མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ཟེར་བ་ནི་མི་མང་ལ་དྲག་གནོན་བྱས་པའི་ཉིན་མོ་ཞིག་ཡིན།

བོད་ཀྱི་དུས་བབ།
༢༠༢༥/༡༠/༠༡
Share on FacebookShare on TwitterShare on EmailShare on Whatsapp

འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་བོད་དང་བོད་དོན་རྒྱབ་སྐྱོར་བའི་ཚོགས་སྡེ་ཁག་ ༡༥༠ ལྷག་གིས་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ཟེར་བར་ངོ་རྒོལ་ལས་འགུལ་སྤེལ་ཏེ། བོད་ཀྱི་བདེན་མཐའ་མ་སེལ་བར་དུ་རྒྱ་ནག་དམར་ཤོག་ཚོགས་པའི་ཁ་གཏད་དུ་ལངས་རྒྱུ་ཡིན་པའི་བསྒྲགས་གཏམ་སྤེལ།

བོད་དང་ཐའེ་ཝན། ཧོང་ཀོང་། ལྷོ་སོག་དང་ཤར་ཊུ་ཀི་སི་ཐན་བཅས་ཀྱི་ཚོགས་སྡེ་ལྔ་ཡིས་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ཟེར་བར་ངོ་རྒོལ་བསྒྲགས་གཏམ་སྤེལ། བཀྲ་ཤིས་ཚེ་རིང་ལགས་ཀྱིས་པར་མཁོ་སྤྲོད་གནང་། ༢༠༢༥།༡༠།༡

དེ་རིང་ཕྱི་ཟླ་ ༡༠ ཚེས་ ༡ ཉིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་དུས་སྟོན་དང་བསྟུན་ནས། ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་རུ་ཡོད་པའི་གྲོས་ཚོགས་ཁང་དུ། བོད་དང་ཐའེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་དང་། ཤར་ཊུ་ཀི་སི་ཐན། ལྷོ་སོག་དང་ཧོང་ཀོང་། ཐའེ་ཝན་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་སོགས་ཀྱི་གོ་སྒྲིག་འོག རྒྱ་དམར་ལ་ཁ་གཏད་དང་གཉའ་གནོན་ལ་ངོ་རྒོལ། འགྲོ་བ་མིའི་ཐོབ་ཐང་ནམ་ཡང་ཕྱིར་བཤོལ་བྱེད་མི་སྲིད་ཅེས་པའི་འབོད་ཚིག་འོག་ནས་གསར་འགོད་ལྷན་ཚོགས་ཤིག་བསྐྱངས་ཡོད་ཅིང་། ཐེངས་འདིའི་གསར་འགོད་ལྷན་ཚོགས་ཐོག་ཐའེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཝོ་པེ་ཡེ་ལགས་དང་གྲོས་ཚོགས་འཐུས་མིའི་ཧོང་ཀོང་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཧོང་ཇའེ་ལགས། ཐའེ་པེ་གྲོང་ཁྱེར་གྱི་སྤྱི་ཁྱབ་པ་སབ་རེ་ན་ལིམ་ལགས། བོད་དང་ཐའེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་སྤྱི་ཁྱབ་དྲུང་ཆེ་བཀྲ་ཤིས་ཚེ་རིང་ལགས། ཕྱི་སྡོད་ཧོང་ཀོང་བའི་སྤྱི་ཁྱབ་དྲུང་ཆེ་ཧྥོང་ལགས། ཐའེ་ཝན་ཡུ་གུར་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཧེ་ཁྲའོ་ཏུང་ལགས། འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་ལི་མེ་ཁྲི་སོགས་ཡོད་འདུག

དེ་འབྲེལ་ཚོགས་སྡེ་ཁག་དེ་དག་གིས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ཕྱི་ཟླ་ ༡༠ ཚེས་ ༡ ཉིན་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ཞེས་འབོད་པའི་ཉིན་འདིར་རྒྱ་ནག་གི་མི་གྲངས་དུང་ཕྱུར་ ༡།༤ ནང་ན་དངོས་གནས་དགའ་སྤྲོ་ཚོར་མཁན་ག་ཚོད་ཅིག་ཡོད་དམ། རྒྱལ་ཁབ་གཞན་གྱི་མི་ག་ཚོད་ཀྱིས་ལྷག་བསམ་རྣམ་དག་གིས་དེ་ལ་རྟེན་འབྲེལ་ཞུ་ཡི་ཡོད་དམ། ང་ཚོ་བོད་དང་། ཧོང་ཀོང་། ཤར་ཏུར་ཀི་སི་ཐན། ལྷོ་སོག་པོ། ཐེ་ཝན་བཅས་ཀྱི་ཞི་བའི་སྤྱི་ཚོགས་ཀྱི་ཚོགས་སྡེ་ཁག་གིས་ཉིན་འདིར་ཡར་ལངས་ནས་རྒྱ་ནག་གི་དྲག་གནོན་ལ་ངོ་རྒོལ་བྱ་རྒྱུ་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་བྱ་རྒྱུ་ནམ་ཡང་ཕྱིར་འཐེན་བྱེད་མི་སྲིད་ཅེས་རྒྱ་གཞུང་ལ་སྐད་ཆ་བཤད་རྒྱུ་བདམས་ཡོད། རྒྱ་ནག་དམར་པོའི་གཞུང་གསར་འཛུགས་ཀྱིས་མུ་མཐུད་གནས་པ་དེས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཕན་འབྲས་བཟང་པོ་གང་ཡང་ཐོན་མེད་ཁར། དེའི་ཚབ་ཏུ་ཕྱིའི་རྒྱལ་ཁབ་ཁག་ཏུ་སྲིད་དབང་སྒེར་གཅོད་པའི་དབང་འཛིན་རིང་ལུགས་ཁྱབ་སྤེལ་བྱས་པ་དང་། རྒྱ་ནག་རང་གི་མི་དམངས་ལའང་བཙན་གནོན་བྱས་དང་བྱེད་མུས་ཡིན་པ་མ་ཟད།  ཁྱིམ་མཚེས་རྒྱལ་ཁབ་ཁག་ཏུ་དབང་སྒྱུར་དང་དམར་ཤོག་གི་ཤུགས་རྐྱེན་རྒྱ་སྐྱེད་གཏོང་བའི་བྱ་སྤྱོད་སྤེལ་ནས་རང་དབང་དང་མང་གཙོ། འགྲོ་བ་མིའི་ཐོབ་ཐང་སོགས་ལ་རྡོག་རོལ་གཏོང་མུས་ཡིན། གནད་དོན་འདི་དག་ལས་རྒྱ་ནག་གིས་ཁྲིམས་འགལ་ཐོག་ས་ཁུལ་འདྲ་མིན་གྱི་ནང་སྲིད་ལ་ཐེ་གཏོགས་དང་གོ་ལ་སྤྱིའི་བདེ་འཇགས་དང་འཕེལ་རྒྱས་ལ་གཏོར་བརླག་གཏོང་གི་ཡོད་པ་མངོན་གསལ་ཆགས་ཡོད། ཅེས་བརྗོད་འདུག

བོད་ཀྱི་གནད་དོན་དང་འབྲེལ་ནས། རྒྱ་ནག་གཞུང་གིས་བོད་ནང་དུ་ཡུན་རིང་དབང་སྒྱུར་གྱི་ཐབས་ལམ་སྤྱད་དེ་བོད་ཀྱི་རིག་གཞུང་དང་ཆོས་ལུགས་ལ་གཏོར་བརླག་གཏོང་བཞིན་ཡོད། བོད་ཀྱི་དགོན་སྡེ་ཁག་དང་གྲྭ་བཙུན་རྣམས་ལ་ལྟ་རྟོག་ནན་མོ་བྱེད་བཞིན་ཡོད། བོད་ཀྱི་སྐད་ཡིག་སློབ་གསོར་གོ་རིམ་ལྡན་པའི་ངང་ཚོད་འཛིན་དང་ཆོས་དད་རང་དབང་དང་རིག་གཞུང་སོགས་ལ་ཕྱོགས་ཡོངས་ནས་དྲག་གནོན་བྱས་དང་བྱེད་མུས་ཡིན། ཉེ་བའི་ལོ་ཤས་གོང་ནས་རྒྱ་ནག་གིས་སྔར་ལྷག་གི་གཞི་རྒྱ་ཆེ་བའི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་ལག་བསྟར་བྱས་ཏེ། བོད་རིགས་བྱིས་པ་སྟོང་ཕྲག་མང་པོ་ཁྱིམ་ཚང་དང་ཁ་ཐག་རིང་བའི་ཁོར་ཡུག་ཏུ་བཙན་ཤེད་ཀྱིས་བཀག་འགོག་བྱས་ཡོད། དེ་མཚུངས་བཞིན། རྒྱ་ནག་དམར་ཤོག་ཚོགས་པས་མུ་མཐུད་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་ལ་ཐེ་གཏོགས་བྱེད་བཞིན་ཡོད་ཅིང་། ༸གོང་ས་རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་སྐུའི་ཡང་སྲིད་འདེམས་སྒྲུག་གི་བདག་དབང་མེད་ཚུལ་བརྗོད་ནས་མ་འོངས་པའི་ཆོས་ཕྱོགས་ཀྱི་དབུ་འཁྲིད་སྐོར་ལ་གཡོ་ཇུས་འཐེན་བཞིན་ཡོད་སྐོར་སོགས་བརྗོད་འདུག

དེ་བཞིན། ཧོང་ཀོང་ལ་ཁས་ལེན་བྱས་པའི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་རྩ་མེད་དུ་བཟོས་ཏེ། ཆུ་ཚ་པོའི་ནང་སྦལ་བ་སྐོལ་བའི་འཐབ་ཇུས་ལག་བསྟར་གྱིས། ཧོང་ཀོང་མི་མང་ལ་དམར་ཤོག་གི་ཆབ་སྲིད་སློབ་གསོ་སྤྲོད་ཀྱིན་པ་དང་རིག་གཞུང་རྩ་བརླག་ཏུ་གཏོང་བ། གསར་འགོད་རང་དབང་ལ་དྲག་གནོན་སོགས་བྱས་ཏེ། ཁྲིམས་ཀྱི་དབང་སྒྱུར་དང་རང་དབང་ཡོངས་འཕྲོག་བཅོམ་བྱས་ཡོད་སྐོར་དང་།  ཤར་ཊུ་ཀི་སི་ཐན་གྱི་ཡུ་གུར་བ་ས་ཡ་མང་པོ་སློབ་གསོ་བསྒྱུར་བཀོད་ཁང་ཟེར་བའི་ནང་དུ་བཅུག་སྟེ་ཆབ་སྲིད་སློབ་གསོ་སྤྲད་པ་དང་། སྐད་ཡིག་དང་རིག་གཞུང་རྒྱུན་འཛིན་གྱི་རང་དབང་འཕྲོག་པ། དེ་བཞིན་བཙན་གྱིས་གཉེན་སྒྲིག་བྱེད་དུ་བཅུག་པ་དང་མངའ་སྤྲུམ་མེད་པར་བཟོས་པ་སོགས་མི་རིགས་རྩ་གཏོར་གྱི་སྲིད་ཇུས་ལག་བསྟར་བྱས་དང་བྱེད་མུས་ཡིན་སྐོར། དེ་བཞིན་ལྷོ་སོག་པོའི་ནང་དུ་རྒྱ་གཞུང་གིས་མི་རིགས་རྩ་གཏོར་གྱི་སྲིད་ཇུས་ལག་བསྟར་བྱས་ཏེ། སོག་པོའི་སྐད་ཡིག་དང་རིག་གནས།  སྲོལ་རྒྱུན་གྱི་ཤེས་ཡོན་སོགས་རིམ་བཞིན་རྩ་བརླག་གཏོང་གི་ཡོད་པའི་ཁར། རྒྱ་གཞུང་འབྲེལ་གྱི་ཁེ་ལས་ཁང་ཁག་གིས་སོག་པོའི་མཐའ་མེད་པའི་རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་གི་གཏེར་ཁ་སྔོག་འདོན་བྱས་ཏེ། སོག་པོ་ཙམ་དུ་མ་ཟད་ཁྱིམ་མཚེས་རྒྱལ་ཁབ་ཁག་ལའང་གནོད་ཤུགས་ཐེབས་ཡོད་སྐོར། ཐའེ་ཝན་དང་ཐའེ་ཝན་མི་མང་རྒྱུན་དུ་རྒྱ་ནག་གི་དམག་དོན་གྱི་འཇིགས་སྐུལ་དང་ཁེར་རྐྱང་གི་ཕྱི་འབྲེལ་གྱི་གནས་སྟངས་འོག་འཚོ་བ་སྐྱེལ་དགོས་ཀྱི་ཡོད་པ་དང་། རྒྱ་གཞུང་གིས་ཐེ་ཝན་གྱི་རྒྱལ་སྤྱིའི་མཁའ་ལམ་ཕྱི་འབྲེལ། མི་ང་གི་འཕྲོད་བསྟེན། ལུས་རྩལ། རིག་གནས་བཅས་ལ་དངོས་ཤུགས་བརྒྱུད་གསུལ་གྱི་ཐོག་ནས་གནོན་ཤུགས་སྤྲོད་ཀྱིན་ཡོད་པ་མ་ཟད། དུས་ནས་དུས་སུ་ཐའེ་ཝན་གྱི་ས་མཚོ་གནམ་གསུམ་གྱི་ཁུལ་དུ་དམག་དོན་སྦྱོང་བརྡར་བྱས་ཏེ། ཐའེ་ཝན་གྱི་མང་གཙོ་དང་བདེ་འཇགས་ལ་ཉེན་ཁ་བསྐྲུན་གྱི་ཡོད་སྐོར་སོགས་བརྗོད་འདུག

Resisting China’s Occupation: 1 October Joint Statement. Photo Credit: International Tibet Network

གཞན་ཡང་། ཨ་རི་དང་ཡུ་རོབ། རྒྱ་གར་སོགས་འཛམ་གླིང་ཡུལ་གྲུ་གང་སར་ཁྱབ་ཡོད་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་ཁེ་ན་ཌའི་བོད་དོན་ལྷན་ཚོགས། བོད་དོན་འབྲེལ་མཐུད་ཁང་སོགས་བོད་དང་བོད་དོན་རྒྱབ་སྐྱོར་བའི་ཚོགས་སྡེ་ཁག་ ༡༤༥ ཡིས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་ཉིན་མོ་ནི་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་དབང་སྒེར་སྤྱོད་ལ་ངོ་རྒོལ་བྱེད་པའི་ཉིན་མོ་ཞིག་ཡིན་པ་མ་ཟད། བོད་ཀྱི་བདེན་མཐའ་སེལ་ཏེ་བོད་ལ་རང་དབང་མ་ཤར་གྱི་བར་དུ་བོད་དོན་འཐབ་རྩོད་རྒྱུན་མཐུད་རྒྱུ་ཡིན་པའི་ཡོངས་ཁྱབ་བསྒྲགས་གཏམ་ཞིག་སྤེལ་འདུག་ལ། བསྒྲགས་གཏམ་ནང་། ཕྱི་ལོ་ ༢༠༢༥ ལོའི་ཨ་རིའི་རང་དབང་ཁང་པའི་སྙན་ཐོར་བོད་ནི་འཛམ་གླིང་གི་རང་དབང་ཆེས་མེད་སའི་ས་ཁུལ་དུ་ངོས་འཛིན་བྱུང་བ་གསལ་འདུག་པ་དང་། ད་སྔ་བར་བོད་མི་སྟོང་ཕྲག་མང་པོ་གང་བྱུང་འཛིན་བཟུང་བཀག་ཉར་གྱིས་གར་སོང་ཆ་མེད་དུ་གྱུར་བ་དང་དཀྲོངས་པ། ཚེ་བཙོན་བྱས་པ་སོགས་བྱུང་ཡོད་པ་མ་ཟད། མཐའ་ན་སོ་སོའི་ས་ཆ་དང་ཆོས་ལུགས་དད་མོས། སྐད་ཡིག་དང་རིག་གཞུང་སོགས་སྲུང་སྐྱོབ་བྱེད་པའི་ཐོབ་ཐང་མེད་ཅིང་། མགོན་པོ་སྐྱིད་ལགས་གཙོས་པའི་གྲྭ་བཤེར་བཟང་རྒྱ་མཚོ་ལགས་དང་གླུ་བ་ཨ་སངས། མཚོ་སྔོན་ཚེ་རིང་། སྒོ་ཤེས་རབ་རྒྱ་མཚོ། ཨ་ཉག་སེང་སྒྲ། ཀརྨ་བསམ་འགྲུབ། བྱམས་པ་ཆོས་འཕེལ། རིན་ཆེན་སྐྱིད། ཡེ་ཤེས་ཆོས་སྒྲོན། བཀྲ་ཤིས་དབང་ཕྱུག་སོགས་ཀྱིས་ཞི་བའི་ལས་འགུལ་སྤེལ་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་། ཁོར་ཡུག་སོགས་སྲུང་སྐྱོབ་བྱས་པར་ཉེས་མིང་འདྲ་མིན་གཡོགས་ཏེ་བཙོན་འཇུག་དང་སྲོག་ཁྲིམས་ཀྱི་འཇིགས་སྐུལ་བྱས་ཡོད་ལ། ད་དུང་ཡང་བོད་མི་རྣམས་ལ་དྲང་བདེན་མིན་པའི་ཁྲིམས་ཆད་དང་སྡིགས་ར་སྐུལ་མུས་ཡིན་སྐོར་སོགས་བརྗོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༢ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༢༤ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༤ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese