མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ས་གནས་གཞིས་མགོ་དང་སོ་ནམ་སློབ་སྟོན་པ་རྣམ་པར་བཀའ་སློབ་བསྩལ།

བོད་ཀྱི་དུས་བབ།
༢༠༢༥/༡༡/༡༣
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བོད་ཀྱི་གཏིང་ཟབ་ལ་རྒྱ་ཆེ་བའི་ཆོས་རིག་གི་ཐོག་ནས་ཚན་རིག་དང་སེམས་ཁམས་རིག་པ་སོགས་ཀྱིས་མཚོན་པའི་འཛམ་བུ་གླིང་གི་དེང་དུས་ཀྱི་ཤེས་ཡོན་སྦྱོང་ཐུབ་ཀྱི་ཡོད་སྐོར་གསུངས་འདུག

རྒྱ་གར་དང་འབྲུག་བཅས་ནས་ཕེབས་པའི་ས་གནས་མགོ་འཛིན་ ༣༥ དང་། སོ་ནམ་སློབ་སྟོན་པ་སོགས་ནས་༧གོང་ས་མཆོག་ལ་མཇལ་བཅར་ཞུས། ༢༠༢༥།༡༡།༡༣ དགའ་ལྡན་ཕོ་བྲང་གི་པར།

ཟླ་འདིའི་ཕྱི་ཚེས་ ༡༡ ནས་ ༡༤ བར་ཉིན་གྲངས་བཞིའི་རིང་རྒྱ་གར་དང་འབྲུག་བཅས་ནས་བོད་མིའི་ས་གནས་མགོ་འཛིན་ ༣༥ དང་། སོ་ནམ་སློབ་སྟོན་པ་སོགས་མཉམ་ཞུགས་ཀྱིས་ས་གནས་མགོ་འཛིན་གྱི་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༡༦ པ་འཚོག་མུས་ཡིན་པ་ལྟར། དེ་རིང་ཞོགས་པར་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་ནས་བོད་པས་མི་ཐོག་མང་པོའི་རིང་ལ་བདག་པོ་བརྒྱབ་ནས་བསྡད་པའི་གཏིང་ཟབ་པའི་བོད་ཀྱི་རིག་གཞུང་འདི་ལ་ང་རང་ཚོས་བདག་པོ་ཡག་པོ་བརྒྱག་དགོས་སྐོར་གསུངས་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། ང་ཚོ་བཙན་བྱོལ་བ་ཆགས་ནས་ལོ་འདི་དག་ཕྱིན་པ་རེད་དེ། ང་ཚོས་ཆོས་དང་རིག་གཞུང་དངོས་གནས་བདག་པོ་ཡག་པོ་རྒྱག་ནས་བསྡད་པ་རེད། རྒྱ་གར་གྱི་རྒྱན་དྲུག་མཆོག་གཉིས་སོགས་ནས་མར་བརྒྱུད་པའི་ཚད་མའི་སྐོར་ཡིན་ན་རེད། མཛོད་འདུལ་སྐོར་ཡིན་ནའང་རེད། གང་ལྟར་ང་ཚོ་བོད་ཀྱི་ཆོས་དང་རིག་གཞུང་གཏིང་ཟབ་པོ་དང་སྤུས་དག་པོ་ཞེ་དྲགས་རེད་འདུག གཞུང་ཆེན་དེ་དག་གི་གྲས་དོན་དག་གཏིང་ཟབ་པོ་ཡིན་དུས་བསམ་བློ་གཏོང་སྟངས་ལ་འགྱུར་བ་ཞེ་དྲགས་ཐེབས་ཐུབ་པ་ཞིག་འདུག བྱས་ཙང་ང་ཚོ་བོད་ལ་གཏིང་ཟབ་པའི་སློབ་སྦྱོང་བྱ་རྒྱུ་ཡོད་པའི་རིག་གཞུང་ཞིག་ཡོད་རེད། དེ་ང་ཚོ་བོད་པའི་མི་རིགས་ལ་སྐྱེས་པའི་སྐྱེས་གོ་ཆོད་པ་ཞིག་རེད། བོད་མི་རིགས་ལ་སྐྱེས་ནས་སློབ་སྦྱོང་བྱེད་དུས་བསམ་བློའི་འགྲོ་སྟངས་དངོས་གནས་དྲང་གནས་རྒྱ་ཆེ་གཏིང་ཟབ་ཅིག་ཡོད་རེད། གཞན་སུ་ཅིག་ལའང་སྨོན་དགོས་ཡ་མི་འདུག་གཱ། ང་ཚོ་བོད་པ་རང་གིས་རིག་གཞུང་ཤོད་དུས་གཏིང་རིང་པོར་བསམ་བློ་གཏང་རྒྱུ་ཡོད་པ། དེ་བཞིན་སེམས་ཁམས་རིག་པ་དང་འབྲེལ་ནས་ཞེ་དྲགས་ཡོད་པ་ཞིག་རེད། གང་ལྟར་ང་ཚོ་བོད་ཀྱི་ཆོས་དང་རིག་གཞུང་དངོས་གནས་དྲང་གནས་རྒྱ་ཆེ་གཏིང་ཟབ་ཞེ་དྲགས་རེད་འདུག ཅེས་གསུངས་འདུག

ཡང་མགོན་པོ་གང་ཉིད་ཀྱིས། སྔར་བོད་ཀྱི་ཆོས་རྒྱལ་ཚོའི་སྐབས་ནས་རིག་གནས་གཏིང་ཟབ་ཅིག་བཙུགས་པ་རེད་ལ། དུས་ཕྱིས་སུ་ས་སྐྱ་པཎ་ཆེན་ལ་སོགས་པའི་མང་པོ་ཞིག་གིས་གཞུང་མང་པོར་གཟིགས་ནས། ང་ཚོ་བོད་ཀྱི་རིག་གཞུང་ལབ་དུས་གཞུང་རྒྱ་ཆེན་པོ་དེ་དག་དང་འབྲེལ་ནས་འདུག་གཱ།  འདི་དཔེ་ཡག་པོ་རེད་འདུག   བོད་ཀྱི་ཆོས་དང་རིག་གཞུང་དེར་ག་ཚོད་ཐུབ་ཐུབ་ཀྱིས་ང་ཚོས་དོ་སྣང་བྱེད་ཀྱིན་ཡོད་རེད་ལ། ང་ཚོ་བོད་རིགས་ཙམ་མ་ཡིན་པའི་དེང་སང་འཛམ་བུ་གླིང་གི་ས་ཁུལ་མང་པོ་ནས་བོད་པའི་རིག་གཞུང་ལ་དོ་སྣང་གསར་པ་བྱེད་ཀྱི་འདུག་གཱ། བྱས་ཙང་ང་ཚོ་བོད་པའི་རིག་གཞུང་འཛམ་གླིང་གི་སྒང་ལ་ངོམ་ཡ་ཞིག་རེད་འདུག ང་ཚོ་བོད་པ་ལབ་དུས་ལྐུགས་པ་དེ་འདྲ་ཞིག་རྩ་བ་ཉིད་ནས་རེད་ཡོད་མ་རེད་གདའ། ང་ཚོར་རིག་གཞུང་གཏིང་ཟབ་ཡོད་རེད། བྱས་ཙང་ང་རང་ཚོས་མི་ཐོག་མང་པོའི་རིང་ལ་བདག་པོ་བརྒྱབ་ནས་བསྡད་རེད། འབྱུང་འགྱུར་ང་ཚོ་བོད་ལ་རིག་གཞུང་གཏིང་ཟབ་ཡོད་པ་འདི་ལ་ང་རང་ཚོས་བདག་པོ་ཡག་པོ་ཞིག་བརྒྱག་དགོས། ཞེས་དང་། ད་ལྟའི་གནས་ཚུལ་ལ་བལྟས་ན། རྒྱ་ནག་ནང་ལ་བོད་ཀྱི་ཆོས་དང་རིག་གཞུང་ཁྱབ་ཆེན་པོ་ཞིག་ཡོང་རྒྱུའི་ཟོལ་ཞིག་འདུག གང་ལྟར་ང་ཚོ་བོད་ཀྱི་ཆོས་དང་རིག་གཞུང་དེ་དངོས་གནས་དྲང་གནས་རྒྱ་ཆེན་པོ། ཟབ་པོ་དཔེ་ཡག་པོ་རེད་འདུག ང་ཚོའི་རིག་གཞུང་འདིའི་ཐོག་ནས་འཛམ་བུ་གླིང་གི་དེང་དུས་ཀྱི་ཤེས་ཡོན་སྦྱོང་ཐུབ། དེང་སང་ཚན་རིག་པ་མང་པོ་ངོས་རང་ཐུག་ཏུ་ཡོང་གི་འདུག ངོས་རང་ནས་ཚན་རིག་དམིགས་བསལ་སྦྱང་ཡོད་མ་རེད་དེ། ནང་པའི་འགྲོ་སྟངས་དེའི་ཐོག་ནས་རྒྱུས་ཡོད་པ་དེས་ཚན་རིག་གི་ཐོག་ཏུའང་ཕན་ཐོགས་ཞེ་དྲགས་འདུག དེ་རིང་ཁ་སང་ཚན་རིག་པ་མང་པོ་ཞིག་གིས་བོད་ཀྱི་རིག་གཞུང་གཏིང་ཟབ་ཡག་པོ་དེར་དོ་སྣང་བྱེད་ཀྱི་འདུག ཅེས་གསུངས་འདུག

རྒྱ་གར་དང་འབྲུག་བཅས་ནས་ཕེབས་པའི་ས་གནས་མགོ་འཛིན་ ༣༥ དང་། སོ་ནམ་སློབ་སྟོན་པ་སོགས་ནས་༧གོང་ས་མཆོག་གི་མདུན་དུ་རྒྱལ་གླུ་ཕུལ། ༢༠༢༥།༡༡།༡༣ དགའ་ལྡན་ཕོ་བྲང་གི་པར།

མཇལ་ཁ་གྲུབ་རྗེས་ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་འདི་གའི་གསར་འགོད་པར། དེ་སྔ་སྐལ་བ་བཟང་བའི་དུས་ལ་ས་གནས་མགོ་འཛིན་གྱི་ཚོགས་ཆེན་ཐོག་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཆིབས་བསྒྱུར་གནང་ནས་བཀའ་སློབ་གནང་རྒྱུ་དང་། བཀའ་སློབ་གནང་བ་དེས། ལོ་གཅིག་གི་རིང་ལ་ལས་ཀ་བྱེད་མཁན་གྱི་ལྷག་བསམ། སྤོབས་པ་བྱེད་སྟངས། ལས་ཀར་འགན་ཁུར་སྟངས་སོགས་ཀྱི་ཐད་ལ་ཞེ་དྲགས་ཕན་ནུས་ཐེབས་ཀྱི་ཡོད་རེད། ཕྱིས་སུ་ང་ཚོས་ཡར་སྙན་གསེང་ཞུས་ནས་ས་གནས་མགོ་འཛིན་གྱི་ཚོགས་ཆེན་དེ་ལོ་རེ་རེར་གཅིག་གམ་མཚམས་རེར་ལོ་གཉིས་ལ་ཐེངས་གཅིག་མ་གཏོགས་འཚོག་ཐུབ་ཀྱི་ཡོད་མ་རེད། ས་གནས་མགོ་འཛིན་དེ་འགྱུར་བ་ཞེ་དྲགས་ཐེབས་འགྲོ་ཡི་ཡོད་དུས། ད་ལན་ལ་མཚོན་ན་ས་གནས་མགོ་འཛིན་བཅུ་རྦད་དེ་གསར་པ་གསར་རྐྱང་རེད། དེ་དག་ལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་གསོལ་རས་གནང་བ་ནང་བཞིན་བཀའ་སློབ་ཅིག་གནང་ཡོང་དུས། སྤྱི་པའི་ལས་ཀ་བྱེད་མཁན་གྱི་སེམས་ནང་ལ་སྔར་དང་མ་འདྲ་བའི་འགུལ་སྐྱོད་ཅིག་ཐེབས་ཡོད་པ་དེ་ལ་བརྟེན་ནས་གསོལ་འདེབས་ཞུས་ནས་དེ་རིང་མཇལ་ཁ་རག་བྱུང་། དེ་རིང་བཀའ་སློབ་དམིགས་བསལ་ཕེབས་སོང་ལ། གྲོལ་མ་ཐག་རྒྱལ་གླུ་བླང་དགོས་རེད་ཅེས་བཀའ་གནང་བ་བཞིན་རྒྱལ་གླུ་ཞིག་ཀྱང་བླངས་པ་ཡིན།  ཞེས་བརྗོད་བྱུང་།

དགའ་ལྡན་ཕོ་བྲང་གི་དྲ་རྒྱར་གསལ་བའི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཛད་འཆར་ལྟར་ན། ཕྱི་ཟླ་ ༡༡ ཚེས་ ༡༧ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དབུས་བོད་སློབ་འཛིན་སྐྱོང་ཚོགས་པའི་ཁྱབ་ཁོངས་ཀྱི་གཏན་སློབ་(CST)ཁག་བདུན་གྱི་སློབ་མ་ཟུར་པ་དང་། བོད་ཕྲུག་ཁྱིམ་སྡེ། མ་སུ་རི་བོད་ཁྱིམ། རྒྱ་གར་དང་བལ་ཡུལ་གྱི་ཉིན་སློབ་ཁག་བཅས་ནས་འཚོག་གཏན་འཁེལ་བའི་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོར་ཆིབས་བསྒྱུར་བསྐྱང་གཏན་ཁེལ་ཡོད་ཅིང་།  ཕྱི་ལོ་ ༢༠༢༦ ལོའི་ཟླ་ ༢ ཚེས་ ༢༣ ཉིན་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྒྱལ་སྤྱིའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཚོགས་པ་དང་། སུད་སི་ལྷ་ས་བུའི་ཚོགས་པ་གཉིས་ཀྱིས་ཚེ་དཔག་མེད་དྭགས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

ཆུ་ཚོད་ ༡༣ སྔོན་ལ།
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༡༥ སྔོན་ལ།
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese