མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་ངོ་ ༡༢༠༠ ལྷག་གི་ནང་པའི་གནས་ཤིག་ལ་མཐུན་རྐྱེན་ཞན་པའི་དཀའ་ངལ་འཕྲད། 

བོད་ཀྱི་དུས་བབ།
༢༠༢༥/༡༠/༢༨
Share on FacebookShare on TwitterShare on EmailShare on Whatsapp

ལོ་ངོ་ ༡༢༠༠ ལྷག་གི་ལོ་རྒྱུས་ལྡན་ཞིང་རྒྱ་གར་ལྷོ་ཕྱོགས་ཀྱི་མངའ་སྡེ་ཀེ་རི་ལའི་ནང་པའི་གནས་གཅིག་པུ་དེར་མཐུན་རྐྱེན་ཞན་པོ་ཡིན་པས་གནས་མཇལ་བར་དཀའ་ངལ་འཕྲད་ཀྱི་ཡོད་སྐོར་བརྗོད་འདུག

The Karumadikuttan memorial is located in the village of Karumadi, near Ambalapuzha in the Alappuzha district of Kerala, India. Photo: Kerala Tourism Department

དེ་རིང་རྒྱ་གར་གྱི་བང་ཆེན་གསར་པ་ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་ལྷོ་ཕྱོགས་ཀྱི་མངའ་སྡེ་ཀེ་རི་ལའི་ནང་དུ་ཡོད་པའི་ནང་པ་སངས་རྒྱས་པའི་ཤུལ་བཞག་གི་གནས་ཤིག་ལ་ད་ལྟའང་རྨང་གཞིའི་ཉར་ཚགས་དང་གནས་མཇལ་བའི་མཐུན་རྐྱེན་སོགས་བསྐྲུན་ཐུབ་ཀྱི་མེད་པའི་གནས་ཚུལ་ཐོན་འདུག་ཅིང་། ནང་པ་ནེ་ཤོ་བྷོ་དྷི་ (Nishu Boudh) ཞུ་བ་ཞིག་གིས་ད་ལྟ་ནང་པའི་གནས་དེར་མཇལ་བར་འགྲོ་སྐབས་ལམ་བར་དུ་གློག་མེད་ཁར་འཐུང་ཆུ་དང་གསང་སྤྱོད་སོགས་ཀྱང་མེད་པ་དང་ལྷག་པར་དུ་གནས་དེའི་ལོ་རྒྱུས་ཀྱི་གལ་གནད་སོགས་ཤེས་རྟོགས་ཐུབ་པའི་ཡིག་ཆ་གང་ཡང་མེད་པས། གནས་དེར་མཐུན་རྐྱེན་མཐུན་རྐྱེན་བསྐྲུན་རྒྱུ་གལ་ཆེན་ཡིན་སྐོར་སྐོར་བརྗོད་འདུག

ཕྱི་ལོ་ ༡༩༦༥ ལོར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནང་པའི་གནས་ཡུལ་དེར་དངོས་སུ་ཕེབས་ནས། གནས་ཡུལ་སྲུང་སྐྱོབ་སོགས་ཀྱི་ལས་གཞིའི་ཆེད་དུ་ཧིན་སྒོར་འབུམ་ལྔ་ཞལ་འདེབས་སུ་ཕུལ་མྱོང་བ་དང་། ཀེ་རི་ལའི་འབྲེལ་ཡོད་ས་གནས་གཞུང་ལས་ཁང་གིས་ཞལ་འདེབས་དེ་ལ་བརྟེན་ནས་སངས་རྒྱས་ཀྱི་སྐུ་བརྙན་དེའི་སྟེང་དུ་ལྷ་ཁང་ཆུང་ཆུང་ཞིག་བཞེངས་ཡོད་འདུག དེ་ནས་ཕྱི་ལོ་ ༢༠༡༤ ལོར་ཀེ་རི་ལ་མངའ་སྡེའི་གནའ་རྫས་རྟོག་ཞིབ་ལས་ཁུངས་ཀྱིས་སངས་རྒྱས་ཀྱི་སྐུ་བརྙན་དེའི་མཐའ་རུ་ར་སྐོར་ཞིག་དང་ངལ་གསོ་ཁང་ཞིག་གསར་དུ་བསྐྲུན་ཡོད་པ་མ་ཟད། སྐོར་སྲུང་བ་གཅིག་ཀྱང་ལྟ་སྲུང་གི་སླད་དུ་བཞག་ཡོད་འདུག

ཀ་རུ་མ་དྷི་ཀུ་ཏན་རྗེས་དྲན་ཁང་  (Karumadikuttan Memorial) ཞེས་པ་ནི་ཀེ་རི་ལ་མངའ་སྡེ་ཁྱོན་ཡོངས་སུ་ཡོད་པའི་ནང་པའི་གནས་གཅིག་པུ་དེ་ཡིན་ཞིང་། ཀ་རུ་མ་དྷི་ཀུ་ཏན་ (Karumadi) ཞེས་པ་ནི་གནས་ཆགས་སའི་ས་གནས་གྲོང་གསེབ་ཀྱི་མིང་ཡིན་སྟབས། གནས་ཡུལ་གྱི་མིང་ལའང་ཀ་རུ་མ་དྷི་ཀུ་ཏན་རྗེས་དྲན་ཁང་ཞེས་བཏགས་ཡོད་པ་ལས། དོན་དངོས་ཐོག་གནས་དེར་སངས་རྒྱས་ཀྱི་སྐུ་རྟེན་ཞིག་ཡོད་པ་དང་། དེ་ནི་ཕྱི་ལོ་ ༡༩༣༠ ལོར་དབྱིན་ཇིའི་ཨར་ལས་འཆར་འགོད་པ་རོ་བྷར་ཊི་ (Robert Bristow) ལ་ཐོག་མར་རྙེད་སོན་བྱུང་ཡོད་འདུག

ཀེ་རི་ལ་མངའ་སྡེའི་གནའ་རྫས་རྟོག་ཞིབ་ལས་ཁུངས་ཀྱིས། ཀ་རུ་མ་དྷི་ཀུ་ཏན་རྗེས་དྲན་ཁང་གི་སངས་རྒྱས་ཀྱི་སྐུ་བརྙན་དེ། དུས་རབས་ ༩ བ་ནས་ ༡༤ བར་བྱུང་བའི་སྐུ་བརྙན་ཞིག་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད་པ་དང་། ལོ་རེའི་ཕྱི་ཟླ་ ༥ ཚེས་ ༡ ཉིན་ཀེ་རི་ལའི་ནང་པ་སྟོང་ཕྲག་མང་པོ་གནས་དེར་འཛོམས་ཏེ་སངས་རྒྱས་བཅོམ་ལྡན་འདས་སྐུ་བལྟམས་པ་དང་སངས་རྒྱས་པ། མྱ་ངན་ལས་འདས་པ་བཅས་ཀྱི་དུས་ཆེན་སྲུང་གཙི་ཞུ་སྲོལ་ཡོད་མུས་ཡིན་འདུག་ལ། ཀ་རུ་མ་དྷི་ཀུ་ཏན་རྗེས་དྲན་ཁང་ནི་སྤྱི་ལོ་སྔོན་གྱི་དུས་རབས་ ༣ ནང་ཀེ་རི་ལ་མངའ་སྡེ་རུ་ནང་ཆོས་དར་ཁྱབ་བྱུང་རྗེས་ཀྱི་ཤུལ་ལུས་རིག་དངོས་གཅིག་པུ་དེ་ཡང་ཡིན་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

༢༠༢༦/༠༥/༡༥
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

༢༠༢༦/༠༥/༡༥
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

༢༠༢༦/༠༥/༡༥
Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

༢༠༢༦/༠༥/༡༤
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

༢༠༢༦/༠༥/༡༤
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

༢༠༢༦/༠༥/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese