མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་སྤྱིའི་ནང་པའི་གླེང་སྟེགས་ཐོག་བོད་ཀྱི་བླ་ཆེན་དང་མཁན་པོ་ཁག་ཅིག་ཕེབས་ཐུབ་མི་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༩/༢༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གི་གནོན་ཤུགས་འོག་ཨུ་རུ་སུའི་ཁལ་མིག་ནང་འཚོགས་པའི་རྒྱལ་སྤྱིའི་ནང་པའི་གླེང་སྟེགས་སྟེང་བོད་ཀྱི་བླ་ཆེན་དང་མཁན་པོ་ཁག་ཅིག་ལ་ཐོངས་མཆན་དུས་ཐོག་ཕུལ་མི་འདུག

ཟླ་འདིའི་ཕྱི་ཚེས་ ༢༥ ནས་ཉིན་གྲངས་བཞིའི་རྒྱལ་སྤྱིའི་ནང་པའི་གླེང་སྟེགས་དེ་ཨུ་རུ་སུའི་ཁལ་མིག་(Kalmykia)གི་རྒྱལ་ས་ཨི་ལི་སི་ཊ་ (ELista) རུ་འཚོགས་ཡོད་ཅིང་། ཚོགས་ཆེན་དེའི་སྟེང་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱི་སྐུ་ཚབ་ཀྱི་དབུས་ཕྱི་དྲིལ་བློན་ཆེན་གྱི་སྐུ་ཚབ་དང་། རིག་གཞུང་བློན་ཆེན་གྱི་སྐུ་ཚབ།  དེ་བཞིན་ཐུ་ཝ་ཡི་སྲིད་འཛིན་ཝེ་ལཱ་ཌི་སི་ལའོ་(Vladislav Khovalyg)མཆོག་དང་། བྷུ་ཝ་ཡི་སྲིད་འཛིན་ཨེ་ལིག་སེ་ (Aleksey tsydenor)མཆོག ཨི་ལི་སི་ཊ་གྲོང་ཁྱེར་གྱི་སྲིད་འཛིན་བྷ་ཏུ་(Buta Khasikov)མཆོག་བཅས་ཆེད་དུ་ཕེབས་ཏེ་གསུང་བཤད་གནང་ཡོད་པ་དང་། ད་ལན་གྱི་གླེང་སྟེགས་དེའི་ཐོག་འཛམ་གླིང་གི་ནང་པའི་རྒྱལ་ཁབ་ ༥༠ ཡས་མས་ཀྱི་སྐུ་ཚབ་ཕེབས་ཡོད་འདུག བོད་པའི་སྐུ་ཚབ་སྒོ་མང་མཁན་རིན་པོ་ཆེ་འཇིགས་མེད་རྒྱ་མཚོ་མཆོག་དང་། སྒོ་མང་མཁན་ཟུར་བློ་བཟང་རྒྱལ་མཚན་རིན་པོ་ཆེ་མཆོག ཨུ་རུ་སུའི་ནང་གནས་སྡོད་སྨན་པ་འཇིགས་མེད་རྒྱ་མཚོ་ལགས་བཅས་ཕེབས་ཡོད་འདུག

གནད་དོན་དེའི་ཐད་ཨུ་རུ་སུར་གནས་སྡོད་སྨན་པ་འཇིགས་མེད་རྒྱལ་མཚོ་ལགས་ཀྱིས་འདི་གའི་གསར་འགོད་པར། ནང་པའི་གླེང་སྟེགས་ཀྱི་ཉིན་གྲངས་བཞིའི་རིང་རྒྱ་ནག་དང་། ལྷོ་སོག སོག་པོ། ཝེ་ཐི་ནམ། ཁམ་བྷོ་ཌི་ཡ། ཐའེ་ལེན་ཌི། འབར་མ། སིངྒ་ལ། བལ་ཡུལ། རྒྱ་གར་གཙོས་འཛམ་གླིང་གི་ནང་པའི་རྒྱལ་ཁབ་ཕལ་མོ་ཆེའི་སྐུ་ཚབ་བསླེབས་འདུག་ལ། བོད་པའི་སྐུ་ཚབ་སྒོ་མང་མཁན་པོ་རིན་པོ་ཆེ་འཇིགས་མེད་རྒྱ་མཚོ་མཆོག་དང་། སྒོ་མང་མཁན་ཟུར་བློ་བཟང་རྒྱལ་མཚན་རིན་པོ་ཆེ་མཆོག་ལས་ཕེབས་ཐུབ་མི་འདུག གང་ཡིན་ཟེར་ན། སྤྱིར་གོ་སྒྲིག་ཚོགས་ཆུང་གིས་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་མཆོག་དང་། གླིང་རིན་པོ་ཆེ་མཆོག ས་སྐྱ་ཁྲི་འཛིན་རིན་པོ་ཆེ་མཆོག བྱང་རྩེ་ཆོས་རྗེ། རྒྱུད་སྟོད་ཀྱི་མཁན་པོ་སོགས་གདན་འདྲེན་ཞུས་ཏེ།  རྒྱ་གར་གཞུང་གིས་རང་བསྲེལ་འཁུར་བྱེད་ཀྱི་དམག་མིའི་གནམ་གྲུ་སོགས་གྲ་སྒྲིག་གནང་ཟིན་ནའང་། རྒྱ་ནག་གཞུང་གིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཚབ་ཡོང་ན་ཁོང་ཚོ་ཡོང་གི་མིན་ལབ་ནས་གནོན་ཤུགས་སྤྲད་རྐྱེན། ཐོངས་མཆན་བཀག་འགོག་བྱས་ཏེ། ཁ་སང་ཕྱི་ཚེས་ ༢༧ ཉིན་གཞི་ནས་ཐོངས་མཆན་སྤྲད་དེ་ཆེད་དུ་གླེང་སྟེགས་སྟེང་མཉམ་ཞུགས་བྱེད་པར་རྗེས་ལུས་ཐེབས་བཅུག་ཡོད་པ་རེད།  ད་ལན་རྒྱ་ནག་གཞུང་གི་གནོན་ཤུགས་དེས་སེམས་མི་སྐྱིད་པ་ཞིག་བཟོས་སོང་ལ། གླེང་སྟེགས་དེའི་སྟེང་ཨུ་རུ་སུའི་རྒྱ་ནག་གཞུང་ཚབ་ཁང་གཙོས་རྒྱ་ནག་གི་འཐུས་མི་མི་གྲངས་ལྔ་བཅུ་ནས་དྲུག་ཅུ་བར་བསླེབས་འདུག ཅེས་བརྗོད་བྱུང་།

སྨན་པ་འཇིགས་མེད་རྒྱལ་མཚོ་ལགས་ཀྱིས་གླེང་སྟེགས་ཐོག་གསུང་བཤད་གནང་འདུག་ལ། དེའི་སྐོར་ལ་ཁོང་གིས། ངས་ད་ལན་ནང་པའི་ཚད་པ་མ་རིག་པ་དང་བོད་ཀྱི་གསོ་བ་རིག་པའི་ཐོག་ལ་གཏམ་བཤད་བྱས་པ་ལས། གོ་སྒྲིག་པས་དེང་སྐབས་རྒྱ་ནག་དང་ཨུ་རུ་སུ་གཉིས་འབྲེལ་ལམ་ཡག་པོ་ཡོད་པས། ཆབ་སྲིད་ཀྱི་སྐད་ཆ་མ་བཤད་ན་ལབ་ཀྱི་འདུག་པས་ཆབ་སྲིད་ཀྱི་སྐད་ཆ་གཅིག་ཀྱང་བཤད་མེད། ངའི་ད་ལོའི་འབུམ་རམ་པའི་མཐར་ཕྱིན་དཔྱད་རྩོམ་ནང་པའི་ཚད་མ་རིག་པ་དང་བོད་ཀྱི་གསོ་བ་རིག་པ་ཞེས་པ་དང་འབྲེལ་ནས། ཚད་མ་རིག་པ་དང་གསོ་བ་རིག་པ་འདིས་འཛམ་གླིང་ལ་ཞབས་འདེགས་སྒྲུབ་མུས་ཡིན་པ་དང་། དེ་ཡར་རྒྱས་གཏོང་ཕྱོགས། དེས་མི་མང་ལ་ཕན་ཐོགས་གཏམ་བཤད་བྱས་པ་ཡིན། སྐུ་ཚབ་མང་པོ་ཐོན་ཡོད་ཀྱང་ཆབ་སྲིད་དང་འབྲེལ་བའི་སྐད་ཆ་གཅིག་ཀྱང་བཤད་ཐུབ་ཀྱི་མི་འདུག ཅེས་བརྗོད་བྱུང་།

འདི་ལོར་ཨུ་རུ་སུར་འཚོགས་པའི་རྒྱལ་སྤྱིའི་ནང་པའི་གླེང་སྟེགས་སྟེང་། ནང་ཆོས་ཀྱི་རིན་ཐང་དང་། ནང་པའི་རིག་གཞུང་། ནང་པའི་རྩོམ་རིག ནང་པའི་སྒྱུ་རྩལ། གསོ་རིག ཨེ་ཤ་ཡའི་རྒྱལ་ཁབ་ཁག་གི་ལོ་རྒྱུས་དང་འབྲེལ་ནས་ནང་ཆོས་ཀྱི་འཕེལ་འགྲིབ། དེང་རབས་ཉམས་ཞིབ་པའི་ཉམས་ཞིབ་ཁྲོད་ཀྱི་ནང་ཆོས། ནང་ཆོས་ཀྱིས་རྒྱལ་སྤྱིའི་ཡུལ་སྐོར་བའི་ཁྲོམ་རར་ཤུགས་རྐྱེན་གང་འདྲ་སྤྲོད་ཀྱི་་ཡོད་མེད། ནང་པའི་དགོན་སྡེ་དང་སློབ་གྲྭ་ཁག་ཇི་ལྟར་རྒྱ་སྐྱེད་དང་ཉར་ཚགས་དགོས་མིན་སོགས་ཀྱི་གནད་དོན་ཐད་གསུང་བཤད་དང་བགྲོ་གླེང་གནང་ཡོད་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༡༥ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༡༦ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese