མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་ཐབས་ལ་ཤུགས་སྣོན་སྔར་ལྷག་བྱེད་ཀྱི་འདུག  

བོད་ཀྱི་དུས་བབ།
༢༠༢༥/༡༠/༠༧
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོའི་རྒྱ་ནག་དབུས་དམར་ཤོག་ཆབ་སྲིད་ལྷན་ཁང་གིས་རྒྱལ་ཡོངས་ཀྱི་ཆོས་ལུགས་རྒྱ་ནག་ཅན་དུ་བསྒྱུར་བར་བརྒྱུད་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བའི་ཐུན་མོང་གི་སློབ་སྦྱོང་ཚོགས་འདུ་ཐེངས་  ༢༢ པ་ཟེར་བ་ཞིག་བསྡུས་ཏེ་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་བར་ནུས་ཤུགས་སྔར་ལྷག་གདོན་དགོས་ལུགས་བརྗོད་འདུག

རྒྱ་ནག་གཞུང་གི་རྒྱ་སྒྱུར་གྱི་སྲིད་ཇུས་འོག་དགོན་པ་ཁག་གི་དགེ་འདུན་པ་ཚོས་ཀྱང་ཆོས་ཕྱོགས་ཀྱི་བསླབ་པ་སློབ་གཉེར་བཞག་ནས་དམར་ཤོག་གི་ཆབ་སྲིད་སློབ་སྦྱོང་བྱེད་བཞིན་པ།

འདི་ལོའི་ཕྱི་ཟླ་ ༩ ཚེས་ ༢༩ ཉིན་གྱི་ཕྱི་དྲོར་རྒྱ་ནག་དབུས་དམར་ཤོག་ཆབ་སྲིད་ལྷན་ཁང་གིས། རྒྱལ་ཡོངས་ཀྱི་ཆོས་ལུགས་རྒྱ་ནག་དུ་བསྒྱུར་བར་བརྒྱུད་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བའི་ཐུན་མོང་གི་སློབ་སྦྱོང་ཚོགས་འདུ་ཐེངས་  ༢༢ པ་ཟེར་བ་ཞིག་བསྡུས་ཏེ། རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་གྱིས་བོད་བརྒྱུད་ནང་བསྟན་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་མཐུན་པར་ཧུར་ཐག་བྱ་དགོས་སོགས་བརྗོད་འདུག

སྐབས་དེར་ཞི་ཅིན་ཕིན་གྱིས། ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་བསྡོམས་བྱས་ཏེ་བེད་སྤྱོད་བྱེད་པ་དང་། ཆོས་ལུགས་ལས་དོན་དངོས་ལ་གཞི་ཚུགས་པ་སོགས་བྱས་ཏེ་ཆོས་ལུགས་རྒྱ་ནག་ཅན་དུ་བསྒྱུར་བར་བརྒྱུད་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏང་དགོས་ཤིང་། ཆོས་ལུགས་རྣམས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་པར་ཁྲིད་སྟོན་ཧུར་ཐག་བྱ་དགོས་ལུགས་དང་། རྒྱ་ནག་གིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་ཁྲིད་སྟོན་མཐའ་འཁྱོངས་བྱས་ཏེ། ཆོས་ལུགས་ཀྱི་མགོ་ཁྲིད་པ་དང་དད་ལྡན་མི་སྣས་རྒྱལ་ཁབ་དང་། ལོ་རྒྱུས། མི་རིགས། རིག་གནས། ཆོས་ལུགས་བཅས་ལ་ལྟ་བ་ཡང་དག་པ་འཛུགས་པར་ཁྲིད་སྟོན་དང༌། ངོས་འཛིན་ལྔ་ཟམ་མི་ཆད་པར་ཇེ་དྲག་ཏུ་གཏང་དགོས་ལུགས་སོགས་བཤད་འདུག

འདི་ལོའི་ཕྱི་ཟླ་ ༧ ཚེས་ ༦ ཉིན་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་གྱིས་རྒྱལ་མཚན་ནོར་བུ་ལགས་ལ་ཐུག་འཕྲད་བྱེད་སྐབས། ཞི་ཅིན་ཕིན་གྱིས་བློ་བརྟན་འགྱུར་མེད་ཀྱི་ཐོག་ནས་མེས་རྒྱལ་གཅིག་གྱུར་ཟེར་བ་དང་། རྒྱལ་ཁབ་ཀྱི་ཆེད་དུ་སྤྱི་ཚོགས་ཀྱི་འདུ་ཤེས་བརྟན་པོ་བསྐྲུན་རྒྱུར་ལས་དོན་ཡག་པོ་བྱ་དགོས་པ། བོད་བརྒྱུད་ནང་བསྟན་དེ་ཀྲུང་གོ་ཅན་དུ་བསྒྱུར་བ། བོད་ལྗོངས་དེང་རབས་ཅན་དུ་འཛུགས་སྐྲུན་བྱེད་པར་མུ་མཐུད་དུ་ནུས་པ་འདོན་དགོས་ལུགས་སོགས་བཀོད་མངགས་བྱས་ཡོད་འདུག

བོད་བརྒྱུད་ནང་བསྟན་རྒྱ་ནག་ཏུ་བསྒྱུར་བའི་སྲིད་ཇུས་ཀྱི་ཆ་ཤས་སུ་གཏོགས་པའི་དྲྭ་རྒྱའི་ཆོས་ལུགས་ཆ་འཕྲིན་ཞབས་ཞུ་དོ་དམ་བྱ་ཐབས་ཟེར་བ་དེ་ཕྱི་ལོ་ ༢༠༢༢ ལོར་ལག་བསྟར་བྱས་པའི་ནང་དུ།  འཕྲིན་སྟེགས་དང་ཟིན་བྲིས། སྐད་འཕྲིན་སོགས་སྤྱི་ཚོགས་དྲ་གནས་སོགས་སུ་ཐད་གཏོང་དང་སྒྲ་སྒམ། པར་དང་ཡི་གེ། བརྙན་སོགས་ཀྱི་ཐབས་ལམ་བརྒྱུད་དེ་སྤྱི་ཚོགས་ཁྲོད་ཆོས་ལུགས་རིག་གནས་དང་ཆོས་ལུགས་བྱེད་སྒོའི་རིགས་སོགས་སྤེལ་དགོས་ན་ངེས་པར་དུ་དྲ་ལམ་ཆོས་ལུགས་ཆ་འཕྲིན་ཞབས་ཞུ་ཁང་ནས་ཆོག་མཆན་དགོས་པ་མ་ཟད། ཆོས་ལུགས་བྱེད་སྒོ་སྤེལ་མཁན་གྱི་སྐུ་ཚབ་བམ་ཡང་ན་གཙོ་གཉེར་བ་རྒྱ་ནག་ནང་ལོགས་སུ་གནས་སྡོད་བྱེད་མཁན་དང་ཐོབ་ཐང་ལག་ཁྱེར་ཡོད་པ། ཆོས་ལུགས་ཁྲིམས་ཡིག་ཁག་ལ་རྒྱུས་མངའ་ཡོད་པ། ཉུང་མཐར་འདས་པའི་ལོ་ ༣ ནང་ཁྲིམས་འགལ་གྱི་ནག་ཉེས་མེད་པ་དང་། ཆོས་ལུགས་ཁྲིམས་སྒྲིག་ལ་འགལ་བ་མ་ཡིན་པ་དགོས་འདུག དེ་བཞིན་ཆོག་མཆན་ཡི་གེ་དེ་ལོ་གསུམ་རེ་ནས་བསྐྱར་ཞིབ་བརྒྱུད་གསར་བཟོ་དགོས་པ་དང་། ཆོག་མཆན་ཐོབ་ཐང་བེད་སྤྱོད་དེ་དངུལ་དངོས་བསྡུ་མི་ཆོག་པ་དང་། ཆོས་ལུགས་ཀྱི་སློབ་གླིང་དང་ཆོས་ལུགས་ཚོགས་པ། ཆོས་ལུགས་ཀྱི་བྱེད་སྒོའི་རིགས་སྤེལ་མི་ཆོག་པ་སོགས་བཀོད་ཡོད་པ་རེད།

མ་ཎི་འཁོར་ལོ་སོགས་ཀྱི་ངོས་སུ་རྒྱ་ཡིག་འབྲི་བཞིན་པ།

ཕྱི་ལོ་ ༢༠༢༠ ལོའི་ཟླ་ ༨ ཚེས་ ༢༨ དང་ ༢༩ ཉིན་པེ་ཅིན་དུ་བསྡུས་པའི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་ཆེན་ཐེངས་ ༧ པ་ཟེར་བའི་ཐོག  ཞི་ཅིན་ཕིན་གྱིས་བོད་བརྒྱུད་ནང་བསྟན་ད་དུང་རྒྱ་ནག་ཅན་དུ་གྱུར་མེད་པ་དེར་ཤུགས་སྣོན་རྒྱག་དགོས་སྐོར་གྱི་གཏམ་བཤད་སྤེལ་ཏེ། བོད་ཁུལ་གང་སར་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་དགོས་པའི་སྐུལ་འདེད་ཀྱི་བྱ་འགུལ་སྔར་ལས་ཤུགས་ཆེར་སྤེལ་ཡོད་པ་དང་། ལོ་དེའི་ཕྱི་ཟླ་ ༡༡ ཚེས་ ༡༢ ཉིན་པེ་ཅིན་དུ་བོད་བརྒྱུད་ནང་བསྟན་དགོངས་འགྲེལ་ལས་དོན་དཔྱད་གླེང་གྲོས་ཚོགས་ཟེར་བ་དེ་བསྡུས་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་དུས་རབས་ཀྱི་འཕེལ་རྒྱས་དང་མཉམ་འདྲེས་ཧུར་ཐག་དགོས་སྐོར་གྱི་གཏམ་བཤད་སྤེལ། ལོ་དེའི་ཕྱི་ཟླ་ ༤ པའི་ནང་རྒྱ་ནག་གཞུང་གིས་བོད་ཀྱི་ལྷ་ལྡན་གཙུག་ལག་ཁང་གཙོས་དགོན་སྡེ་ཁག་གི་འཛུགས་སྐྲུན་བཟོ་བཀོད་དང་ཐ་ན་ཆོས་ལུགས་ཀྱི་ཅ་དངོས་རྣམས་ཀྱང་རྒྱ་ནག་གི་ཁྱད་ཆོས་ཅན་དུ་བསྒྱུར་དགོས་སྐོར་ནན་བརྗོད་བྱས་ཏེ། ཐ་ན་དགོན་པའི་འདུ་ཁང་དང་མཆོད་རྟེན། མ་ཎི་འཁོར་ལོའི་ངོས་སུ་མི་རིགས་མཐུན་སྒྲིལ་དང་མེས་རྒྱལ་ལ་དགའ་ཞེན། རྒྱལ་གཅེས་ཆོས་གཅེས་ཀྱི་བསམ་བློ་གོང་སྤེལ་ཟེར་བ་སོགས་ཀྱི་དྲིལ་བསྒྲགས་འབོད་ཚིག་རིགས་འབྲི་བཞིན་ཡོད་པ་རེད།

ཕྱི་ལོ་ ༢༠༡༢ ལོར་ཞི་ཅིན་ཕིན་གྱིས་རྒྱ་ནག་དམར་ཤོག་ཚོགས་པའི་དབང་ཆ་བཟུང་བ་ནས་བཟུང་། ཕྱི་ལོ་ ༢༠༡༤ ལོར་《རྒྱལ་ཁབ་བདེ་འཇགས་དེབ་སྔོན་པོ་》ཟེར་བ་ཞིག་དང་། ཕྱི་ལོ་ ༢༠༡༨ ལོར་《ཆོས་ལུགས་ལས་དོན་སྲོལ་ཡིག》། 《རྒྱལ་ཁབ་ཀྱི་ཆོས་དད་རང་མོས་འགན་སྲུང་སྲིད་བྱུས་དང་ལག་བསྟར།》དེ་བཞིན་ཕྱི་ལོ་ ༢༠༢༢ ལོར་《དྲྭ་རྒྱའི་ཆོས་ལུགས་ཆ་འཕྲིན་ཞབས་ཞུ་དོ་དམ་བྱ་ཐབས་》བཅས་བོད་ནང་ཆོས་ལུགས་དང་འབྲེལ་བའི་ཡིག་ཆ་བཞི་བཏོན་ཡོད་པ་མ་ཟད། བོད་ནང་ཆོས་ལུགས་དམ་དྲག་དང་དགོན་སྡེ་སོགས་དོ་དམ་སླད་སྲོལ་ཡིག་བཅུ་གྲངས་ཤིག་བཀྲམ་ཡོད། ཕྱི་ལོ་ ༢༠༡༧ ལོར་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཡིན་པ་དང་ད་ལྟ་བཙོན་དུ་ཡོད་པའི་ཝུའུ་དབྱིན་ཅི་(吴英杰)ཡིས་བོད་ལྗོངས་ཆོས་ལུགས་ཚོགས་ཆེན་ཐོག་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་དགོས་པ་ཕྱིར་བསྒྲགས་བྱས་ཡོད་པ་དང་། དེ་ནི་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་བ་ཟེར་བ་ཡོངས་གྲགས་ཕྱིར་བསྒྲགས་བྱས་པ་ཐོག་མ་དེ་ཆགས་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese