མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་ཞིང་ལས་བློན་ཆེན་ཟུར་བ་ཐང་རེན་ཅན་ལ་སྲོག་ཁྲིམས་བཅད།

བོད་ཀྱི་དུས་བབ།
༢༠༢༥/༠༩/༢༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་དབུས་ཞིང་ལས་བློན་ཆེན་ཟུར་བ་ཐང་རེན་ཅན་ལ་རྒྱ་སྒོར་ས་ཡ་ ༢༢༨ ལྷག་ལྐོག་ཟ་བྱས་པའི་ཉེས་མིང་འོག་སྲོག་ཁྲིམས་བཅད་འདུག

China’s former agriculture minister Tang Renjian (centre) received a suspended death sentence for bribery at a court in Jilin province on Sunday, Sep 28, 2025. (Photo: Changchun Intermediate People’s Court)

ཟླ་འདིའི་ཕྱི་ཚེས་ ༢༨ ཉིན་རྒྱ་ནག་གི་བྱང་ཤར་ཅི་ལིན་ཞིང་ཆེན་མི་དམངས་ཁྲིམས་ཁང་ཞིག་གིས། རྒྱ་ནག་གི་ཞིང་ལས་བློན་ཆེན་ཟུར་བ་ཐང་རེན་ཅན་ཟེར་བར་རྒྱ་སྒོར་ས་ཡ་ ༢༢༨ ལྷག་གི་རྒྱུ་དངོས་ལྐོག་ཟ་བྱས་པའི་ཉེས་མིང་འོག་ལོ་གཉིས་ཕར་འགྱངས་ཀྱིས་སྲོག་ཁྲིམས་བཅད་འདུག

ཅི་ལིན་ཞིང་ཆེན་མི་དམངས་ཁྲིམས་ཁང་དེས། ཐང་རེན་ཅན་གྱིས་ཕྱི་ལོ་ ༢༠༠༧ ནས་ ༢༠༢༤ བར་དངུལ་དམར་དང་རྒྱུ་དངོས་སོགས་རྒྱ་སྒོར་ས་ཡ་ ༢༢༨ ལྷག་ལྐོག་ཟ་བྱས་ཡོད། བྱ་སྤྱོད་དེས་རྒྱལ་ཁབ་དང་མི་མང་ལ་གྱོང་གུད་ཚབས་ཆེན་བཟོས་ཡོད་པས་སྲོག་ཁྲིམས་བཅད་པ་ཡིན་ཞེས་བརྗོད་ཡོད་པར་མ་ཟད། ཐང་རེན་ཅན་གྱིས་རང་ཉིད་ཀྱི་ནག་ཉེས་ངོས་ལེན་བྱས་ཏེ་བློ་འགྱོད་སྐྱེས་ཡོད་སྐོར་ཡང་བརྗོད་འདུག

དེ་འབྲེལ་རོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༥  ཚེས་ ༨ ཉིན་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཟེར་བས།  ཐང་རེན་ཅན་ལ་སྒྲིག་འགལ་གྱི་གནད་དོན་ཡོད་པའི་ངོས་འཛིན་འོག་ཞིབ་བཤེར་བྱེད་མགོ་བཙུགས་ཏེ། ལོ་དེའི་ཕྱི་ཟླ་ ༩ ཚེས་ ༡༣ ཉིན་རྒྱ་ནག་གི་ཞིང་ལས་བློན་ཆེན་གྱི་ལས་གནས་ནས་ཕྱིར་ཕུད་བཏང་ཞིང་། ལོ་དེའི་ཟླ་ ༡༡ ཚེས་ ༡༥ ཉིན་དམར་ཤོག་ཚོགས་པའི་ཚོགས་མིའི་ཁོངས་ནས་ཕྱིར་ཕུད་བཏང་ཡོད་འདུག

ཕྱི་ལོ་ ༢༠༡༢ ལོར་ཞི་ཅིན་ཕིན་རྒྱ་ནག་གི་སྲིད་འཛིན་ཆགས་པ་ནས་བཟུང་། ཁོས་སྟག་དང་སྦྲང་མ་མཉམ་རྡུང་། གཏན་འབེབས་བརྒྱད་དང་སྤྱོད་ངན་བཞི་ཟེར་བ་སོགས་ཀྱི་སྲིད་ཇུས་འདྲ་མིན་ལག་བསྟར་གྱིས། རང་ཉིད་ཀྱི་སྲིད་དབང་གཅིག་བསྡུ་ཡོང་ཐབས་སུ། ལངས་ཕྱོགས་ཕྲན་བུ་ཙམ་ཡང་མི་མཐུན་པའི་དམར་ཤོག་དཔོན་རིགས་རྣམས་ལ་ཉེས་མིང་འདྲ་མིན་གཡོགས་ཏེ་ཁྲིམས་ཆད་གཅོད་ཀྱིན་ཡོད་པ་ལྟར། ཐང་རེན་ཅན་ནི་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱི་ཐོ་གཞུང་ནག་པོའི་ཁོངས་སུ་ཚུད་པའི་དཔོན་རིགས་མཐོ་གྲལ་གསར་ཤོས་དེ་ཡིན་ལ། དམིགས་བསལ་ཕྱི་ལོ་ ༢༠༢༠ ལོའི་ཞི་ཅིན་ཕིན་གྱི་ནང་ཁུལ་དཔོན་རིགས་ཚར་གཅོད་ཀྱི་ལས་འགུལ་འོག་ཉེན་རྟོག་པ་དང་ཁྲིམས་རྩོད་པ། ཁྲིམས་དཔོན་སོགས་ཞི་ཡིས་སྣེ་འཁྲིད་པའི་དམར་ཤོག་ཚོགས་པར་བློ་དཀར་དགོས་པ་དང་ཤིན་ཏུ་དྭངས་གཙང་ཡིན་པ། རྦད་དེ་བློས་འགེལ་ཆོག་པ་བཅས་ཡིན་དགོས་ཀྱི་ཡོད་འདུག

ཐང་རེན་ཅན་ནི་ཕྱི་ལོ་ ༡༩༦༢ ལོར་ཁྲང་ཆིན་དུ་སྐྱེས། ཕྱི་ལོ་ ༡༩༨༣ ལོར་ཁྲི་ཏུའུ་གྲོང་ཁྱེར་གྱི་ལྷོ་ནུབ་གཙུག་ལག་སློབ་ཆེན་ནས་དཔལ་འབྱོར་དང་ཚོང་ལས་རིག་པའི་ཐོག་སློབ་མཐར་ཕྱིན་རྗེས། རྒྱ་ནག་དམར་ཤོག་ཚོགས་པའི་ཁོངས་སུ་ཞུགས་ཏེ་ཞིང་ལས་བློན་ཆེན་ལས་ཁུངས་ཀྱི་ལས་བྱེད་པར་གྱུར། ཕྱི་ལོ་ ༢༠༡༤ དང་ ༢༠༡༥ ལོར་གཱང་ཝང་སི་རང་སྐྱོང་ཁུལ་གྱི་སྤྱི་ཁྱབ་གཞོན་པ་དང་དབུས་སྤྱི་ཁྱབ་གཞོན་པར་བསྐོས། ཕྱི་ལོ་ ༢༠༡༧ ལོར་ཀན་སི་ཞིང་ཆེན་གྱི་མགོ་ཁྲིད་དུ་བསྐོས། ཕྱི་ལོ་ ༢༠༢༠ ལོར་རྒྱ་ནག་དབུས་ཞིང་ལས་དང་གྲོང་གསེབ་ལས་དོན་ལྷན་ཁང་གི་བློན་ཆེན་དུ་བསྐོས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༡༥ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༡༦ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese