མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གཞུང་གིས་བོད་ཀྱི་དགེ་འདུན་པ་རྣམས་ལ་རྒྱལ་གཅེས་ཟེར་བའི་བསམ་བློ་སྤེལ་ཆེད་རྒྱ་ནག་ཏུ་ལྟ་སྐོར་ཁྲིད།

བོད་ཀྱི་དུས་བབ།
༢༠༢༥/༡༠/༡༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་བ་ཟེར་བའི་མིང་ཆེན་པོ་ཞིག་བཤད་ཀྱི་ཡོད་ཀྱང་། བོད་བརྒྱུད་ནང་བསྟན་དང་སྐད་ཡིག་གི་ངོས་འཛིན་གྱི་མཚོན་པའི་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་བཞིན་ཡོད།

བོད་གཞིས་ཀ་རྩེ་ཁང་དམར་རྫོང་གི་ཆོས་ཕྱོགས་མི་སྣ་ ༡༦ རྒྱ་ནག་ཏུ་ལྟ་སྐོར་འཁྲིད། དྲ་ལམ་གྱི་པར།

ཞི་ཅིན་ཕིང་གི་ཆོས་ལུགས་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཆོས་ཕྱོགས་ཀྱི་མི་སྣ་རྒྱ་ནག་ཏུ་ཁྲིད་དེ་འདུ་ཤེས་གསུམ་གྱི་སློབ་གསོ་ཟེར་བའི་ལས་འགུལ་སྤེལ་བཞིན་ཡོད་པ་ལྟར།  ཉེ་ལམ་བོད་གཞིས་ཀ་རྩེ་ཁང་དམར་རྫོང་གི་ཆོས་ཕྱོགས་མི་སྣ་ ༡༦ རྒྱ་ནག་ཏུ་ལྟ་སྐོར་ཁྲིད་དེ། དམར་པོའི་ལོ་རྒྱུས་ལ་བསྐྱར་ཞིབ་དང་རྒྱལ་ཁབ་ཀྱི་འཕོ་འགྱུར་རླབས་ཆེན་ཉམས་སུ་མྱོང་ཟེར་བའི་མིང་ཐོག་ནས་པེ་ཅིན་དང་ཁྲིན་ཏུའུ་སོགས་ནས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ལས་འགུལ་སྤེལ་ཡོད་འདུག

འདི་གའི་གསར་འགོད་པས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཕན་ཐོགས་ལགས་སུ་རྒྱ་གཞུང་གིས་བོད་ཀྱི་ཆོས་ཕྱོགས་ཀྱི་མི་སྣ་རྒྱ་ནག་ནང་ལྟ་སྐོར་དུ་ཁྲིད་དགོས་པའི་དམིགས་ཡུལ་སྐོར་ལ་དྲིས་པར་ཁོང་མོས། ཕྱི་ལོ་ ༡༩༩༦ ནས་བཟུང་རྒྱ་ནག་གཞུང་གིས་བོད་ནང་དུ་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་སྤེལ་ཡོད། བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་ཁྲིད་ཚེ་རྡོར་གྱི་སྐབས་སུ་བོད་དོན་ཐོག་ངོ་རྒོལ་བྱེད་མཁན་གྲྭ་བཙུན་མང་པོ་ཡོད་པ་དང་། ལྷག་པར་དུ་ཕྱི་ལོ་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོའི་ནང་དུ་གྲྭ་བཙུན་མང་པོས་ལས་འགུལ་སྤེལ་བར། རྒྱ་གཞུང་གིས་བོད་ནང་གཏན་གནས་མེད་པར་བཟོ་མཁན་གཙོ་བོ་གྲྭ་བཙུན་ཡིན་པར་བསྒྲགས་ཡོད། བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་ཁྲིད་ཁྲིན་ཆོན་ཧའོ་ཡིས་དགོན་པའི་ནང་གཏན་སྡོད་ཀྱི་ལས་དོན་ཚོགས་ཆུང་བཙུགས་ཏེ། དཔེ་བཟང་གི་དགོན་པ་དང་རྒྱལ་ཞེན་ཅན་གྱི་གྲྭ་བཙུན་བདམས་ཐོན་བྱས་པའི་ལས་གཞི་སྤེལ་བ་རེད། དེའི་ཁྲོད་རྒྱ་ནག་གཞུང་གིས་ལས་ཀ་བྱེད་ཕྱོགས་ལ་འདོད་པ་མེད་པའི་རྣམ་འགྱུར་བསྟན་ཚེ་དགོན་པ་ནས་ཕྱིར་ཕུད་གཏོང་གི་ཡོད། རྒྱ་གཞུང་གི་ལས་དོན་ལ་དགའ་ཞེན་བྱེད་མཁན་གྱི་རྒྱལ་ཞེན་པའི་མིང་ཐོག་ནས་ལྟ་སྐོར་དུ་འཁྲིད་བཞིན་ཡོད། དེ་ཡང་རྒྱ་ནག་གཞུང་གིས་ལྟ་སྐོར་དུ་ཁྲིད་པའི་དམིགས་ཡུལ་གཙོ་བོ་ཞིག་རེད། དེ་བཞིན་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་བ་ཟེར་བའི་མིང་ཆེན་པོ་ཞིག་བཤད་ཀྱི་ཡོད་ཀྱང་། བོད་བརྒྱུད་ནང་བསྟན་དང་སྐད་ཡིག་གི་ངོས་འཛིན་གྱི་མཚོན་པའི་བོད་མི་རིགས་ཀྱི་ངོ་བོ་དེ་རྩ་མེད་གཏོང་བཞིན་ཡོད། འདུ་ཤེས་གསུམ་དང་འདུ་ཤེས་བཞི་སོགས་ཀྱི་སློབ་གསོ་ཟེར་བའི་འབབ་ས་ཚང་མ་རྒྱ་གཞུང་གིས་བོད་ཀྱི་གྲྭ་བཙུན་རྣམས་ལ་དམ་དྲག་བྱེད་ཆེད་རེད། རྒྱ་ནག་གཞུང་གིས་བོད་དབང་བསྒྱུར་བྱེད་པར་འགོག་རྐྱེན་འཕྲད་ས་གཙོ་བོ་ཞིག་ནི་བོད་ཀྱི་དགོན་སྡེའི་གྲྭ་བཙུན་རྣམས་ཆགས་ཡོད་པས། བོད་ཀྱི་དགོན་སྡེ་ཁག་ཏུ་རྒྱ་གཞུང་གིས་དཔལ་འབྱོར་གྱི་རོགས་སྐྱོར་སོགས་རྒྱབ་ལྗོངས་འདྲ་མིན་གྱི་མིང་ཐོག་ནས་ལས་གཞི་སྤེལ་བཞིན་ཡོད། དམིགས་བསལ་བོད་ཀྱི་ཆོས་ཕྱོགས་ཀྱི་མི་སྣ་རྒྱ་ནག་ནང་ལྟ་སྐོར་ཁྲིད་དགོས་དོན་ཡང་རྒྱ་གཞུང་གི་ཆབ་སྲིད་དྲིལ་བསྒྲགས་བྱེད་པའི་ལག་ཆ་ཞིག་ཆགས་ཡོད། ཅེས་འགྲེལ་བརྗོད་གནང་བྱུང་།

ཕྱི་ལོ་ ༢༠༡༡ ལོ་ནས་བཟུང་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་ཕྱོགས་ཀྱི་མི་སྣ་རྒྱ་ནག་ནང་ལྟ་སྐོར་དུ་ཁྲིད་པའི་མགོ་བཙུགས་ཡོད་ཅིང་།  ཕྱི་ལོ་ ༢༠༢༡ ལོར་ཞི་ཅིན་ཕིང་གིས་དམར་ཤོག་གི་ལོ་རྒྱུས་དང་སློབ་གསོ་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ་དམར་ཤོག་གི་ཡུལ་སྐོར་སོགས་ཀྱི་མིང་ཐོག་ནས་ལས་འགུལ་སྤེལ།   དེའི་ཁྲོད་རྒྱ་གཞུང་གིས་བོད་ཀྱི་ས་གནས་ཁག་ཅིག་ནས་བོད་ཀྱི་ཆོས་ཕྱོགས་ཀྱི་མི་སྣ་ཁག་ཅིག་རྒྱ་ནག་ནང་ལྟ་སྐོར་དུ་ཁྲིད་འདུག། ཕྱི་ལོ་ ༢༠༢༤ ཟླ་ ༡༠ ཚེས་ ༨ ནས་ཉིན་གྲངས་བརྒྱད་རིང་གཞིས་ཀ་གྲོང་ཁྱེར་ཆོས་ལུགས་མཐུན་ཚོགས་ཟེར་བའི་གོ་སྒྲིག་འོག ཆོས་ཕྱོགས་ཀྱི་མི་སྣ་གྲངས་ ༣༢  དམར་ཤོག་ཀྱི་ལོ་རྒྱུས་དྲན་གསོ་ཞེས་པའི་མིང་འོག་ཏུ་ཧྲང་ཧའེ་སོགས་སུ་ལྟ་སྐོར་ཁྲིད་འདུག   ཕྱི་ལོ་ ༢༠༢༥ ཟླ་ ༥ ཚེས་ ༢༦ ཉིན་ནས་ཉིན་གྲངས་བཅུ་རིང་བོད་ལྗོངས་ནང་བསྟན་སློབ་གླིང་ཟེར་བའི་དགེ་འདུན་པ་གྲངས་ ༤༠ རྒྱ་ནག་གི་ཀྲེ་ཅང་དང་ཧྲང་ཧའེ་སོགས་སུ་ལྟ་སྐོར་དུ་ཁྲིད་ཡོད་པ་དང་། དེ་བཞིན་འདི་ལོའི་ཕྱི་ཟླ་ ༩ པའི་མཇུག་ནས་ཉིན་གྲངས་ ༡༦  རིང་བོད་ཀྱི་གཞིས་ཀ་རྩེ་ཁང་དམར་རྫོང་གི་ཆོས་ཕྱོགས་ཀྱི་མི་སྣ་ ༡༦ པེ་ཅིང་དང་ཁྲིན་ཏུའུ་སོགས་སུ་ལྟ་སྐོར་དུ་ཁྲིད་འདུག ལོ་གཉིས་བསྟུད་མར་གཞིས་ཀ་རྩེའི་ཆོས་ཕྱོགས་ཀྱི་མི་སྣ་ཁག་དམར་ཤོག་གི་ལོ་རྒྱུས་དྲན་གསོའི་མིང་ཐོག་ནས་ལྟ་སྐོར་དུ་ཕྱིན་འདུག དེ་ཡང་གཙོ་བོ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་བའི་སྲིད་ཇུས་དང་། འདུ་ཤེས་གསུམ་གྱི་སློབ་གསོ་སོགས་སྤེལ་སླད་རྒྱ་ནག་ཏུ་ལྟ་སྐོར་དུ་ཁྲིད་བཞིན་ཡོད་པ་ཞིག་ཡིན་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༡༢ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༡༢ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese