མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་མཆོག་གིས་ཨ་རིའི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཙོར་ཐུག་འཕྲད་གནང་།

བོད་ཀྱི་དུས་བབ།
༢༠༢༥/༡༡/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཟླ་ ༡༠ ཚེས་ ༣༡ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་གནད་ཡོད་མི་སྣར་ཐུག་འཕྲད་ཀྱི་མཛད་རིམ་ཁྲོད། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཟུར་བ་ཁག་ཅིག་དང་ཐུག་འཕྲད་སྐབས། ཁོང་ཅག་གིས་བོད་དོན་ལ་རྒྱབ་སྐྱོར་མུ་མཐུད་གནང་རྒྱུ་ཡིན་སྐོར་གསུངས་ཡོད་འདུག

Sikyong Penpa Tsering met with former U.S. Special Coordinators for Tibetan Issues. Photo Credit: Sikyong Penpa Tsering’s FB Page.

ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་ཨ་རིའི་རྒྱལ་སའི་ཁུལ་དུ་གཞུང་འབྲེལ་ཕྱོགས་གནང་བཞིན་ཡོད་པ་ལྟར། ཁ་སང་ཕྱི་ཟླ་ ༡༠ ཚེས་ ༣༡ ཉིན་སྲིད་སྐྱོང་མཆོག་གིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཟུར་བ་བཞི་དང་ཐུག་འཕྲད་ཀྱིས་བོད་དོན་སྐོར་ལ་གླེང་སློང་གནང་ཡོད་ཅིང་། སྐབས་དེར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ཁག་ཅིག་དང་ཚོགས་པའི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས། འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས། དེ་བཞིན་ཨ་རིའི་དོན་གཅོད་རྣམ་རྒྱལ་མཆོག་གྲུབ་བཅས་ཀྱིས་མཉམ་ཞུགས་གནང་ཡོད་འདུག་ལ། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་རྣམས་ཐུན་མོང་གིས་བོད་དོན་ལ་རྒྱབ་སྐྱོར་མུ་མཐུད་བྱ་རྒྱུ་ཡིན་སྐོར་གསུངས་ཡོད་འདུག

ཐེངས་འདིའི་ཐུག་འཕྲད་སྐབས། ཕྱི་ལོ་ ༡༩༩༧ ནས་ ༡༩༩༨ བར་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སྐུ་ཞབས་ (Gregory Craig) ལགས་དང་། ཕྱི་ལོ་ ༢༠༠༡ ནས་ ༢༠༠༩ བར་གྱི་འབྲེལ་མཐུད་པ་ལྕམ་པཱོ་ལ་  (Paula Dobriansky) ལགས། ཕྱི་ལོ་ ༢༠༠༩ ནས་ ༢༠༡༣ བར་གྱི་འབྲེལ་མཐུད་པ་ལྕམ་མཱ་རེ་ཡ་ (Maria Otero) ལགས། ཕྱི་ལོ་ ༢༠༢༡ ནས་ ༢༠༢༥ བར་གྱི་ལྕམ་ཨུ་ཛི་རེ་ཡ་ཛ་ཡ་བཅས་ཡོད་འདུག

Sikyong Penpa Tsering met with Senator Dan Sullivan, Chair of the Congressional-Executive Commission on China (CECC).
Photo Credit: Sikyong Penpa Tsering’s FB Page.

ཕྱི་ཟླ་ ༡༠ ཚེས་ ༣༠ ཉིན་སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་ཚོགས་གཙོ་སྐུ་ཞབས་ཌན་སོལ་ཝན་ (Dan Sullivan) མཆོག་དང་ཐུག་འཕྲད་ཀྱིས་ཨ་རིས་མུ་མཐུད་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོང་ཡོང་བའི་རེ་སྐུལ་ཞུས་དང་སྦྲགས། ལས་དོན་ཚོགས་ཆུང་དེས་བོད་མིའི་ཐོབ་ཐང་གི་ཆེད་དུ་ཞུ་གཏུགས་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་འདུག དེ་བཞིན། ཉིན་དེར་སྲིད་སྐྱོང་མཆོག་གིས་ཨ་རིར་བཅའ་སྡོད་འཇར་མན་གྱི་གཞུང་ཚབ་ཆེན་མོ་གཞོན་པ་སྐུ་ཞབས་མཱ་ཊིན་ (Martin Thümmel) ལགས་དང་ཐུག་འཕྲད་ཀྱིས་བོད་ཕྱི་ནང་གཉིས་ཀྱི་གནས་སྟངས་སྐོར་ལ་འགྲེལ་བརྗོད་གནང་ཡོད་འདུག སྲིད་སྐྱོང་མཆོག་གིས་ཁོང་རྣམ་གཉིས་ལ་༸གོང་ས་མཆོག་གི་ཕྱག་དེབ་བོད་དང་བོད་མིའི་མགྲིན་ཚབ་ཅེས་པ་རེ་ཕུལ་ཡོད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ཕྱི་ཟླ་ ༡༠ ཚེས་ ༡༠ ནས་ཕྱི་ཟླ་ ༡༡ ཚེས་ ༡༤ བར་ཡུ་རོབ་ཀྱི་ཅེཀ་སྤྱི་མཐུན་རྒྱལ་ཁབ་དང་། འཇར་མན། ལྷོ་བྱང་ཨ་མི་རི་ཀ་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་སྟེ། ད་ལྟའི་བོད་ནང་དང་བཙན་བྱོལ་གྱི་གནས་བབ། རྒྱ་ནག་གིས་བོད་ནང་དུ་ལག་བསྟར་བྱེད་བཞིན་པའི་དྲག་གནོན་སྲིད་ཇུས་སོགས་ཀྱི་སྐོར་ལ་གོ་རྟོགས་དང་རྒྱལ་ཁབ་དེ་དག་གི་གནད་ཡོད་མི་སྣ་ཁག་དང་ཐུག་འཕྲད་བགྱིས་ཏེ་བོད་དོན་ལ་རྒྱབ་སྐྱོར་སྔར་ལྷག་ཡོང་ཐབས་གནང་དང་གནང་མུས་ཡིན་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༡༢ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༡༢ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese