མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མགོན་པོ་སྐྱིད་ལགས་ལ་རང་ཁྱིམ་དུ་སྨན་བཅོས་བྱེད་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༥/༡༡/༠༦
Share on FacebookShare on TwitterShare on EmailShare on Whatsapp

མགོན་པོ་སྐྱིད་ལགས་ལ་རང་ཁྱིམ་དུ་པུས་མོ་དང་སྐེད་པར་མུ་མཐུད་དུ་སྨན་བཅོས་བྱེད་བཞིན་ཡོད་ཀྱང་ད་ལྟའང་འགྲོ་སྐྱོད་ལ་དཀའ་ངལ་ཡོད་འདུག

མགོན་པོ་སྐྱིད་ལགས་ལ་རང་ཁྱིམ་དུ་པུས་མོ་དང་སྐེད་པར་མུ་མཐུད་དུ་སྨན་བཅོས་བྱེད་བཞིན་ཡོད་ཀྱང་ད་ལྟའང་འགྲོ་སྐྱོད་ལ་དཀའ་ངལ་ཡོད་འདུག བོད་ཀྱི་དུས་བབ་ཀྱིས་པར་བསྒྲིགས།

འདི་ལོའི་ཕྱི་ཟླ་ ༨ ཚེས་ ༡༨ ཉིན་བོད་ཀྱི་ཆབ་སྲིད་བཙོན་པ་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ལགས་ཨ་ཆད་འུ་ཐུག་གིས་ལྷ་སའི་གཡག་མགྲོན་ཁང་གི་ཐོག་རྩེག་གཉིས་པ་ནས་མཆོངས་ཏེ་རྨས་སྐྱོན་ཆེན་པོ་བྱུང་བའི་གནས་ཚུལ་ཐོན་ཡོད་པ་ལྟར། འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༣༡ ཉིན་བོད་ནས་བརྙན་ཐུང་དང་པར་རིས་འབྱོར་བའི་ནང་། མགོན་པོ་སྐྱིད་ལགས་ཀྱི་པུས་མོ་དང་སྐེད་པ་སོགས་སྐྲངས་ནས་འགྲོ་སྐྱོད་ལའང་དཀའ་ངལ་འཕྲད་བཞིན་ཡོད་འདུག འདི་ག་བོད་ཀྱི་དུས་བབ་གསར་ཁང་གི་འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པས། ཁོང་མོ་ད་ལྟའང་སྒོ་ཕྱི་ནང་དུ་འགྲོ་སྐྱོད་བྱེད་རྒྱུར་དཀའ་ངལ་ཡོད་པས། རང་ཁྱིམ་དུ་མུ་མཐུད་ནས་སྨན་བཅོས་བྱེད་བཞིན་ཡོད་སྐོར་བརྗོད་བྱུང་།

མགོན་པོ་སྐྱིད་ལགས་ཀྱིས་ཕྱི་ལོ་ ༢༠༡༠ ནས་བཟུང་གཅུང་པོ་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཚེ་བཙོན་གྱི་ཁྲིམས་ཆད་ལ་བསྐྱར་ཞིབ་དགོས་པ་དང་། ཁོང་དང་ཁོང་གི་ཁྲིམས་རྩོད་པ་ངོ་ཐུག་ཏུ་བཅུག་དགོས་པའི་ཞུ་འབོད་ལས་འགུལ་སྣ་མང་སྤེལ་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཁོང་མོའི་ཁྲིམས་མཐུན་གྱི་ཞུ་འབོད་ལ་ངོས་ལེན་རྩ་བ་ནས་བྱས་མེད་པ་མ་ཟད། ཁོང་མོར་ཐེངས་མང་ཉེས་རྡུང་བཏང་པ་དང་བཀག་ཉར་བྱས་ཡོད་པ་རེད།

འདི་ལོའི་ཕྱི་ཟླ་ ༨ ཚེས་ ༡༨ ཉིན་མགོན་པོ་སྐྱིད་ལགས་ཀྱིས་སླར་ཡང་ཞུ་འབོད་ལས་འགུལ་སྤེལ་སྐབས། རྒྱ་གཞུང་ཉེན་རྟོག་པས་ཁོང་མོ་བཙན་གྱིས་གཡག་མགྲོན་ཁང་དུ་བཅུག་སྟེ་ཕྱི་རུ་ཐོན་བཅུག་མེད་པས། ཨ་ཆད་འུ་ཐུག་གིས་གཡག་མགྲོན་ཁང་གི་ཐོག་རྩེག་གཉིས་པ་ནས་མཆོངས་ཏེ་རང་སྲོག་གཅོད་རྩིས་བྱས་རྐྱེན། པུས་མོ་དང་སྐེད་པ་སོགས་ལ་རྨས་སྐྱོན་ཆེན་པོ་ཕོག་ཡོད་པ་རེད། ཡིན་ནའང་དུས་ཐོག་ཏུ་རྒྱ་གཞུང་་ཉེན་རྟོག་པས་ཁོང་མོར་མྱུར་སྐྱོབ་སྨན་བཅོས་བྱེད་དུ་བཅུག་མེད་པ་རེད།

ཕྱི་ལོ་ ༢༠༠༨ ལོར་བོད་ནང་གི་ས་བྱི་ལོའི་ཞི་རྒོལ་ཆེན་མོའི་སྐབས་སུ་རྡོ་རྗེ་བཀྲ་ཤིས་ལགས་མཉམ་ཞུགས་དང་སྐུལ་སློང་བྱས་པའི་མ་ཉེས་ཁ་གཡོགས་ཀྱིས་ཟླ་མང་པོའི་རིང་འཛིན་བཟུང་བྱས་ཏེ་མནར་གཅོད་བཏང་། ཁོང་དང་ལྷན་དུ་ཕུ་བོ་རྡོ་རྗེ་ཚེ་བརྟན་ལགས་ཀྱང་འཛིན་བཟུང་བྱས་ནས་ལོ་གཉིས་ཙམ་རིང་བཀག་ཉར་བྱས་རྗེས། ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༢༦ ཉིན་ལྷ་ས་མི་དམངས་འབྲིང་རིམ་ཁྲིམས་ཁང་གིས་གསང་བའི་ཁྲིམས་བཤེར་བྱས་ཏེ་རྡོ་རྗེ་བཀྲ་ཤིས་ལགས་སུ་དྲང་བདེན་མིན་པའི་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ་དང་རྡོ་རྗེ་ཚེ་བརྟན་ལགས་སུ་ལོ་དྲུག་གི་བཙོན་འཇུག་ཁྲིམས་ཐག་བཅད། ད་ལྟའི་ཆར་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མིར་ཁྲིམས་རྩོད་པར་ཐུག་འཕྲད་ཀྱིས་ཞུ་གཏུགས་བྱེད་པའི་ཐོབ་ཐང་དང་རྡོ་རྗེ་བཀྲ་ཤིས་ལགས་སུའང་བཙོན་ཁང་དུ་ཐུག་འཕྲད་ཙམ་ཡང་བྱེད་དུ་འཇུག་གི་མེད་པ་རེད།

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་རྒྱ་གར་ལྷོ་ཕྱོགས་སུ་ཉིན་གྲངས་ ༦༠ རིང་ཆོས་འབྲེལ་རྒྱ་ཆེན་བསྐྱངས།

ཆུ་ཚོད་ ༨ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་ཟླ་གཅིག་དང་ཉིན་གྲངས་ ༨ རིང་ལ་དྭགས་སུ་ཆོས་འབྲེལ་རྒྱ་ཆེན་བསྐྱངས།

༢༠༢༦/༠༢/༢༠
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་དུ་བསྩལ་བའི་གསུང་ཆོས་དང་བཀའ་སློབ།

༢༠༢༦/༠༢/༡༩
Mobile App

ཆོས་བརྒྱུད་ཁག་གི་བསྟན་བདག་བླ་ཆེན་རྣམ་པས་ལོ་གསར་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ།

༢༠༢༦/༠༢/༡༨
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་གཙུག་ལག་ཁང་དུ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་ཁག

༢༠༢༦/༠༢/༡༨
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ནས་བསྩལ་བའི་གསུང་འཕྲིན་ཁག

༢༠༢༦/༠༢/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese