མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གཞུང་གིས་བོད་ཀྱི་སྐད་ཡིག་རིག་གཞུང་རྩ་བརླག་ཏུ་གཏོང་ཐབས་ཀྱི་སྲིད་ཇུས་ལ་འགེབ་སྲུང་གི་ཚོགས་འདུ་བསྡུས།

བོད་ཀྱི་དུས་བབ།
༢༠༢༥/༡༡/༠༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་ཕྲུག་ས་ཡ་གཅིག་ཙམ་བཅའ་སྡོད་སློབ་གྲྭའི་ནང་བཙན་གྱིས་བཅུག་པའི་དམར་པོའི་སྲིད་བྱུས་ལ་རྒྱལ་སྤྱིའི་ཐོག་ནས་སྐྱོན་བརྗོད་གནང་བཞིན་པ་དེ་ལས་གཡོལ་བའི་ཆེད་དུ་རྒྱལ་སྤྱིའི་ཚོགས་འདུ་ཟེར་བ་ཞིག་བསྡུས་འདུག

ཁྲིན་ཏུའུ་རུ་བསྡུས་པའི་བཅའ་སྡོད་སློབ་གྲྭའི་སློབ་གསོ་དང་མཐོ་སྒང་གི་འཕེལ་རྒྱས་ཞེས་པའི་ཚོགས་འདུ། ༢༠༢༥།༡༠།༢༧ དྲ་ལམ་གྱི་པར།

རྒྱ་ནག་དམར་གཞུང་གིས་ཕྱི་ལོ་ ༢༠༢༥ ལོ་བསླེབ་སྐབས་རྒྱལ་ཡོངས་མི་མང་གི་བརྒྱ་ཆ་ ༨༥ ཡིས་རྒྱའི་སྐད་ཡིག་གཙོ་བོར་བེད་སྤྱོད་པ་དང་། ཕྱི་ལོ་ ༢༠༣༥ ལོ་བསླེབ་སྐབས་རྒྱལ་ཡོངས་ཀྱི་གྲོང་གསེབ་དང་གྲངས་ཉུང་མི་རིགས་ཁྲོད་རྒྱའི་སྐད་ཡིག་ནི་སྲོག་ཤིང་ལྟ་བུ་ཞིག་ཏུ་བསྒྱུར་བའི་འཆར་གཞི་ལག་བསྟར་གཟབ་ནན་བྱེད་བཞིན་ཡོད་པ་ལྟར། བོད་ཁུལ་དུ་བཅའ་སྡོད་སློབ་གྲྭ་མང་པོ་ཆེད་འཛུགས་བྱས་ཏེ་བྱིས་པ་ལོ་ ༤ ཙམ་ནས་བཟུང་ཕ་མ་སོགས་ཁྱིམ་མིར་ཁ་བྲལ་དུ་བཅུག་པའི་རྐྱེན་གྱིས་བོད་ཀྱི་སྤྱི་ཚོགས་དང་སྐད་ཡིག་རིག་གཞུང་ལ་ཧ་ཅང་ཁ་ཐག་རིང་པོ་ཆགས་ཏེ། ཐ་ན་ཕ་མ་དང་བུ་ཕྲུག་བར་སྐད་བརྡ་མ་འཕྲོད་པའི་དཀའ་ངལ་འཕྲད་བཞིན་ཡོད་པར་བརྟེན། ཨ་རི་དང་ཡོ་རོབ་སོགས་ཀྱིས་བོད་མི་ཚོར་སོ་སོའི་ཆོས་དང་རིག་གཞུང་སྐད་ཡིག་སྦྱོང་བའི་རང་དབང་སྤྲོད་དགོས་པ་དང་། བོད་ཕྲུག་རྣམས་བཙན་གྱིས་བཅའ་སྡོད་སློབ་གྲྭའི་ནང་འཇུག་བཞིན་པ་མཚམས་འཇོག་དགོས་པའི་འབོད་སྐུལ་རིམ་པར་གནང་ཡོད་པ་སོགས་ལས་གཡོལ་ཆེད། ཉེ་སྔོན་ཕྱི་ཟླ་ ༡༠ ཚེས་ ༢༧ ཉིན་སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་གློག་རྡུལ་ཚན་རྩལ་སློབ་ཆེན་དུ། བཅའ་སྡོད་སློབ་གསོ་དང་མཐོ་སྒང་འཕེལ་རྒྱས་ཀྱི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་ཟེར་བ་ཞིག་བསྡུས་ཏེ། ཨ་རི། དབྱིན་ཡུལ།  ཁེ་ན་ཌ་སོགས་ཀྱི་ཆེད་མཁས་མི་སྣས་བཅའ་སྡོད་སློབ་གྲྭའི་སློབ་གསོ་ནི་སློབ་གསོ་དོ་མཉམ་ཡོང་ཐབས་གལ་ཆེན་ཡིན་སྐོར་དང་། མི་རིགས་མང་པོའི་བར་གྱི་འབྲེལ་འདྲིས་དང་བརྗེ་རེས་ལ་སྐུལ་འདེད་གཏོང་ཐུབ་པ་སོགས་ཀྱི་དགེ་མཚན་ཡོད་སྐོར་བརྗོད་ཡོད་ལུགས་བསྒྲགས་འདུག

ཚོགས་ཐོག་ཏུ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཁང་ཟེར་བའི་སྤྱི་ཁྱབ་འགན་འཛིན་གཞོན་པ་བཀྲ་བློ་ཡིས། བོད་ཀྱི་བཅའ་སྡོད་སློབ་གྲྭ་ནི་མི་རིགས་རིག་གནས་ལ་བརྩི་འཇོག་དང་ཐུན་མོང་མ་ཡིན་པའི་རང་བྱུང་དང་ས་ཁམས་ཆ་རྐྱེན་ལ་བསྟུན་ནས་རིམ་བཞིན་འཕེལ་རྒྱས་བྱུང་བའི་སློབ་གསོའི་དཔེ་སྟོན་ཞིག་ཡིན་པ་མ་ཟད།  དུས་རབས་ཉི་ཤུ་བའི་ལོ་རབས་ ༥༠ ནང་ནས་བཟུང་བོད་རང་སྐྱོང་ལྗོངས་ཀྱི་ས་གནས་སྲིད་གཞུང་གི་རྟ་ཐོག་སློབ་གྲྭ་དང་སྦྲ་གུར་སློབ་གྲྭ་སོགས་སློབ་གྲྭའི་ཐབས་ལམ་སྣ་ཚོགས་ཚུད་པའི་འབྲོག་པའི་ས་གནས་དང་འཚམ་པའི་ཤེས་ཡོན་གྱི་རྣམ་པ་འཚོལ་ཞིབ་བྱེད་མགོ་ཚུགས་ཡོད། དུས་རབས་ཉི་ཤུའི་ལོ་རབས་ ༨༠  ནས་བཟུང་བཅའ་སྡོད་སློབ་གསོ་ལ་རྒྱལ་ཁབ་གཞུང་ནས་རྒྱབ་སྐྱོར་ཤུགས་ཆེན་ཐོབ་སྟེ། སློབ་གསོའི་སྤུས་ཚད་འཕེལ་རྒྱས་དང་སློབ་གསོའི་འདྲ་མཉམ་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད། ཅེས་བརྗོད་འདུག

དེ་བཞིན་ཚོགས་འདུའི་ཐོག་བཅའ་སྡོད་སློབ་གྲྭའི་སློབ་གསོ་ནི་སློབ་གསོ་འདྲ་མཉམ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན་པས་མཐོ་སྒང་དང་གྲངས་ཉུང་མི་རིགས་ས་ཁུལ་དུ་གལ་ཆེའི་ནུས་པ་འདོན་གྱི་ཡོད་པ་དང་།  དེས་སློབ་གསོའི་ཐོབ་ཐང་དང་སློབ་ཁྲིད་ཀྱི་ཆུ་ཚད་གོང་འཕེལ་བཏང་བ་ཙམ་མིན་པར་མི་རིགས་ཕན་ཚུན་བར་རིག་གནས་བརྗེ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་བཏང་་ཡོད། རྒྱ་ནག་གཞུང་གིས་བཅའ་སྡོད་སློབ་གྲྭའི་སློབ་གསོ་འཚོལ་ཞིབ་བྱས་པ་བརྒྱུད། མཐོ་སྒང་དུ་གནས་བའི་གྲངས་ཉུང་མི་རིགས་ཀྱི་ས་གནས་སུ་སློབ་གསོ་འདྲ་མཉམ་དུ་འཕེལ་རྒྱས་སུ་གཏོང་བར་ཕན་ཐོགས་ཆེན་པོ་བྱུང་ཡོད་ལུགས་བསྒྲགས་འདུག

ཕྱི་ལོ་ ༢༠༢༣ ལོའི་ཟླ་ ༡༢ ཚེས་ ༡༤ ཉིན་ཧྥ་རན་སིའི་གྲོང་ཁྱེར་སི་ཊར་སི་སྦག་ (Strasbourg) ཏུ་ཚོགས་པའི་ཡུ་རོབ་གྲོས་ཚོགས་སྟེང་། རྒྱ་ནག་གཞུང་གིས་བོད་ནང་གི་བྱིས་པ་ས་ཡ་ ༡ ཙམ་རང་གི་ཕ་མ་དང་ཁ་བྲལ་དུ་བཏང་ནས་བཅའ་སྡོད་སློབ་གྲྭར་བཅུག་སྟེ། རྒྱ་སྒྱུར་སློབ་གསོ་སྤེལ་བའི་སྲིད་ཇུས་ལག་བསྟར་འཕྲལ་དུ་མཚམས་འཇོག་དགོས་པའི་གྲོས་ཆོད་ཅིག་གཏན་འབེབ་བྱུང་ཡོད་ཅིང་། གྲོས་ཆོད་དེའི་ནང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གི་སྣེ་ཁྲིད་འོག་རྒྱ་གཞུང་གིས་བོད་ནང་དྲག་གནོན་དང་དམ་དྲག་ཤུགས་ཆེན་གྱི་ལམ་ལུགས་དང་སྲིད་ཇུས་ལག་བསྟར་འོག བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པས། ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་བར་གྱི་འབྲེལ་ལམ་ནང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་། དམངས་གཙོ་དང་དེའི་ཁྲིམས་ལུགས་གཙོ་གནད་ངེས་པར་དུ་དགོས་པ་དང་། རྒྱ་ནག་གི་དཔོན་རིགས་ཀྱིས་དབང་ཆ་བེད་སྤྱད་དེ་བོད་ནང་གི་བྱིས་པ་ལོ་ན་ ༤ ནས་ ༡༨ བར་གྱི་ཕྲུ་གུ་རྣམས་ལ་བོད་ཀྱི་སྐད་ཡིག་དང་རིག་གཞུང་སོགས་གཞི་རྩའི་སློབ་སྦྱོང་མི་སྤྲོད་པར་བཙན་གྱིས་གཏན་འཇགས་སློབ་གྲྭར་བཅུག་སྟེ་རྒྱ་སྒྱུར་སློབ་གསོ་སྤེལ་བཞིན་པའི་ལམ་ལུགས་ལག་བསྟར་དང་། ལམ་ལུགས་དེའི་འོག་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་། ལོ་རྒྱུས་སོགས་རྩ་མེད་གཏོང་སླད་བོད་ཕྲུག་བརྒྱ་ཆ་ ༨༠ ཙམ་དང་། ཡང་ན་བོད་ཕྲུག་ས་ཡ་ ༡ ཙམ་ཕ་མ་དང་ཁ་བྲལ་དུ་བཏང་ནས་རྒྱ་སྒྱུར་སློབ་གསོ་སྤྲོད་པའི་ཐོག རང་གི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་སླད་གཞུང་སྒེར་གཉིས་ཀྱི་སློབ་གྲྭ་འཛུགས་མི་ཆོག་པ་སོགས་དམ་དྲག་སྔར་ལྷག་བྱེད་པའི་སྐོར་དང་། དེ་སྔ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་ལས་པ་རྣམས་ཀྱིས་བོད་ནང་གི་བཅའ་སྡོད་སློབ་གྲྭའི་སྲིད་ཇུས་དང་། བོད་ཕྲུག་རྣམས་ཕ་མ་དང་ཁ་བྲལ་དུ་བཅུག་པ་སོགས་རང་གི་སྐད་ཡིག་དང་རིག་གཞུང་བཀོལ་སྤྱོད་བྱེད་མི་བཅུག་པ་སོགས་ལ་བློ་འཚབ་ཡོད་པ་དང་། གཏན་འཇགས་སློབ་གྲྭ་བཙུགས་པའི་སྲིད་ཇུས་དེ་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལུགས་དང་འགལ་གྱི་ཡོད་པ་དང་། བོད་ཀྱི་སྐད་ཡིག་དང་རིག་གཞུང་སོགས་རྩ་མེད་གཏོང་ཐབས་ཀྱི་སྲིད་ཇུས་སྐོར་སོགས་བཀོད་ཡོད་པ་རེད།

རྒྱ་གཞུང་གིས་བཅའ་སྡོད་སློབ་གསོ་དང་མཐོ་སྒང་འཕེལ་རྒྱས་ཟེར་བའི་ཚོགས་འདུ་སྐོང་ཚོགས་བྱས། དྲ་ལ་མགྱི་པར།

ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༣༠ ཉིན་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ལ་སྙན་ཞུ་ཞིག་ཕུལ་ཡོད་པའི་ནང་། རྒྱལ་ཚོགས་འགྲོ་བ་མིའི་ཐོང་ཐང་ལྷན་ཁང་གིས་བོད་ནང་གི་བྱིས་པ་རྣམས་ཁྱིམ་མི་དང་ཁ་བྲལ་ནས་རྒྱ་གཞུང་གི་བཅའ་སྡོད་སློབ་གྲྭར་སྐྱེལ་བཞིན་ཡོད་པའི་སྙན་ཐོའི་ཐོག་དོ་སྣང་གནང་དགོས་པའི་རེ་འདུན་ཞུས་ཡོད། ང་ཚོས་སྲིད་ཇུས་འདི་ནི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་། སྐད་ཡིག་རིག་གཞུང་རྩ་གཏོར་གཏོང་བའི་ཉེན་ཚབས་ཆེ་བའི་གནད་དོན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ལ། རྒྱལ་ཚོགས་ནས་ཞིབ་འཇུག་ནན་མོ་བྱ་དགོས་པའི་རེ་བ་ཞུ་བཞིན་ཡོད། ཨ་རིའི་གྲོས་ཚོགས་རྒྱ་ནག་ལས་དོན་ཚོགས་ཆུང་གིས་རྒྱ་གཞུང་གི་གྲངས་ཉུང་མི་རིགས་ཀྱི་དབང་ཚད་ཐད་ཀྱི་གནད་དོན་རྣམས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཁག་ལ་སྙན་སེང་ཞུས་ཡོད་ཅེས་བློ་འཚབ་ཆེན་པོ་འབོད་སྐུལ་གནང་ཡོད་པ་རེད།

ཕྱི་ལོ་༢༠༢༡ ལོའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་བསྟི་གནས་ཁང་གི་སྙན་ཐོའི་ནང་དུ། རྒྱ་ནག་གཞུང་གིས་བོད་པའི་སློབ་ཕྲུག་བརྒྱ་ཆ་བདུན་ཅུ་ལྷག་དང་། བོད་པའི་སློབ་མ་བཞིའི་ནང་གི་སློབ་མ་གསུམ་བཙན་གྱིས་རྒྱ་ནག་གི་བཅའ་སྡོད་སློབ་གྲྭ་ཁག་ཏུ་འཇུག་གི་ཡོད་པ་དང་། ད་སྔ་བར་ལོ་ ༦ ནས་ ༡༨ བར་ཡིན་པའི་བོད་པའི་སློབ་མ་ཁྱོན་འབུམ་ ༨ ནས་ ༩ བར་དབང་སྒྱུར་ལམ་ལུགས་ཀྱི་བཅའ་སྡོད་སློབ་གྲྭའི་ནང་གཏན་སྡོད་བྱེད་མུས་ཡིན་པ་དང་། བྱིས་པ་ལོ་བཞི་དང་ལྔ་ཅན་ཡང་སློབ་གྲྭ་དེ་དག་གི་ནང་བཙན་གྱིས་འཇུག་གི་ཡོད་སྐོར་སོགས་བཀོད་ཡོད་པ་རེད།

ཕྱི་ལོ་ ༢༠༢༡ ལོར་རྒྱ་ནག་གཞུང་ཕྱོགས་ཀྱི་སློབ་གསོའི་ཡིག་ཆ་ཁག་གི་ནང་དུ། ཕྱི་ལོ་ ༢༠༢༥ ལོར་བསླེབ་སྐབས་རྒྱལ་ཡོངས་མི་མང་གི་བརྒྱ་ཆ་ ༨༥ ཡིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྟེ་རྒྱའི་སྐད་ཡིག་གཙོ་བོར་བེད་སྤྱོད་པ་དང་། ཕྱི་ལོ་ ༢༠༣༥ ལོར་བསླེབ་སྐབས་རྒྱལ་ཡོངས་ཀྱི་གྲོང་གསེབ་དང་གྲངས་ཉུང་མི་རིགས་ཁྲོད་རྒྱའི་སྐད་ཡིག་ནི་སྲོག་ཤིང་ལྟ་བུ་ཞིག་ཏུ་བསྒྱུར་བའི་འཆར་གཞི་ལག་བསྟར་དོ་ནན་དགོས་སྐོར་སྐུལ་འདེད་ནན་པོ་བཏང་དང་གཏོང་བཞིན་ཡོད་པ་མ་ཟད། བོད་ཁུལ་གྱི་དགོན་སྡེ་ཁག་ལའང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་ལྟ་སྤྱོད་གོང་འཕེལ་དུ་གཏོང་བ་ཞེས་པའི་སྲིད་ཇུས་འོག བླ་གྲྭ་རྣམས་ལའང་རྒྱ་ཡིག་རྒྱ་སྐད་ཐོག་དམར་ཤོག་ཀྱི་ཆབ་སྲིད་སློབ་གསོ་ཤུགས་ཆེན་སྤྲོད་བཞིན་ཡོད་པ་རེད།

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༡ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༡ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese