མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

བོད་ཀྱི་དུས་བབ།
༢༠༢༥/༡༡/༠༥
Share on FacebookShare on TwitterShare on EmailShare on Whatsapp

༧སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་ཀྱི་སུད་སི་དང་། འཇར་མན། སི་པིན་རྒྱལ་ཁབ་སོགས་ཀྱི་ནང་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་འདུག

Kyabje Kundeling Rinpoche Visits the Swiss Parliament in Bern. Photo. Tibet.net

སུད་སི་དང་ལིག་ཏེན་སིཊ་ཡན་ལན་བོད་རིགས་ཚོགས་པའི་ཇི་ལྟར་གསོལ་བ་བཏབ་པ་བཞིན། ཕྱི་ཟླ་ ༡༠ ཚེས་ ༢༤ ཉིན་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་མཆོག་སུད་སིར་ཆིབས་བསྒྱུར་བསྐྱངས་ཏེ། ས་གནས་མི་མང་དང་ཛུ་རིག་མཐོ་སློབ་ཏུ་ཆོས་འབྲེལ་དང་། སུད་སིའི་གྲོས་ཚོགས་ཁང་དུ་ཕེབས་ཏེ་གནད་ཡོད་མི་སྣར་མཇལ་འཕྲད། དེ་བཞིན་ཡུ་རོབ་རྒྱལ་ཁབ་འཇར་མན་ནང་གི་ཆོས་ཕྱོགས་ཀྱི་མཛད་འཕྲིན་རྣམས་ལེགས་པར་གྲུབ་སྟེ། དེ་རིང་དགོང་མོར་སི་པིན་བོད་ཀྱི་དུས་སྟོན་གྱི་དབུ་འབྱེད་མཛད་སྒོར་ཕེབས་རྒྱུ་ཡིན་འདུག

རིན་པོ་ཆེ་མཆོག་གི་ཕྱག་མཛོད་བློ་བཟང་ངག་དབང་ལགས་ཀྱིས་འདི་གའི་གསར་འགོད་པར། ཁ་སང་ཕྱི་ཚེས་ ༤ ཉིན་ལོ་ངོ་སྟོང་གི་ལོ་རྒྱུས་ཡོད་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ (MONTSERRAT MONASTERY)ཞེས་པས་གདན་ཞུས་གནང་བ་ལྟར་གནས་གཟིགས་གནང་ཡོད་ཅིང་། ལྷ་ཁང་དེ་ལོ་རྒྱུས་ཀྱི་ཐོག་ནས་ཧ་ཅང་སྐད་གྲགས་ཆེན་པོ་རེད་ལ། དེ་སྔ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཀྱང་ཆིབས་བསྒྱུར་བསྐྱངས་མྱོང་ཡོད་རེད། སྔོན་མ་ལྷ་ཁང་དེར་སྒོམ་ཆེན་པ་སྐད་གྲགས་ཆེན་པོ་ཞིག་ཡོད་རེད་དེ། ད་ལྟ་དགོངས་པ་རྫོགས་ཚར་འདུག ད་ལན་ཀུན་བདེ་གླིང་རྟ་ཚབ་རྗེ་དྲུང་རིན་པོ་ཆེ་མཆོག་མཁན་པོ་གཞོན་པས་སྣེ་ལེན་གནང་ནས་གནས་གཟིགས་གནང་ཡོད་རེད་ལ། ཁོང་ཚོས་སྣེ་ལེན་ཧ་ཅང་ཡག་པོ་གནང་བ་མ་ཟད། ཉིན་གུང་གསོལ་ཚིགས་ཀྱང་གྲ་སྒྲིག་གནང་སྟེ། ཆོས་ལུགས་མཐུན་འབྲེལ་གྱི་ཐོག་ནས་ཕན་ཚུན་འཆམ་མཐུན་དང་འཛམ་གླིང་ཞི་བདེ་ཡོང་ཐབས་སྐོར་བཀའ་མོལ་ལྷུག་པོ་གནང་སོང་། དེ་བཞིན་ཁོང་ཚོས་དེ་སྔ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཆིབས་བསྒྱུར་བསྐྱངས་ནས་དགའ་པོ་བྱུང་ལ། ད་ལན་རིན་པོ་ཆེ་མཆོག་ཕེབས་པའང་དགའ་སྤྲོ་ཆེན་པོ་བྱུང་ཡོད་སྐོར་གསུངས་སོང་ལ། མ་འོངས་པའང་གང་མང་མང་ཕེབས་གནང་ཡོང་བའི་རེ་སྐུལ་གནང་ཡོད་སྐོར་བརྗོད་བྱུང་།

༸སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་མཆོག་ནས་སུད་སིའི་རྒྱལ་ས་ཛུ་རིག་ཡོལ་ནོར་ཝ་སེ་ཊི་ཐོབ་སློབ་ནང་ལ་སྐུ་ཚབ་དོན་གཅོད་མཆོག་དང་། སུད་སི་བོད་རིགས་ཚོགས་པའི་ཚོགས་གཙོ་བགྲེས་གཞོན་རྣམ་གཉིས། གཞན་ཡང་བོད་པའི་གཞོན་སྐྱེས་རྣམས་ལ་ནང་ཆོས་ངོ་སྤྲོད་གནང་། ༢༠༢༥།༡༡།༠༥ པར་རིན་པོ་ཆེ་མཆོག་གི་ངོ་དེབ་ནས་བླངས།

ཟླ་འདིའི་ཕྱི་ཚེས་ ༡ ཉིན་༧སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་མཆོག་གིས། འཇར་མན་བོད་ཁང་གིས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། འཇར་མན་བོད་ཁང་དུ་བོད་རིགས་དང་། ཡུལ་མི། ཕྱི་རྒྱལ་བ་སོགས་ལ་སེམས་ཞུམ་པ་མེད་པའི་སྙིང་རྗེ་དང་། དེང་རབས་ཀྱི་གནོན་ཤུགས་ལ་ནང་ཆོས་ཀྱི་ཐབས་ལམ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་དང་དྲི་བ་དྲིས་ལན་གནང་འདུག་ལ། ཕྱི་ཆེས་ ༢ ཉིན་ས་གནས་བོད་མི་ཚོར་རྗེ་བཙུན་འཕགས་མ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་དང་། བོད་མི་རྣམས་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་གནང་དགོས་པ་ཤིན་ཏུ་ནས་གལ་གནད་ཆེན་པོ་ཡིན་པའི་སྐོར་བཀའ་སློབ་ལམ་སྟོན་གནང་། ཕྱི་ཟླ་ ༡༠ ཚེས་ ༢༩ ཉིན་སུད་སི་གྲོས་ཚོགས་ཁང་དུ་ཕེབས་ཏེ། རྒྱལ་ཡོངས་ལྷན་ཚོགས་ཀྱི་འཐུས་མི་ལྕམ་སྐུ་ལི་རིན་སི་(Laurence Fehlmann Rielle)ལགས་དང་མཇལ་འཕྲད་གནང་སྟེ། བོད་སྤྱི་དང་ལྷག་པར་དུ་སུད་སིའི་ནང་གནས་སྡོད་བྱེད་མུས་ཡིན་པའི་བོད་མི་རྣམས་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། བོད་མི་རྣམས་ལ་མུ་མཐུད་ནས་རོགས་འདེགས་དང་རྒྱབ་སྐྱོར་གནང་དགོས་པའི་རེ་སྐུལ་གནང་། སྐབས་དེར་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་གཙོས། སུད་སི་དང་ལིག་ཏེན་སིཊ་ཡན་བོད་རིགས་ཚོགས་པའི་ཚོགས་གཙོ་བགྲེས་གཞོན་རྣམ་གཉིས་དང་རྒྱུན་ལས། གཞོན་ནུ་དང་བུད་མེད་ཚོགས་པ་སོགས་ཚོགས་པ་ཁག་ཅིག་ཀྱང་ཕེབས་འདུག་ལ། ཕྱི་ཚེས་ ༣༠ ཉིན་སུད་སི་གཞོན་ནུ་ལྷན་ཚོགས་དང་། མཐོ་རིམ་སློབ་མའི་འབྲེལ་མཐུད་པ་གཉིས་ཀྱི་གོ་སྒྲིག་འོག སུད་སི་རྒྱལ་ས་ཛུ་རིག་མཐོ་སློབ་ཏུ་ནང་ཆོས་ངོ་སྤྲོད་དང་དྲི་བ་དྲིས་ལན་གནང་ཡོད་འདུག

ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ (MONTSERRAT MONASTERY)ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་དཔོན་རྣམས་དང་ལྷན་དུ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།

ཕྱི་ཟླ་ ༡༠ ཚེས་ ༢༦ ཉིན་སུད་སི་བྷ་སལ་ས་གནས་བོད་རིགས་ཚོས་གསོལ་འདེབས་ཞུས་པ་བཞིན། མི་མང་ལ་རྗེ་བཙུན་མ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་དང་། འཕགས་པའི་བདེན་པ་བཞི་དང་འབྲེལ་བའི་ནང་ཆོས་ངོ་སྤྲོད་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་བཞེད་བཞིན་བོད་མི་རྣམས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དགོས་པའི་བཀའ་སློབ་གནང་། ཕྱི་ཚེས་ ༢༧ ཉིན་སུད་སི་སུད་སི་རི་ཀོན་ཆོས་འཁོར་དགོན་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་ཞབས་རིམ་གྱི་ཚོགས་མགོན་དང་། མི་མ་དང་དགེ་འདུན་པ་ཡོངས་ལ་ནང་ཆོས་ཉམས་ལེན་ཇི་ལྟར་གནང་དགོས་མིན་སྐོར་གྱི་བཀའ་སློབ་དང་། ཕྱི་ཚེས་ ༢༩ ཉིན་དགའ་ལྡན་ཆོས་འཁོར་གླིང་ཆོས་ཚོགས་ནང་དུ་བློ་གྲོས་རིན་པོ་ཆེ་མཆོག་གིས་གཙོས་ཆོས་ཚོགས་ཀྱི་ཚོགས་མི་དང་སློབ་མ་རྣམས་ལ་མ་གཅིག་ལབ་སྒྲོན་ནས་བརྒྱུད་པའི་གཅོད་ཉམས་སུ་ལེན་པར་སྙིང་རྗེ་ཆེན་པོ་དང་སྟོང་པ་ཉིད་ཀྱི་ལྟ་བུའི་རྩིས་ཟིན་དགོས་པའི་གལ་གནད་དང་འབྲེལ་བའི་བཀའ་སློབ་གནང་། ཕྱི་ཚེས་ ༢༩ ཉིན་སུད་སིའི་རྒྱལ་ས་སྦན་དུ་ཡོད་པའི་ཞིང་གཤེགས་དམ་པ་བླ་མ་བཟོད་པ་རིན་པོ་ཆེའི་ཆོས་ཚོགས་ལོངས་སྐུ་ཨེཕ་པི་ཨེམ་ཊིར་འཕགས་པའི་བདེན་པ་བཞི་དང་འབྲེལ་བའི་བཀའ་ཆོས་དང་བཀའ་སློབ་གནང་།

རིན་པོ་ཆེ་མཆོག་གི་མཛད་འཆར་ལྟར་ན། དེ་རིང་ཕྱི་ཚེས་ ༥ ཉིན་སི་པིན་བོད་ཀྱི་དུས་བསྟོན་དབུ་འབྱེད་དང་བོད་ཁང་ནང་ཚོགས་མཆོད་སྨོན་ལམ་ལ་ཕེབས་རྒྱུ་དང་།  ཕྱི་ཚེས་ ༦ ཉིན་དགོང་དྲོ་ཆུ་ཚོད་ ༦ ཐོག་༧གོང་ས་༧རྒྱལ་བ་རིན་པོ་ཆེ་མཆོག་གི་གོ་སྟོན་དང་སྟབས་བསྟུན་༧སྐུའི་མཛད་རྣམ་ཁག་འགྲེམས་སྟོན་དབུ་འབྱེད་གནང་རྒྱུ། ཕྱི་ཚེས་ ༧ ཉིན་༼བོད་དེ་རྒྱ་ནག་གི་ཆ་ཤས་ནམ་ཡང་མིན།༽ ཞེས་པའི་ཕྱག་དེབ་སི་པན་སྐད་ཡིག་སྐད་ཐོག་འཐོན་པ་དེ་རིན་པོ་ཆེ་མཆོག་ནས་དབུ་འབྱེད་གནང་རྒྱུ་དང་།  བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ད་ལྟའི་གནས་སྟངས་སྐོར་ལ་བཀའ་སློབ་་གནང་རྒྱུ། ཕྱི་ཚེས་ ༨ ཉིན་སུད་སི་ཟློས་གར་ཚོགས་པས་གདན་ཞུས་ལྟར་བོད་ཀྱི་ཟློས་གར་འཁྲབ་སྟོན་ལ་ཆེད་ཕེབས་གནང་རྒྱུ། ཕྱི་ཚེས་ ༩ ཉིན་མི་མང་ལ་སྒྲོལ་མའི་རྗེས་གནང་གནང་རྒྱུ་བཅས་ཡིན་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese