མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གི་གསུང་སྐད་ཡོད་པའི་རོལ་དབྱངས་ཤིག་འདི་ལོའི་གྷི་རེ་མི་ཡི་གཟེངས་རྟགས་ཀྱི་འོས་གཞིའི་ཁོངས་སུ་ཚུད།

བོད་ཀྱི་དུས་བབ།
༢༠༢༥/༡༡/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༠༩ ལོར་རྒྱ་གར་གྱི་རོལ་མོའི་སྒྱུ་རྩལ་བ་ཨམ་ཇཱ་ཨ་ལི་ཁན་དང་ཀ་བྷིར་སེ་གྷལ་ལགས་གཉིས་ཀྱིས་བཟོ་བསྐྲུན་བྱས་པའི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གསུང་སྐད་ལྡན་པའི་རོལ་དབྱངས་ཤིག་འདི་ལོའི་གྷི་རེ་མི་ཡི་གཟེངས་རྟགས་ཀྱི་འོས་གཞིའི་ཁོངས་སུ་ཚུད་འདུག

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording

ཁ་སང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ལྟར་ན། ཕྱི་ལོ་ ༢༠༠༩ ལོར་རྒྱ་གར་གྱི་རོལ་མོའི་སྒྱུ་རྩལ་བ་ཨམ་ཇཱ་ཨ་ལི་ཁན་ (Amjad Ali Khan ) ལགས་དང་ཀ་བྷིར་སེ་གྷལ་(Kabir Sehgal) ལགས་གཉིས་ཀྱིས་བཟོ་བསྐྲུན་བྱས་པའི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གསུང་སྐད་ལྡན་པའི་རོལ་དབྱངས་(music) དེ། ཕྱི་ལོ་ ༢༠༢༦ ལོའི་གྷེ་རེ་མི་( GRAMMY) གཟེངས་རྟགས་ཀྱི་འོས་གཞིའི་ཁོངས་སུ་སྒྲ་དེབ་དང་འགྲེལ་བརྗོད། དེ་བཞིན་གཏམ་རྒྱུད་ཡག་ཤོས་བཅས་ཀྱི་ཁྱབ་ཁོངས་སུ་ཚུད་ཡོད་འདུག་ལ། འདི་ལོའི་གྷི་རེ་མི་ཡི་གཟེངས་རྟགས་དེ་ཕྱི་ལོ་ ༢༠༢༦ ཟླ་ ༢ ཚེས་ ༡ ཉིན་ཨ་རིའི་ལོ་སི་ཨེན་ཇི་ལེ་སི་(Los Angeles) གྲོང་ཁྱེར་དུ་སྤྲད་རྒྱུ་ཡིན་འདུག

རྒྱ་གར་གྱི་རོལ་མོ་བ་སྐུ་ཞབས་ཨམ་ཇཱ་ཨ་ལི་ཁན་ལགས་ཀྱིས། ང་ཚོས་ཧ་ཅང་གུས་བཀུར་ཆེན་པོས་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་མཉམ་འབྲེལ་བྱ་རྒྱུའི་གོ་སྐབས་བྱུང་བ་ནི་ཧ་ཅང་སྐལ་བ་བཟང་པོ་ཡིན། ལོ་མང་རིང་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནི་ང་ཚོའི་མི་ཚེའི་ནང་གི་ལམ་སྟོན་གྱི་འོད་སྣང་ཞིག་ཡིན། ཁོང་གི་ཞི་བདེ་དང་། སྙིང་རྗེ། རེ་བ་བཅས་ཀྱི་བཀའ་སློབ་ཀྱིས་ང་ཚོའི་རོལ་དབྱངས་ཙམ་མ་ཟད། ང་ཚོའི་འཚོ་བའི་ལས་ཀ་བྱེད་སྟངས་ལའང་སྐུལ་མ་བྱེད་བཞིན་ཡོད། སྒྱུ་རྩལ་པ་ཁྱད་དུ་འཕགས་པ་མང་པོའི་ལེགས་སྐྱེས་དང་མཉམ་དུ། ང་ཚོས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གཞལ་མེད་ཀྱི་རླབས་ཆེན་གྱི་མཛད་པ་རྣམས། དགའ་སྨོན་བྱེད་མཁན་དང་འཛམ་གླིང་ཡོངས་ལ་བརྩམས་ཆོས་ཤིག་བསྐྲུན་ཐབས་བྱས་ཡོད། རོལ་དབྱངས་འདིས་ཞི་བདེ་དང་། བྱམས་བརྩེ། རེ་བ་བཅས་ནི་སྲིད་པ་ཙམ་མ་ཟད། མེད་དུ་མི་རུང་བ་ཞིག་ཡིན་པའི་དྲན་སྐུལ་ཞིག་བྱེད་པར་ཤོག ཅེས་བརྗོད་འདུག

རྒྱ་གར་གྱི་གསར་ཁང་ (NEWS 18 ) གིས་སྤེལ་བའི་གནས་ཚུལ་ནང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གསུང་སྐད་ཡོད་པའི་རོལ་མོའི་བརྩམས་ཆོས་དེ་ནི། འགྲོ་བ་མིའི་ཐུན་མོང་གི་རིན་ཐང་སྟེ། སྙིང་རྗེ་དང་དྲན་ཤེས། ཆོས་ཕྱོགས་ཀྱི་མཐུན་སྒྲིལ་བཅས་ལ་བསྟོད་པ་ཞིག་ཡིན་ལ། དེས་མི་རབས་དང་རིག་གཞུང་བར་གྱི་འབྲེལ་ལམ་མཐུད་པ་མ་ཟད། རོལ་དབྱངས་ཀྱི་སྟོབས་ཤུགས་ལས་འགྱུར་བ་དང་བསམ་གཞིགས་བྱེད་པར་སྐུལ་མ་གཏོང་གི་ཡོད། ཅེས་གསལ་འདུག་ལ། ད་ལན་གྱི་གྷེ་རི་མི་རོལ་དབྱངས་གཟེངས་རྟགས་ཀྱི་ཁོངས་སུ། ཨ་རིའི་གློག་བརྙན་འཁྲབ་སྟོན་པ་ཀེ་དྷི་གྷ་བཱར་(Kathy Garver) དང་། ལྷོ་ཨ་ཧྥི་རི་ཁའི་དགོད་བྲོའི་གཏམ་གླེང་བ་དང་། རྩོམ་པ་པོ། ཆབ་སྲིད་དཔྱད་བརྗོད་པ། གློག་བརྙན་འཁྲབ་སྟོན་པ་ཊི་ཝར་ནོ་ཝ་(Trevor Noah) ། ཧྥ་རན་སིའི་གཞས་པ་དང་གཞས་མ་གཏམ་ལེན་མཁན། གཤོམ་འགྲོས་བ་ཧྥེ་བྷི་མོར་ཝན་(Fab Morvan) བཅས་སོགས་ཚུད་ཡོད་འདུག

གྷེ་རེ་མི་གཟེངས་རྟགས་དེ་ནི་ཕྱི་ལོ་ ༡༩༥༠ ཙམ་ནས་གླུ་བ་དང་གླུ་མ། རོལ་དབྱངས་ཆེད་མཁས་པ་དག་གི་ཕུལ་བྱུང་གི་བརྩམས་ཆོས་དྲག་འདེམས་བྱས་ཏེ་ཐོག་མར་སྤྲོད་མགོ་བཙུགས་ཡོད་ཅིང་། རྒྱལ་སྤྱིའི་རོལ་དབྱངས་ཀྱི་གཟེངས་རྟགས་སྐད་གྲགས་ཆེ་གྲས་དང་རྙིང་ཤོས་གྲས་ཤིག་ཡིན་ཁར། ད་ལྟ་རྒྱལ་སྤྱིའི་ནང་སྐད་གྲགས་ཡོད་པའི་གཞས་མ་བྷི་ཡོན་སི་(Beyoncé) དང་། ལེ་ཌི་གྷ་གྷ་ (Lady Gaga)། བྷོ་ནོ་མ་སི་(Bruno Mars)། ཊེ་ལི་སིབ་ཁྲི་(Taylor Swift) སོགས་བཅས་ལའང་ཐོབ་མྱོང་ཡོད་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

ཆུ་ཚོད་ ༧ སྔོན་ལ།
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

ཆུ་ཚོད་ ༨ སྔོན་ལ།
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese