མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་དམར་ཤོག་དཔོན་རིགས་དགུ་ཕྱིར་ཕུད་བཏང་།

བོད་ཀྱི་དུས་བབ།
༢༠༢༥/༡༠/༡༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་རྒྱལ་ཡོངས་ཀྱི་སྐབས་ཉི་ཤུ་བའི་ཚོགས་ཆེན་ཐེངས་ ༤ པ་ཟེར་བ་འཚོག་ལ་ཉེ་བའི་སྐབས་འདིར། ཞི་ཅིན་ཕིན་གྱིས་རྒྱ་ནག་བཅིང་གྲོལ་དམག་གི་དམག་དཔོན་མཐོ་གྲས་དགུ་དམར་ཤོག་ཚོགས་ཁོངས་ནས་ཕྱིར་ཕུད་དང་གོ་གནས་མེད་པར་བཟོས་ཏེ། སྒེར་གཅོད་ཀྱི་སྲིད་དབང་སྲ་བརྟན་དུ་གཏོང་མུས་ཡིན་འདུག

Zhang Youxia (front), newly-elected Vice Chairman of the Central Military Commission of the People’s Republic of China, swears an oath with members of the Central Military Commission (L-R) Zhang Shengmin, Liu Zhenli, He Weidong, Li Shangfu, and Miao Hua, after they were elected during the fourth plenary session of the National People’s Congress (NPC) at the Great Hall of the People in Beijing. photo credit: Reuter

རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་ཀྱིས་དེ་འབྲེལ་གནས་ཚུལ་སྤེལ་བ་ལྟར་ན། ཕྱིར་ཕུད་བཏང་བའི་དམག་གི་དཔོན་རིགས་ཀྱི་ཁྲོད་དུ། རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཚོགས་ཀྱི་ཚོགས་མི་དང་རྒྱ་ནག་མི་དམངས་བཅིང་གྲོལ་དམག་གི་དབུས་དམག་སྤྱི་གཞོན་པ་ཧེ་ཝི་ཏུང་ (He Weidong) དང་། རྒྱ་ནག་དབུས་ཆབ་སྲིད་ལྷན་ཚོགས་ཀྱི་ཚོགས་མི་དང་དམག་སྲིད་ལྷན་ཁང་གི་སྲིད་དོན་ཚན་པའི་འགན་འཛིན་མེའོ་ཧྭ། དབུས་དམག་སྲིད་ལྷན་ཁང་གི་སྲིད་དོན་ཚན་པའི་འགན་འཛིན་གཞོན་པ་དང་བཅིང་གྲོལ་དམག་གི་དམག་སྤྱི་ཧུ་ཧོང་ཅོན་(He Hongjun)། དབུས་དམག་སྲིད་བཀོད་འདོམས་ཁང་གི་འགན་འཛིན་གཞོན་པ་ཟུར་བ་ཝང་ཞོའུ་པེན་(Wang Xiubin)། བཅིང་གྲོལ་དམག་གི་ཤར་རྒྱུད་བཀོད་འདོམས་དམག་སྤྱི་ཟུར་བ་ལིན་ཤང་ཡཱང་(Lin Xiangyang)། རྒྱ་ནག་བཅིང་གྲོལ་དམག་གི་སྒྲིག་ཁྲིམས་ཞིབ་དཔྱོད་ཁང་གི་འགན་འཛིན་ཟུར་བ་ཆིན་ཧྲོ་ཐོན་(Qin Shutong) དང་ཡེན་ཧྭ་ཀྲི་ (Yuan Huazhi) གཉིས། བཅིང་གྲོལ་དམག་གི་མེ་ཤུགས་འཕུར་མདེལ་གྱི་བཀོད་འདོམ་དཔོན་ཝང་ཧོ་པེན་(Wang Houbin)། བཅིང་གྲོལ་དམག་གི་ཉེན་རྟོག་སྡེ་ཁག་གི་བཀོད་འདོམས་པ་ཟུར་བ་ཝང་ཁྲོན་ནིན་ (Wang Chunning) བཅས་འདུག

དེ་འབྲེལ་རྒྱ་ནག་རྒྱལ་སྲུང་ལྷན་ཁང་གི་གནས་ཚུལ་ལྟར་ན། བཅིང་གྲོལ་དམག་གི་དམག་སྤྱི་དེ་དག་གིས། དམར་ཤོག་ཚོགས་པའི་སྒྲིག་ཁྲིམས་ལ་སྒྲིག་འགལ་ཚབས་ཆེན་བྱས་པ་དང་། གོ་གནས་ལ་བརྟེན་ནས་ཁྲིམས་འགལ་གྱིས་དངུལ་འབོར་ཆེན་ལྐོག་ཟ་བྱས་པའི་དོགས་གཞི་ཡོད་པ་མ་ཟད། ཁོ་ཚོའི་གྱོད་དོན་ཧ་ཅང་ཚབས་ཆེན་དང་ཉེན་ཁ་ཆེ་བའི་མཇུག་འབྲས་འབྱུང་སྲིད་པས། ད་ལྟ་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཟེར་བས། དམག་སྤྱི་དེ་དག་ལ་ཞིབ་བཤེར་བྱེད་བཞིན་པ་ཡིན་འདུག

རོའུ་ཊར་གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་ནག་བཅིང་གྲོལ་དམག་གི་དམག་དཔོན་དགུ་ཕྱིར་ཕུད་བཏང་བའི་གནས་ཚུལ་དེ། རྒྱ་ནག་རྒྱལ་ཡོངས་ཀྱི་སྐབས་ཉི་ཤུ་བའི་ཚོགས་ཆེན་ཐེངས་ ༤ ཟེར་བ་མ་འཚོག་གོང་ཏག་ཏག་ལ་ཡོངས་བསྒྲགས་བྱས་པ་དང་། ཚོགས་ཆེན་དེའི་སྟེང་དམར་ཤོག་ཚོགས་ཁོངས་ནས་ཕྱིར་ཕུད་བཏང་བ་དང་ཚབ་གསར་བསྐོ་བ་སོགས་ཀྱི་མཐའ་མའི་ཐག་གཅོད་ལེན་གྱི་ཡོད་འདུག་ལ། རྒྱ་ནག་རྒྱལ་ཡོངས་ཀྱི་སྐབས་ཉི་ཤུ་བའི་ཚོགས་ཆེན་ཐེངས་བཞི་བ་ཟེར་བ་དེ་ཟླ་འདིའི་ཚེས་ ༢༠ ནས་ ༢༣ བར་འཚོགས་གཏན་ཁེལ་ཡོད་འདུག

བཅིང་གྲོལ་དམག་གི་དམག་དཔོན་རྣམས་ལ་ལྐོག་ཟ་རུལ་སུངས་དང་དབང་ཆ་ལོག་སྤྱོད་སོགས་ཀྱི་ཉེས་ནག་ཕོག་བཞིན་པའི་གནད་དོན་འདིའི་ཐད། རྒྱལ་སྤྱིའི་ཨེ་ཏི་ལན་ཊིག་ལྷན་ཚོགས་ཀྱི་ཉམས་ཞིབ་པ་ཝན་ཐེ་སན་ (Wen-Ti Sung) ལགས་ཀྱིས། ཞི་ཅིན་ཕིན་གྱིས་ཁང་པ་གཙང་བཟོ་བྱེད་བཞིན་ཡོད། ཧེ་ཝི་ཏུང་དང་མེའོ་ཧྭ་གཉིས་གཞུང་འབྲེལ་ཐོག་ནས་ཕྱིར་ཕུད་བཏང་བ་དེས། ཞི་ཅིན་ཕིན་ལ་སྐབས་ཉི་ཤུ་བའི་ཚོགས་ཆེན་ཐེངས་ ༤ སྟེང་དབུས་བཅིང་གྲོལ་དམག་གི་ལྟེ་བར་དམག་སྤྱི་གསར་པ་བསྐོ་གཞག་བྱེད་པའི་གྲ་སྒྲིག་ཡོད་པས་རེད། ཅེས་བརྗོད་འདུག

རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་ཀྱིས། ཐེངས་འདིར་བཅིང་གྲོལ་དམག་གི་དམག་དཔོན་དགུའི་ནག་ཉེས་ཡོངས་བསྒྲགས་བྱས་པ་དེས། དམག་དོན་ནང་ལྐོག་ཟ་རུལ་སུངས་ཀྱི་ཆ་ཤས་ཕྲ་མོ་ཙམ་ཡང་སྦས་སྐུང་བྱེད་ས་མེད་པའི་ལངས་ཕྱོགས་གསལ་པོ་མཚོན་ཡོད་པ་དང་།  དེ་ནི་ཞི་ཅིན་ཕིན་སྟག་དང་སྤྲང་མ་མཉམ་རྡུང་གི་སྲིད་ཇུས་འོག་དམར་ཤོག་ཚོགས་པ་དང་དམག་དཔུང་གི་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ལ་རྒོལ་རྡུང་བཏང་བའི་ལས་དོན་ལ་གྲུབ་འབྲས་གལ་ཆེན་ཐོབ་པ་མཚོན་གྱི་སྐོར་བརྗོད་འདུག

ཧེ་ཝི་ཏུང་ (He Weidong) ནི་ཕྱི་ལོ་ ༡༩༦༦ ནས་ ༡༩༧༦ བར་ཏེ། རིག་གནས་གསར་བརྗེའི་རྗེས་ནས་ལས་ཐོག་རྒྱ་ནག་དབུས་དམག་སྤྱི་ཆེན་མོ་གཞོན་པ་ཞིག་ཕྱིར་ཕུད་བཏང་བ་ཐོག་མར་གྱུར་ཡོད་པ་དང་། ཁོ་ནི་རྒྱ་ནག་གི་དམག་གི་སྒྲིག་འཛུགས་ཀྱི་མགོ་ཁྲིད་མཐོ་ཤོས་ཨང་གཉིས་པ་དེ་ཡིན་ཞིང་། ཞི་ཅིན་ཕིན་གྱི་བློ་ཐག་ཉེ་བའི་དམག་སྤྱི་ཞིག་ཡིན་ཀྱང་འདུག ཁོ་འདི་ལོའི་ཕྱི་ཟླ་ ༣  པ་ནས་གར་ཡོད་སོགས་ཀྱི་གནས་ཚུལ་མི་ཤེས་པར་གྱུར་ཏེ། ཁ་སང་གཞི་ནས་ཡོངས་གྲགས་ཐོག་ཉེས་ཆད་བཅད་པ་བསྒྲགས་ལ། གཞན་ཡང་གནས་རིམ་མི་འདྲ་བའི་བཅིང་གྲོལ་དམག་གི་དམག་དཔོན་ཧུ་ཧོང་ཅོན་དང་ཝང་ཞོའུ་པེན། ལིན་ཤང་ཡཱང་། ཆིན་ཧྲོ་ཐོན། ཡེན་ཧྭ་ཀྲི་དང་ཝང་ཧོ་པེན། ཝང་ཁྲོན་ནིན་སོགས་ཀྱི་གནས་ཚུལ་གོ་ཐོས་མེད་པར་གྱུར་ནས་ཟླ་མང་པོ་ཕྱིན་ཡོད་ཀྱང་ད་སྔ་བར་ཡོངས་བསྒྲགས་བྱས་མེད་པ་རོའུ་ཊར་གསར་ཁང་གིས་བརྗོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Some Chinese students celebrate graduation in New York. Photo: IC
Mobile App

རྒྱ་ནག་དང་འབྲེལ་འདྲིས་ཡོད་པའི་ཨ་རིའི་སློབ་ཆེན་ཁག་ལ་རོགས་དངུལ་སྤྲོད་ལེན་མི་ཆོག་པའི་ཁྲིམས་འཆར་བཏོན།

ཆུ་ཚོད་ ༡༤ སྔོན་ལ།
Volker Türk, High Commissioner for Human Rights, welcomes the journalist at the Palais Wilson. 17 October 2022. UN photo by Violaine Martin
Mobile App

གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་རྩིས་མེད་གཏོང་བའི་སྲིད་ཇུས་རྣམས་མཚམས་འཇོག་དགོས་པ་ནན་བརྗོད་གནང་།

ཆུ་ཚོད་ ༡༧ སྔོན་ལ།
མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་རིང་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས། དྲ་ལམ་གྱི་པར། ༢༠༢༦།༦།༡༨
Mobile App

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་མཚམས་འཇོག་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༢
རྒྱ་ནག་གིས་བཀག་སྡོམ་བྱས་པའི་ཨ་རིའི་དམག་དོན་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ ཡི་ལས་རྟགས། ༢༠༢༦།༦།༢༢ པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

རྒྱ་ནག་གིས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ བཀག་སྡོམ་བྱས།

༢༠༢༦/༠༦/༢༢
Mobile App

ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་ལགས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༦/༢༢
ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese