མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞིང་གཤེགས་དམ་པ་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་ལགས་སུ་སྙིང་སྟོབས་གཟེངས་རྟགས་ཕུལ།

བོད་ཀྱི་དུས་བབ།
༢༠༢༥/༡༠/༡༣
Share on FacebookShare on TwitterShare on EmailShare on Whatsapp

ཞིང་གཤེགས་དམ་པ་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་ལགས་སུ་ཕྱི་ལོ་ ༢༠༢༥ ལོའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་ཕུལ།

ཞིང་གཤེགས་དམ་པ་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་ལགས་སུ་སྙིང་སྟོབས་གཟེངས་རྟགས་ཕུལ།
བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༡༠།༡༣

ལོ་རེའི་ཕྱི་ཟླ་ ༡༠ ཚེས་ ༡༣ ཉིན་རྒྱ་ནག་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་རྒྱའི་བཙོན་ཁང་དུ་སྐུ་དཀྲོངས་པའི་ཉིན་མོར་སྲུང་གཙི་གནང་གི་ཡོད་པ་དང་བསྟུན། དེ་རིང་བཞུགས་སྒར་དུ་རྒྱལ་སྤྱིའི་བོད་ཀྱི་འབྲེལ་མཐུད་ལས་ཁང་གི་མཐུན་འགྱུར་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་ཀྱི་བུད་མེད་ལྷན་ཚོགས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག ཞིང་གཤེགས་དམ་པ་ཁོང་ལ་རྗེས་དྲན་གྱི་མཛད་སྒོ་ཞིག་འཚོགས་སོང་བ་དང་། མཛད་སྒོའི་ཐོག་འདི་ལོའི་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་དེ། ཞིང་གཤེགས་དམ་པ་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་ལགས་སུ་ཕུལ་སོང་།

དེ་ཡང་སྔ་དྲོ་ཆུ་ཚོད་ ༡༡ སྟེང་དྷ་ས་ས་གནས་མགོ་འཛིན་གྱི་ཚོགས་ཁང་དུ། བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ལྔ་ཡི་གོ་སྒྲིག་འོག ཞིང་གཤེགས་དམ་པ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་སྐུ་དཀྲོངས་ནས་ལོ་ངོ་བཅུ་འཁོར་བའི་རྗེས་དྲན་མཛད་སྒོ་ཞིག་འཚོགས་ཤིང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་སློབ་རྒྱ་རི་རྒྱལ་མ་མཆོག་ཕེབས་ཏེ་དམ་པ་ཁོང་གི་སྐུ་ཚེ་མཛད་འཕྲིན་དང་འབྲེལ་བའི་གསུང་བཤད་གནང་སོང་ལ། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་གི་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་འཇུ་བསྟན་སྐྱོང་ལགས་ཀྱིས་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་ལགས་ཀྱི་སྐུ་འཁོར་ནང་མིའི་ཚབ་ཏུ་སྙིང་སྟོབས་གཟེངས་རྟགས་འབུལ་ལེན་བྱས་ཡོད།

བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ལྔ་ཡིས། མི་ལོ་བཅུའི་ཡར་སྔོན་དུ། རྒྱའི་བཙོན་ཁང་དུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་སྐུ་གཤེགས་པ་ནི་འཇིག་རྟེན་འདིར་རེ་བ་དང་འཚེ་མེད་ཞི་བའི་སྒྲོན་མེ་ཞིག་གཏན་དུ་བོར་བརླག་ཏུ་བཏང་བ་ཡིན། རིན་པོ་ཆེས་མི་ལོ་བཅུ་གསུམ་རིང་རྒྱའི་བཙོན་ཁང་དུ་ནག་ཉེས་གང་ཡང་མེད་པར་དཀའ་སྡུག་མྱངས་ཡོད། ཁོང་གློ་བུར་རྐྱེན་འདས་སུ་ཕྱིན་པ་དེས་རྒྱ་ནག་གཞུང་གིས་བོད་ལ་དྲག་པོའི་གཉའ་གནོན་དང་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་དང་གཏོང་མུས་ཡིན་པ་མཚོན་གྱི་ཡོད།

རྒྱ་ནག་གིས་བོད་ལ་ཁྲིམས་འགལ་གྱིས་བཙན་འཛུལ་བྱས་ཏེ་དྲག་གནོན་ཤུགས་ཆེན་བྱེད་བཞིན་པའི་ཛ་དྲག་གི་གནས་སྟངས་འོག་ནས་བསྟན་འཛིན་བདེ་ལེགས་རིན་པོ་ཆེས་སྐུ་ཚེ་ཧྲིལ་པོ་བོད་ཀྱི་སྐད་ཡིག་རིག་གཞུང་ཉར་ཚགས་བྱེད་པའི་ཐད་བློས་བཏང་ཡོད་ལ། ཁོང་ནི་རྒྱ་ནག་དམར་ཤོག་ཚོགས་པས་ཁ་གཏད་ཀྱི་ཉེན་ཁ་ཞིག་ཏུ་མཐོང་ནས་མི་ཆོས་ལས་འདས་པའི་བརྙས་བཅོས་དང་འཇིགས་སྐུལ། ཁྲིམས་ཆད་སོགས་བཅད་ཡོད། འོན་ཀྱང་། ཁོང་གིས་བོད་མི་མང་གི་རང་དབང་དང་དྲང་བདེན་གྱི་ཆེད་དུ་བདམས་པའི་བློ་སྟོབས་ལ་འགྱུར་བ་མེད་པར་གནས་པ་དེས་ང་ཚོ་ཚང་མར་སེམས་ཤུགས་སྐྱེད་མུས་ཡིན། ཞེས་བརྗོད་འདུག

བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་ཕུལ་བའི་མཛད་སྒོ་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༡༠།༡༣

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་དེ། ཕྱི་ལོ་ ༢༠༡༦ ལོར་ཐོག་མར་ཕུལ་དགོས་བཙུགས་པ་དང་། གཟེངས་རྟགས་དེ་ནི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད་ཕྱག་ལས་གནང་མཁན་གྱི་ཚོགས་སྡེ་བོད་དང་བོད་དོན་རྒྱབ་སྐྱོར་བ་བཅས་ལ་ཕུལ་སྲོལ་ཡོད་པ་ལྟར། ཕྱི་ལོ་ ༢༠༢༤ ལོའི་སྙིང་སྟོབས་གཟེངས་རྟགས་དེ་ཁམས་སྡེ་དགེའི་མི་མང་ལ་ཕུལ། ཕྱི་ལོ་ ༢༠༢༣ ལོའི་གཟེངས་རྟགས་བོད་ཀྱི་ཆབ་སྲིད་བཙོན་པ་རྡོ་རྗེ་བཀྲ་ཤིས་དང་མགོན་པོ་སྐྱིད་གཉིས་ལ་ཕུལ། ཕྱི་ལོ་ ༢༠༢༢ ལོར་ཨ་ཉག་སེང་སྒྲ། ཕྱི་ལོ་ ༢༠༡༩ ལོར་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག ཕྱི་ལོ་ ༢༠༡༨ ལོར་འཇིགས་བྲལ་གློག་བརྙན་བཟོ་བསྐྲུན་མཁན་དང་བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་དང་དོན་འགྲུབ་དབང་ཆེན་གཉིས། ཕྱི་ལོ་ ༢༠༡༧ ལོར་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལགས་སུ་གཟེངས་རྟགས་དེ་ཕུལ་འདུག་ལ། སྙིང་སྟོབས་གཟེངས་རྟགས་ཐོག་མ་སྟེ། ཕྱི་ལོ་ ༢༠༡༦ ལོའི་གཟེངས་རྟགས་དེ་བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་ཆོས་སྒྲོན་ལགས་སུ་ཕུལ་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

སྐར་མ ༤༦ སྔོན་ལ།
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese