ་ ༢ ཚེས་ ༢༨ ཉིན་གཙུག་ལག་ཁང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བཀའ་སློབ་གནང་བའི་སྐབས། སློབ་མ་ཞིག་གིས་འཐམ་འཁྱུད་བྱེད་ན་འགྲིག་གི་ཡོད་མེད་དྲིས་པར། ༧གོང་ས་མཆོག་ནས་བུ་དེར་འཐམ་འཁྱུད་བྱས་ཏེ་སྐུ་རྩེད་ཞུས་པ་དང་། ང་ཚོ་ཚང་མ་འགྲོ་བ་མི་གཅིག་གྱུར་ཡིན་པ་གསུངས་ཡོད་པ་རེད། འོན་ཀྱང་མི་ཁག་ཅིག་གིས་བརྙན་ཐུང་དེར་བཅོས་སྒྲིག་བྱས་པར་བརྟེན། གསར་འགྱུར་བརྒྱུད་ལམ་ཁག་དང་མི་མང་པོ་ཞིག་གིས་༧གོང་ས་མཆོག་ལ་མཚན་སྨོད་ཞུས་འདུག དེར་བརྟེན། དྷ་རམ་ས་ལའི་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཞོན་དང་དྷ་རམ་ས་ལའི་ས་གནས་མགོ་འཛིན་ཡིན་པའི་ཆ་ནས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཚན་སྨོད་ཞུ་མཁན་རྣམས་ཀྱིས་ཐོག་མར་༧གོང་ས་མཆོག་གི་བཀའ་སློབ་སོགས་བརྙན་ཐུང་ཆ་ཚང་དེར་བལྟ་རྒྱུའི་རེ་སྐུལ་ཞུ་ཡི་ཡོད། ཅེས་བརྗོད་སོང་།

མཐའ་དོན་དུ་ཧིན་བོད་མཛའ་འབྲེལ་ཚོགས་པའི་སློབ་སྟོན་པ་རམ་སུ་ཝ་རུབ་ (Ram Swaroop) ལགས་ཀྱིས། གནད་དོན་དེ་འདྲ་བྱུང་བ་ནི་ཐེངས་དང་པོ་མ་རེད། དེ་སྔའང་མི་ཁག་ཅིག་གིས་ཚོགས་པ་ཆུང་ཆུང་བཙུགས་ཏེ། བོད་མི་རྣམས་ལ་སྐྱོན་འཛུགས་བྱས་པ་སོགས་བྱ་སྤྱོད་དེ་འདྲ་སྤེལ་ཐབས་བྱས་ཡོད་ཀྱང་། རྒྱ་གར་གཞུང་མང་གཉིས་ཀྱིས་བྱ་སྤྱོད་དེ་འདྲ་སྤེལ་ཐབས་བྱེད་མཁན་རྣམས་མེད་པར་བཟོས་ཡོད་པ་རེད། ད་ལྟའི་ཆར་དུས་ཚོད་འགྱུར་བ་ཕྱིན་ཏེ། སྤྱི་ཚོགས་དྲ་ལམ་དང་གློག་ཀླད་ཀྱི་དུས་ཤིག་རེད། དེར་བརྟེན་མི་ཁག་ཅིག་གིས་རང་ཉིད་དངོས་སུ་ཕྱིར་མི་ཐོན་པར་ཁ་བྱང་སོགས་རྫུན་མ་བཟོས་ཏེ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བརྙན་ཐུང་བཅད་པ་དང་བསྒྲིགས་ཏེ། ༧མགོན་པོ་མཆོག་ལ་མཚན་སྨོད་ཞུ་ཡི་ཡོད་པ་རེད། དེས་ན། ཧི་མ་ཅལ་གྱི་གཞུང་མང་དང་རྒྱ་གར་གྱི་གཞུང་མང་རྣམས་ཀྱིས་ཁ་བྱང་རྫུན་མའི་ཐོག་ནས་༧གོང་ས་མཆོག་ལ་མཚན་སྨོད་ཞུས་པ་དང་བརྙན་བཟོ་མཁན་སོགས་ལ་ཞིབ་འཇུག་བྱས་ཏེ། ཕྱིར་མི་མང་ལ་བཏོན་དགོས་པའི་རེ་སྐུལ་ཞུ་ཡི་ཡོད། ཅེས་བརྗོད་སོང་།

ས་གནས་གསར་འགོད་པས་༧གོང་ས་མཆོག་ལ་མཚན་སྨོད་ཞུ་དགོས་པའི་རྒྱུ་མཚན་ག་རེ་ཡིན་སྐོར་དྲིས་པར། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཨ་ཇིཏ་ལགས་ཀྱིས། མི་ཁག་ཅིག་གིས་ཁ་བྱང་རྫུན་མ་བཟོས་ཏེ་༧གོང་ས་མཆོག་ལ་མཚན་སྨོད་ཞུ་ཡི་ཡོད་པ་རེད། རྒྱུ་མཚན་ནི་ཁོ་ཚོ་ཕྱིར་ཐོན་པའི་བློ་ཁོག་མེད་པ་དང་། གསར་ཁང་ཁག་དང་མི་སྒེར་སོ་སོ་སྐད་གྲགས་འགྲོ་བའི་ཆེད་དུ་གནས་ཚུལ་དེ་འདྲ་བཀོད་ཀྱི་ཡོད་པ་རེད། འོན་ཀྱང་དོན་དངོས་སུ་༧གོང་ས་མཆོག་ལ་མཚན་སྨོད་ཞུས་པ་སོགས་ཀྱིས་གསར་ཁང་དེ་ཉམས་འགྲོ་ཡི་རེད། ཅེས་ལན་འདེབས་གནང་སོང་།

ལ་དྭགས་ཀྱི་རྒྱལ་ས་སླེ་རུ་མི་མང་སྟོང་ཕྲག་མང་པོ་འདུ་འཛོམས་བྱས་ཏེ་ཞི་བའི་གོམ་བགྲོད་བྱས། ༢༠༢༣།༠༤།༡༥

གཞན་ཡང་། དེ་རིང་ལ་དྭགས་དགོན་པའི་ཚོགས་པ་དང་ལ་དྭགས་ནང་པའི་ཚོགས་པ། ལ་དྭགས་ཀྱི་གཞོན་ནུ་ལྷན་ཚོགས་དང་ལ་དྭགས་བུད་མེད་ལྷན་ཚོགས་སོགས་བཅས་ཀྱི་གོ་སྒྲིག་འོག ས་གནས་བོད་མི་དང་ཡུལ་སེར་སྐྱ་མི་མང་སྟོང་ཕྲག་མང་པོ་འདུ་འཛོམས་བྱས་ཏེ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཚན་སྨོད་ཞུ་མཁན་རྣམས་ལ་ངོ་རྒོལ་སླད་ལ་དྭགས་ཀྱི་རྒྱལ་ས་སླེ་རུ་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་ཡོད་པ་དང་། ལས་འགུལ་ནང་མི་མང་སྟོང་ཕྲག་ཁ་ཤས་ཀྱིས་འཕྲེད་དར་འཁྱེར་བའི་ཐོག་ནས་གསར་ཁང་ཁག་གིས་གནས་ཚུལ་རྫུན་མ་སྤེལ་བར་ངོ་ཚ་དགོས་པ་དང་། ང་ཚོ་༧གོང་ས་མཆོག་དང་ལྷན་དུ་ཡོད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོར་བརྟན་པར་ཤོག་ཅེས་རྗོད་ཀྱིན་ཞི་བའི་ངོ་རྒོལ་བྱེད་ཀྱི་འདུག་ལ། ད་དུང་སང་ཉིན་དང་གནངས་ཉིན་མུ་མཐུད་དུ་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་རྒྱུ་ཡིན་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

བོད་དོན་ཛ་དྲག་གླེང་སློང་གོམ་བགྲོད་ལས་འགུལ་གྱི་མཛད་སྒོ་སྐབས།  གཞོན་ལྷན་གྱི་པར། ༢༠༢༣།༠༤།༢༩
Mobile App

རྒྱ་གར་བྱང་ཤར་ཁུལ་དུ་ཟླ་གཅིག་ཙམ་རིང་བོད་དོན་གོམ་བགྲོད་གནང་གི་འདུག

༢༠༢༣/༠༤/༢༩
མོན་རྟ་དབང་དུ་སེར་སྐྱ་མི་མང་ཁྲི་གཅིག་ཙམ་གྱིས་ཞི་བའི་ངོ་རྒོལ་བྱས། ༢༠༢༣།༤།༢༡ བརྙན་གྱི་པར།
Mobile App

རྒྱ་གར་བྱང་ཤར་ཁུལ་གྱི་སེར་སྐྱ་མི་མང་སྟོང་ཕྲག་མང་པོས་ཞི་རྒོལ་བྱས།

༢༠༢༣/༠༤/༢༢
བཞུགས་སྒར་དྷ་རམ་ས་ལར་སེར་སྐྱ་མི་མང་སྟོང་ཕྲག་མང་པོ་འཛོམས་ཏེ་ཞི་བའི་ངོ་རྒོལ་བྱས། ༢༠༢༣།༠༤།༡༧ པར་དུས་བབ།
Mobile App

སེར་སྐྱ་མི་མང་སྟོང་ཕྲག་མང་པོས་ས་གནས་མང་པོ་ན་ཞི་བའི་ངོ་རྒོལ་བྱེད་ཀྱི་འདུག

༢༠༢༣/༠༤/༡༧
Mobile App

རྟ་དབང་མི་མང་གིས་༧གོང་ས་མཆོག་ལ་མཚན་སྨོད་ཞུ་མཁན་ཚོར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༣/༠༤/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist