མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ནས་བོད་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་བཞེས་ཏེ་ལོ་ངོ་ ༧༥ འཁོར་བའི་དུས་དྲན་གྱི་འགྲེམས་སྟོན།

བོད་ཀྱི་དུས་བབ།
༢༠༢༥/༡༡/༡༤
Share on FacebookShare on TwitterShare on EmailShare on Whatsapp

ཉིན་གྲངས་གཉིས་རིང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གིས་༧གོང་ས་མཆོག་གི་ཆབ་སྲིད་མཛད་འཕྲིན་སྐོར་ལ་དམིགས་བསལ་འགྲེམས་སྟོན་ཞིག་བྱེད་བཞིན་འདུག

༧གོང་ས་མཆོག་ནས་བོད་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་བཞེས་ཏེ་ལོ་ངོ་ ༧༥ འཁོར་བའི་དུས་དྲན་གྱི་འགྲེམས་སྟོན། ༢༠༢༥།༡༡།༡༤ དུས་བབ་་ཀྱི་པར།

དེ་རིང་ཕྱི་ཟླ་ ༡༡ ཚེས་ ༡༤ དང་ ༡༥ ཉིན་གྲངས་གཉིས་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གི་གོ་སྒྲིག་འོག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བོད་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་ཡོངས་སུ་བཞེས་ཏེ་ལོ་ངོ་ ༧༥ འཁོར་བའི་དུས་དྲན་ཀྱི་པར་རིས་འགྲེམས་སྟོན་གནང་བཞིན་ཡོད་ཅིང་། དབུ་འབྱེད་མཛད་སྒོའི་ཐོག་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་ལགས་དང་། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས། དྷ་ས་ཁུལ་གྱི་སེར་སྐྱ་མི་མང་བཅས་འཛོམས་སོང་།

ཐེངས་འདིའི་འགྲེམས་སྟོན་སྐོར་ལ་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས་ཀྱིས་གསར་འགོད་པར།  ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བོད་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་ཡོངས་སུ་བཞེས་ཏེ་ལོ་ངོ་ ༧༥ འཁོར་བའི་དུས་དྲན་དང་བསྟུན། ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གིས་༧གོང་ས་མཆོག་གི་མཛད་པ་འཕྲིན་ལས་ཀྱི་ཚབ་མཚོན་ཙམ་ཞིག་འགྲེམས་སྟོན་བྱེད་བཞིན་ཡོད། དེ་ཡང་༧གོང་ས་མཆོག་ནས་དམིགས་བསལ་ཆབ་སྲིད་ཀྱི་ཐུགས་འགན་བཞེས་ཏེ་མཛད་པ་འཕྲིན་ལས་གང་བསྐྱངས་པ་པར་རིས་ལམ་ནས་གོ་རྟོགས་སྤེལ་བཞིན་ཡོད། ཐེངས་འདིའི་འགྲེམས་སྟོན་ནང་སྡེ་ཚན་གཙོ་བོ་གསུམ་ཆགས་ཀྱི་ཡོད། དང་པོ་ཕྱི་ལོ་ ༡༩༤༠ ནས་ ༡༩༥༩ ལོའི་བར་གྱི་བོད་རང་བཙན་མ་ཤོར་གོང་༧གོང་ས་མཆོག་ནས་ཐུགས་འགན་གཙོ་བོ་གང་དག་བཞེས་ཡོད་པའི་སྐོར་ཡིན། དེའི་ཁྲོད་ཀྱི་གལ་ཆེ་ཤོས་ཤིག་ནི་ཕྱི་ལོ་ ༡༩༥༠ ཟླ་ ༡༡ ཚེས་ ༡༧ ཉིན་༧གོང་ས་མཆོག་ནས་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཐུགས་འགན་བཞེས་པའི་པར་རིས་འགྲེམས་སྟོན་དེ་ཡིན། དེའི་སྐབས་སུ་༧གོང་ས་མཆོག་ནས་བོད་ནང་དུ་བསྒྱུར་བཅོས་གཏོང་བའི་ཐུགས་མོས་ཡོད་ཀྱང་། རྒྱ་གུང་ཁྲན་ཏང་གིས་བོད་ནང་བཙན་འཛུལ་བྱས་པའི་རྐྱེན་གྱིས། ཕྱི་ལོ་ ༡༩༥༤ དང་ ༡༩༥༦ ལོར་༧གོང་ས་མཆོག་ཕྱི་རྒྱལ་ཁག་ཏུ་ཕེབས་ཏེ་འཚེ་མེད་ཞི་བའི་ལམ་ལ་ཐུགས་མོས་ཡོད་པ་གསལ་ཡོད། གཉིས་པ་ཕྱི་ལོ་ ༡༩༥༩ ལོ་ནས་ ༡༩༧༤ ལོའི་བར་གྱི་༧གོང་ས་མཆོག་གི་མཛད་པ་འཕྲིན་ལས་ཀྱི་སྐོར་ཡིན། དེའི་ཁྲོད་ཀྱི་གལ་ཆེ་ཤོས་གཙོ་བོ་དེ་རྩ་ཁྲིམས་རིན་པོ་ཆེ་ཆགས་ཀྱི་འདུག བོད་ཀྱི་ཆབ་སྲིད་འཕོ་འགྱུར་ཁྲོད་རྩ་ཁྲིམས་རིན་པོ་ཆེ་གཏན་འབེབས་བྱས་པ་དེས། མ་འོངས་བར་བོད་རང་བཙན་འཐོབ་ཚེ་རྩ་ཁྲིམས་རིན་པོ་ཆེ་གཞིར་བཞག་སྟེ་ལས་དོན་བསྒྲུབ་དགོས་པ་ཞིག་ཆགས་ཡོད། བཙན་བྱོལ་བོད་གཞུང་དང་། སློབ་གྲྭ། དགོན་སྡེ་སོགས་འཛུགས་སྐྲུན་བྱས་ཏེ་བརྟན་པོ་ཆགས་པ་ཡང་དུས་ཡུན་དེའི་ནང་དུ་བྱུང་ཡོད།

ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས། ༢༠༢༥།༡༡།༡༤ བོད་ཀྱི་དུས་བབ་ཀྱི་པར

གསུམ་པ་ཕྱི་ལོ་ ༡༩༧༣ ལོའི་རྗེས་སུ་༧གོང་ས་མཆོག་ཕྱི་རྒྱལ་ཁག་ཏུ་ཞབས་སོར་འཁོད་ཡོད་ཅིང་།  ད་ལྟའི་བར་དུ་༧གོང་ས་མཆོག་ཕྱིའི་རྒྱལ་ཁབ་ ༦༢ ནང་ཐེངས་ ༥༠༠ ཆིབས་བསྒྱུར་གནང་ཡོད་པ་དང་། དེའི་ཁྲོད་རྒྱལ་ཁབ་འདྲ་མིན་གྱི་གཟེངས་རྟགས་གྲངས་ ༣༤༡ ཕུལ་ཡོད་འདུག དེའི་ནང་ནས་ཀྱང་མང་ཤོས་ཨ་རིས་ཕུལ་བ་ཞིག་རེད། ཉམས་ཞིབ་པ་རྣམས་ལ་མཚོན་ན་འགྲེམས་སྟོན་འདི་བརྒྱུད་ནས་ཉམས་ཞིབ་ཀྱི་གོ་སྐབས་ཡག་པོ་ཞིག་འདུག དེ་བཞིན་གལ་ཆེ་ཤོས་ཤིག་ནི་ཕྱི་ལོ་ ༡༩༦༠ ཟླ་ ༢ ཚེས་ ༣ ཉིན་གནས་མཆོག་རྡོ་རྗེ་གདན་དུ། བོད་ཀྱི་མནའ་གན་མཐུ་མོ་ཆེ་བཞག་པའི་འདྲ་བཤུས་འགྲེམས་སྟོན་དུ་བཞག་ཡོད། འདི་ནི་ཕྱི་ལོ་ ༡༩༦༠ ལོ་ནས་བཟུང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུ་ཁྲིད་འོག མདོ་དབུས་ཁམས་གསུམ་རྡོག་རྩ་གཅིག་སྒྲིལ་གྱིས་བོད་ཀྱི་མ་འོངས་བའི་མདུན་ལམ་ཆེད་སྐྱིད་ན་སྐྱིད་མཉམ་དང་སྡུག་ན་སྡུག་མཉམ་ཡིན་པའི་མནའ་བསྐྱལ་པ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་འདུག མནའ་གན་མཐུ་མོ་ཆེ་འཇོག་མཁན་གྱི་མི་བཅུ་བདུན་ཡོད་པའི་མིང་ཡང་བཀོད་ཡོད། སྐབས་རེར་ཆབ་སྲིད་འཕོ་འགྱུར་མང་པོ་ཕྱིན་ཏེ་རྩ་བ་འདོར་བཞིན་ཡོད་པས། ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གི་དྲན་གསོའི་ངོ་བོ་ཐོག ༧གོང་ས་མཆོག་གི་དབུ་ཁྲིད་འོག་ང་ཚོས་རྡོག་རྩ་གཅིག་སྒྲིལ་གྱི་ནུས་པ་ཐོན་དགོས་པ་གལ་ཆེན་པོ་རེད། ཅེས་འགྲེལ་བརྗོད་གནང་བྱུང་།

༧གོང་ས་མཆོག་གི་མཛད་འཕྲིན་སྐོར་ལ་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་ལགས་ཀྱིས་གསར་འགོད་པར། ༧གོང་ས་མཆོག་གི་མཛད་པ་འཕྲིན་ལས་ཁྲོད་གལ་ཆུང་ཆེ་ཞུ་ཕོད་ཀྱི་མི་འདུག ཚང་མར་སོ་སོའི་གནད་འགག་དང་དགོས་པ་རྒྱུ་མཚན་ཡོད་པ་རེད། ཐེངས་འདིའི་འགྲེམས་སྟོན་ནང་དུ་བོད་ཀྱི་མནའ་གན་མཐུ་མོ་ཆེ་འདུག དེ་ནི་༧གོང་ས་མཆོག་གི་མཛད་པ་ནང་ནས་གལ་ཆེ་ཤོས་ཤིག་རེད། སྔར་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐབས་སུ་བོད་ཆོལ་ཁ་གསུམ་གཅིག་ཏུ་བསྒྲིལ་ཡོད་ཀྱང་། བར་ལམ་ནས་རྒྱ་སྡེ་དང་བོད་སྡེ་སོགས་ཀྱི་འགྱུར་བ་མང་པོ་ཕྱིན་ཡོད་པ་རེད། ༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པའི་སྐུ་དུས་སུ་བོད་ཆོལ་ཁ་གསུམ་དགའ་ལྡན་ཕོ་བྲང་གི་ཁོངས་སུ་གཅིག་སྒྲིལ་ཐུབ་པ་དེ་རླབས་ཆེན་པོ་དང་གནད་འགག་ཆེན་པོ་རེད་དྲན་གྱི་འདུག ༧གོང་ས་མཆོག་ནས་བོད་པ་ཡོངས་རྫོགས་ཕན་ཚུན་གཅིག་ཕན་གཅིག་གྲོགས་ཀྱི་འཆམ་པོ་གནས་དགོས་པའི་དགོངས་གཞི་ཡོད་པ་རེད། བོད་ཀྱི་ཆིག་སྒྲིལ་ཐོག་༧གོང་ས་མཆོག་ནས་སྐུ་ལས་མང་པོ་བསྐྱོན་པ་རེད། བོད་ཀྱི་ལོ་རྒྱུས་ཁྲོད་དམངས་གཙོའི་ལམ་ལུགས་ཀྱང་ཐེངས་དང་པོ་བྱུང་བ་རེད། ཅེས་འགྲེལ་བརྗོད་གནང་བྱུང་།

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

ཆུ་ཚོད་ ༣ སྔོན་ལ།
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

ཆུ་ཚོད་ ༥ སྔོན་ལ།
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

ཆུ་ཚོད་ ༨ སྔོན་ལ།
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

༢༠༢༦/༠༨/༡༢
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

༢༠༢༦/༠༨/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese