མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་མཆོག་གིས་རྒྱལ་སྤྱིའི་ཆོས་ལུགས་རང་དབང་ཚོགས་ཆེན་ཐེངས་ལྔ་པའི་ཐོག་བོད་དོན་གསུང་བཤད་གནང་།

བོད་ཀྱི་དུས་བབ།
༢༠༢༥/༡༡/༡༣
Share on FacebookShare on TwitterShare on EmailShare on Whatsapp

ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་ཆོས་ལུགས་རང་དབང་ཚོགས་ཆེན་ཐེངས་ལྔ་པའི་ཐོག་སྲིད་སྐྱོང་མཆོག་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་གནང་འདུག

སྲིད་སྐྱོང་མཆོག་གིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་ཆོས་ལུགས་རང་དབང་ཚོགས་ཆེན་ཐོག་མཉམ་ཞུགས་གནང་། ༢༠༢༥།༡༡།༡༢ བོད་མིའི་སྒྲིག་འཛུགས་ཀྱི་པར།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཡུ་རོབ་ཅེག་སྤྱི་མཐུན་རྒྱལ་ཁབ་ཏུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་ཡོད་པ་ལྟར། ཁ་སང་ཕྱི་ཟླ་ ༡༡ ཚེས་ ༡༢ ཉིན་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཕོ་བྲང་དུ། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་ལས་ཁུངས་ཀྱི་གོ་སྒྲིག་འོག རྒྱལ་སྤྱིའི་ཆོས་ལུགས་རང་དབང་ཚོགས་ཆེན་ཐེངས་ལྔ་པ་འཚོགས་ཡོད་ཅིང་། མཛད་སྒོའི་ཐོག་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཕེ་ཌར་པཱ་ཝལ་མཆོག་དང་། བོད་མིའི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག རྒྱལ་སྤྱིའི་ཆོས་ལུགས་རང་དབང་ཚོགས་ཆེན་གྱི་ཚོགས་གཙོ་རོ་བྷིར་རེ་ཧཱ་ཁི་(Robert Rehák)ལགས རུ་སོག་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག ༸སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་དཔལ་བཟང་པོ་མཆོག བོད་མི་མང་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་སོགས་འཛམ་གླིང་རྒྱལ་ཁབ་བཞི་བཅུ་ལྷག་ནས་ཚོགས་བཅར་བ་མཉམ་ཞུགས་གནང་ཡོད་འདུག་ལ། ཚོགས་ཆེན་ཐོག་དམིགས་བསལ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་འཚེ་མེད་ཞི་བ་དང་འགྲོ་བ་མིའི་ཆེ་མཐོང་ལ་གཅེས་སྤྲས་བྱས་པའི་དབུ་ཁྲིད་ཀྱི་མཛད་རྗེས་ལ་ཆེ་བསྟོད་ཞུས་ཡོད་འདུག

ཚོགས་ཆེན་ཐོག་སྲིད་སྐྱོང་མཆོག་གིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུ་ཁྲིད་དཔེ་མཚོན་རང་བཞིན་དང་། རྒྱ་ནག་གཞུང་གིས་བོད་ནང་གི་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ཐོག་དམ་དྲག་བྱེད་བཞིན་པར་རྒྱལ་སྤྱིའི་སྤྱི་ཚོགས་ནས་དོ་སྣང་བྱ་དགོས་པའི་སྐོར་དང་། ཨ་རིའི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་གཏན་འབེབས་བྱུང་པའི་སྐོར། དེ་བཞིན་ཡུ་རོབ་རྒྱལ་ཁབ་བདུན་གྱིས་༸གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་བོད་མི་རང་ཉིད་ཀྱིས་གནང་དགོས་པའི་ཐུན་མོང་གི་གསལ་བསྒྲགས་བསྐྱངས་ཏེ་རྒྱལ་སྤྱིའི་ཐོག་ནས་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་ཤུགས་ཆེར་གནང་ཡོད་སྐོར་སོགས་གསུངས་འདུག

ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་ཆོས་ལུགས་རང་དབང་ཚོགས་ཆེན་ཐོག་མཉམ་ཞུགས་གནང་མཁན་རྣམས། ༢༠༢༥།༡༡།༡༢ བོད་མིའི་སྒྲིག་འཛུགས་ཀྱི་པར།

ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སའི་ཝི་ནོ་ཧ་རཱ་ཌི་གློག་བརྙན་ཁང་(Vinohrady)དུ།  ཅེག་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། ཝ་ཁེ་ལེབ་ཧ་ཝེལ་གྱི་དཔེ་མཛོད། གླིང་ཕྲན་མཐུན་ཚོགས་བཅས་ཀྱི་མཉམ་འབྲེལ་གྱི་གོ་སྒྲིག་འོག ༸གོང་ས་མཆོག་གི་སྐུའི་གོ་སྟོན་དང་ཅེག་སྲིད་འཛིན་ཟུར་པ་སྐུ་ཞབས་ཝ་ཁེ་ལེབ་ཧཱ་ཝེལ་ (Vaclav Havel) མཆོག་དགུང་གྲངས་ ༨༩  འཁྲུངས་སྐར་སྲུང་གཙིའི་མཛད་སྒོ་ཞིག་འཚོགས་ཡོད་ཅིང་། མཛད་སྒོའི་ཐོག་རྩོམ་པ་པོ་ཀེ་ཊེ་རི་ན་བྷུར་སི་ཀོ་བ་ཇེཀ་ (Kateřina Bursíková Jacques) ལགས་དང་ཀེ་ཊེ་རི་ན་པོ་རོ་ཆ་ཛོ་ཀ་བ་ (Kateřina Procházková) ལགས་ཀྱིས་བརྩམས་པའི་ཏཱ་ལའི་བླ་མ་དང་ཧཱ་ཝལ། དྲང་བདེན་དང་བྱམས་བརྩེའི་དམག་དཔུང་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་ཡོད་འདུག

མཛད་སྒོ་དེའི་ཐོག་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་སྐུ་ཞབས་པེ་ཊར་པ་ཝེལ་ (Petr Pavel) མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ཅེག་གྲོས་ཚོགས་གོང་མའི་ཚོགས་གཞོན་ལྕམ་སྐུ་ཇི་ཊི་ཀ་སེ་ཌི་ལོ་ཝ་ (Jitka Seitlova) མཆོག རྒྱལ་ས་པ་རག་གི་གྲོང་སྡེ་སྤྱི་ཁྱབ་པ་བོ་ཧུ་སི་ལ་བི་སི་བོ་ད་ (Bohuslav Svoboda) ལགས་ཀྱིས་གཙོས། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་འཐུས་མི་ཁག་གཅིག་དང་།  ༸སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་མཆོག རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག བོད་མི་མང་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་བཅས་ཕེབས་གནང་ཡོད་འདུག

ཅེག་རྒྱལ་ཁབ་ཏུ་༧གོང་ས་མཆོག་གི་སྐུ་གོ་སྟོན་དང་སྲིད་འཛིན་ཧཱ་ཝལ་རྣམ་གཉིས་ཀྱི་འཁྲུངས་སྐར་སྲུང་བརྩི་ཞུས། ༢༠༢༥།༡༡།༡༡ བོད་མིའི་སྒྲིག་འཛུགས་ཀྱི་པར།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྲིད་འཛིན་ཟུར་པ་ཝ་ཁེ་ལེབ་ཧཱ་ཝེལ་མཆོག་གི་མཛད་རྗེས་དང་། ༧གོང་ས་རྒྱལ་བ་རིན་པོ་མཆོག་ནས་འཛམ་གླིང་སྤྱི་ཡོངས་ལ་བསྩལ་བའི་བཀའ་སློབ་ལ་དྲན་གསོ་བྱེད་པའི་དུས་སྟོན་གལ་ཆེན་ཞིག་ཆགས་ཡོད། དེ་བཞིན་ཁོང་རྣམ་པ་གཉིས་ཀྱིས་དམར་ཤོག་སྲིད་གཞུང་གི་གཉའ་གནོན་འོག་མི་མང་བཅིངས་གྲོལ་གཏོང་བའི་འཐབ་རྩོད་ལ་དཀའ་སྡུག་མྱངས་ཡོད་མོད། ད་ལྟའི་ཆར་ཅེག་སྤྱི་མཐུན་རྒྱལ་ཁབ་ནི་རང་བཙན་གྱི་རྒྱལ་ཁབ་ཅིག་ཆགས་ཡོད་ཀྱང་། ད་དུང་བོད་ནི་རྒྱ་ནག་གཞུང་གི་གཉའ་གནོན་འོོག་དཀའ་སྡུག་མྱོང་བཞིན་ཡོད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དུས་རྒྱུན་དུ་མགོན་པོ་གང་ཉིད་མཆོག་འཛམ་གླིང་འདིའི་མི་དུང་ཕྱུར་བརྒྱད་ཀྱི་ནང་ནས་གཅིག་ཡིན་པ་དང་། དེ་བཞིན་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་བྱམས་བརྩེ་དང་། རང་དབང་། ཆེ་མཐོང་། དམངས་གཙོ་བཅས་ཀྱི་རིན་ཐང་གོང་འཕེལ་གཏོང་བ་ནི་ལས་འགན་ཞིག་ཡིན་གསུང་གི་ཡོད། ད་ལྟའི་ཆར་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱིས་དམངས་གཙོའི་ཐོབ་ཐང་ལོངས་སུ་སྤྱོད་བཞིན་པ་ལྟར། བོད་མི་རྣམས་ཀྱིས་༧གོང་ས་མཆོག་གི་དབུ་ཁྲིད་ལམ་སྟོན་འོག་བཙན་བྱོལ་དུ་དམངས་གཙོའི་ལམ་ལུགས་ལག་བསྟར་བྱེད་བཞིན་ཡོད་ཅེས་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་གཞི་སཱི་ཤེས་ཡོན་སློབ་གསོའི་སྐོར་ལ་འགྲེལ་བརྗོད་གནང་འདུག

མཛད་འཆར་ལྟར་ན། ཕྱི་ཟླ་ ༡༡ ཚེས་ ༡༤ བར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཅེག་གི་མཛད་རིམ་རྣམས་གྲུབ་རྗེས་འཇར་མན་ནང་ཕེབས་ཏེ། ད་ལྟའི་བོད་ནང་དང་བཙན་བྱོལ་གྱི་གནས་བབ། རྒྱ་ནག་གིས་བོད་ནང་དུ་ལག་བསྟར་བྱེད་བཞིན་པའི་དྲག་གནོན་སྲིད་ཇུས་སོགས་ཀྱི་སྐོར་གསུང་བཤད་གནང་བ་དང་། གནད་ཡོད་མི་སྣར་ཐུག་འཕྲད་བགྱིས་ཏེ་བོད་དོན་ལ་རྒྱབ་སྐྱོར་སྔར་ལྷག་ཡོང་ཐབས་གནང་བཞིན་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲེིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

ཆུ་ཚོད་ ༡༣ སྔོན་ལ།
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༡༥ སྔོན་ལ།
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese