མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྙིང་དབུས་ནས་གསོལ་འདེབས་དང་བསམ་ཚུལ།

བོད་ཀྱི་དུས་བབ།
༢༠༢༥/༡༡/༡༨
Share on FacebookShare on TwitterShare on EmailShare on Whatsapp

ཆབ་མདོ་ངག་ཕུན།

རྩོམ་ཁུངས། བོད་ཀྱི་དུས་བབ།

དེ་རིང་ངས་བརྙན་ཐུང་ནས་བཀའ་བརྒྱུད་བསྟན་པའི་སྲོག་ཤིང་དཔལ་རྒྱལ་བ་ཀརྨ་པ་མཆོག་གི་བཀའ་སློབ་མཇལ་བ་དང་། སེམས་ནང་བཟོད་མ་ཐུབ་པའི་སྐྱོ་སྣང་ཞིག་སྐྱེས་བྱུང་ཞིང་། རྒྱུ་མཚན་ནི། ཐོབ་དང་གོ་ས་ཡོད་ཚད་བློས་བཏང་གནང་ནས་བོད་མི་རིགས་དང་། ཡང་སྒོས་སངས་རྒྱས་བསྟན་པའི་དོན་དུ་ལ་ལུང་དུ་མ་བརྒལ་ནས་དཀའ་སྡུག་ཁག་ལ་གདོང་ལེན་གནང་ནས་བཙན་བྱོལ་དུ་ཕེབས། སྐད་དང་གོམས་གཤིས་མི་གཅིག་པའི་མི་ཡུལ་ལུང་པ་ཕེབས་དུས་ཕྱི་ནང་འགྲོ་སྟངས་སོགས་དཀའ་ངལ་ཁག་ལ་གདོང་ལེན་གནང་དགོས་བྱུང་ཡོད་ལ། དེ་བཞིན་གནས་ཚུལ་གཞན་ཞིག་གི་རྐྱེན་པས་བརྒྱུད་ལམ་ཁག་ཏུ་དངོས་ཡོད་མ་ཡིན་པའི་གནས་ཚུལ་མང་དག་བསྒྲགས་པ་དང་། དེའི་རྒྱུ་རྐྱེན་ལ་བརྟེན་ནས་དཀའ་ངལ་ཁག་ལ་གདོང་ལེན་གནང་དགོས་བྱུང་ཡོད། བདེན་མིན་གྱི་གནས་ཚུལ་གང་འདྲ་ཞིག་སྤེལ་ནའང་བོད་མི་རྣམས་ཀྱིས་ཁྱེད་ནི་བོད་རིགས་ཀྱི་རླབས་ཆེན་གྱི་སྐྱེས་བུ་ཞིག་ལ་ངོས་འཛིན་དང་དད་འདུན་གཡོ་བ་མེད་པ་ཞུ་བཞིན་ཡོད་པ་མ་ཟད། ང་ཚོའི་སྙིང་དབུས་སུ་གནས་པའི་བྱང་ཆུབ་སེམས་དཔའི་རྒྱལ་སྲས་རླབས་པོ་ཆེ་ཞིག་ཀྱང་ཡིན། དུས་ཚོད་ལ་འཕོ་འགྱུར་ག་འདྲ་ཞིག་ཕྱིན་ནའང་ང་ཚོའི་ཁྱེད་ལ་དད་འདུན་ནམ་ཡང་འདོར་སྲིད་ཀྱི་མ་རེད། ༧རྒྱལ་བ་ཀརྨ་པ་མཆོག་ནི་ང་ཚོའི་སྙིང་དབུས་སུ་གནས་པའི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཞིག་ཀྱང་ཡིན།

 རྒྱ་གར་འཕགས་པའི་ཡུལ་དུ་ཕེབས་ཏེ་རིམ་གྱིས་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ་དང་། ཉམས་པ་སོར་ཆུད་ཡོང་ཐབས་སུ་དེང་རབས་འཕྲུལ་རིགས་ཀྱི་འཕོ་འགྱུར་དང་མཐུན་པའི་རྒྱལ་བའི་བཀའ་བསྟན་གཙོས་བོད་ཀྱི་མཁས་པས་མཛད་པའི་གསུང་འབུམ་རྣམས་དད་ལྡན་པ་སུ་འདྲ་ཞིག་གིས་ལྟ་ཀློག་བྱ་འདོད་ཡོད་ན། ལས་སླ་པོའི་ཐོག་ནས་ལྟ་ཀློག་ཐུབ་པའི་མཐུན་རྐྱེན་བསྐྲུན་གནང་མཛད་ཡོད་པས། དེ་ཡང་ཨ་དརྴའམ་ཀུན་གསལ་མེ་ལོང་ལ་དབྱེ་ན། བཀའ་འགྱུར། བསྟན་འགྱུར། གསུང་འབུམ་ཁག གཡུང་དྲུང་བོན་བཅས་སྡེ་ཚན་ཆེན་པོ་བཞི་ཡོད་ཅིང་། དེ་དག་ལས་གང་རུང་ཞིག་འདེམས་ཏེ་འཚོལ་བཤེར་གནང་ཆོག་ཅེས་གསལ་བ་དང་། དེ་བཞིན་སངས་རྒྱས་ཀྱི་ཆོས་ཚན་གང་དུ་ཡོད་པ་འཚོལ་དགོས་ན་སྐར་ཆ་འགའ་ཤས་ནང་བདེ་བླག་ངང་འཚོལ་ཐུབ་ཀྱི་ཡོད། སྔར་དུས་ཡིན་ན་སངས་རྒྱས་ཀྱི་བཀའ་ལུང་ཞིག་བཀའ་བསྟན་ལ་པོད་སུམ་བརྒྱ་བཅུ་གསུམ་ནང་ནས་འཚོལ་དགོས་ན། དཀའ་ངལ་དང་དུས་ཚོད་ག་ཚོད་འགོར་མིན་ནི་བརྗོད་མ་དགོས་པ་ཞིག་རེད། དེང་སྐབས་དེ་ལྟར་མ་དགོས་པར་ལག་ཐོགས་ཁ་པར་ནང་དུ་བརྙན་ཆས་དེ་ཉིད་ཕབ་ལེན་བྱས་ཏེ་སོ་སོས་ཕྱོགས་གང་དུ་ཕྱིན་ན་རང་ཉིད་མཉམ་དུ་འཁྱེར་ནས་དུས་ཚོད་ག་དུས་ཁོམ་པ་བྱུང་ན་ལྟ་ཀློག་བྱེད་ཆོག་པའི་དེ་འདྲའི་སྟབས་བདེ་ཞིག་བསྐྲུན་གནང་མཛད་ཡོད། དེ་སྔོན་བོད་ཀྱི་ལོ་རྒྱུས་ཐོག་ཏུ་བྱུང་མ་མྱོང་མེད་པའི་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ་ལ་ཕན་ཐོགས་རླབས་ཆེན་གྱི་མཛད་པ་འཕྲིན་ལས་དེ་དག་ནི་རིན་ཆེན་གསེར་གྱིས་བྲིས་ནའང་འབྲི་རིན་ཡོད་པའི་མཛད་རྗེས་རླབས་ཆེན་ཞིག་ཡིན་པ་ནི་བརྗོད་ག་ལ་དགོས། ཁྱེད་ཀྱི་བཀའ་དྲིན་དེ་དག་ནི་བོད་རིགས་ཀྱི་ནམ་ཡང་བརྗེད་མི་སྲིད་པར་སེམས་ངོས་སུ་རྡོ་ལ་བྲིས་པའི་རི་མོ་ལྟར་གནས་ངེས་སོ།

བཀའ་དྲིན་དེ་དག་ནི་བོད་མི་རིགས་ཀྱི་ལོ་རྒྱུས་ནང་རྟག་ཏུ་བརྗེད་མི་སྲིད་པའི་མདུན་སྐྱོད་ཀྱི་ལམ་ཆེན་ཞིག་བསྐྲུན་གནང་མཛད་ཡོད་པས། ཁྱེད་ནི་བོད་རིགས་ཀྱི་སྙིང་དབུས་སུ་གནས་པའི་ཉི་ཟླ་ནང་བཞིན་གནས་ཡོད། ལྷག་དོན་དཔལ་རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་བྱེས་ཀྱི་གདན་ས་ཆེན་པོ་འབྲས་ལྗོངས་རུམ་བཏེག་དགོན་པ་ལའང་ཕེབས་མ་ཐུབ་པར་དྷ་སའི་ཉེ་འགྲམ་རྒྱུད་སྟོད་དུ་ལོ་མང་རིང་བཞུགས་ནས་ཕྱི་ནང་གི་དད་ལྡན་པ་དུ་མ་ཞིག་ཆོས་ཀྱི་རེ་འདུན་ཡོངས་སུ་སྐོང་གནང་མཛད། དེ་ཡང་“༸དཔལ་རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་གི་བླ་ན་མེད་པའི་དགོངས་བཞེད་བཞིན་ལྷག་བསམ་ཟོལ་མེད་ཀྱིས་ཐུགས་ཁུར་ཆེ་བཞེས་གནང་སྟེ་འཕྲལ་སེལ་ཆོས་སྤྱོད་གྲོང་ཆོག་ཙམ་གྱིས་ཆོག་པར་འཛིན་པ་སོགས་གུ་དོག་ཕྱོགས་ཞེན་ཅན་གྱི་བསམ་བློ་ལས་ཡོངས་སུ་བརྒལ་ཏེ་མདོ་སྔགས་གཞུང་ཆེན་ཁག་ལ་སློབ་གཉེར་མཐིལ་ཕྱིན་གྱིས་མ་འོངས་པར་བཀའ་བསྟན་ཡུན་རིང་གནས་པར་དེ་འཛིན་གྱི་དགེ་འདུན་པ་རྣམས་སློབ་གཉེར་ཚད་ལྡན་ཡོང་མིན་རག་ལུས་པར་ཡོངས་སུ་མཁྱེན་ནས། སློབ་གཉེར་དོན་དུ་གཉེར་མཁན་གྱི་རང་རིགས་སེར་མོ་བ་རྣམས་ལ་བདག་པོ་གང་ཐུབ་གནང་བཞིན་པ་སོགས་ཕུགས་རྒྱང་རིང་པོས་ཕྱག་ལས་བསམ་བརྗོད་ལས་འདས་པ་གནང་བཞིན་ཡོད་”ཅེས་སོགས་གསལ་བ་དང་། དེ་བཞིན་རྒྱུད་སྟོད་དུ་ག་དུས་མཆོད་མཇལ་དུ་ཕྱིན་པ་ཡིན་ན་དཔལ་རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་བཞུགས་སའི་ཕྱོགས་སུ་དབང་མེད་དུ་ལྟ་ཤོར་བ་དང་། སེམས་ནང་དུ་སྐྱོ་བའི་སྨྲ་མི་ཤེས་པའི་ཚོར་སྣང་ཞིག་སྐྱེ་འོང་འདུག་ཅིང་། སྐབས་རེ་ལས་དབང་ལ་འཁང་ར་བྱེད་དགོས་ཤོར་གྱི་འདུག་ཅིང་། དེ་ནི་ང་རང་གཅིག་པུའི་ཚོར་སྣང་ཞིག་གཏན་ནས་ཡིན་གྱི་མ་རེད་སྙམ་ལ། རང་རེའི་དད་ལྡན་པ་སུ་ཞིག་རྒྱུད་སྟོད་དགོན་པར་མཆོད་མཇལ་དུ་ཕྱིན་པ་ཡིན་ན་ཚོར་སྣང་དེ་ག་རང་ཡོང་གི་ཡོད་པ་ནི་བརྗོད་ག་ལ་དགོས།

དེ་ནས་དཔལ་རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ཕྱིར་རྒྱ་གར་ཕྱོགས་སུ་ཕེབས་འདུན་གྱི་དགོངས་པ་ཡོད་ནའང་ཕྱི་ནང་གི་རྒྱུ་རྐྱེན་དབང་གིས་ད་བར་ཕེབས་ཐུབ་ཀྱི་མེད། དེ་དག་ལ་གོང་འོག་ཚང་མས་དགོངས་པ་བཞེས་དགོས་པའི་དུས་ལ་འབབ་བསམ་ཞིང་། ཁོང་གི་བཀའ་སློབ་ལས། ཕྱི་རྒྱལ་དུ་རྒྱུན་རིང་པོ་བསྡད་པས་དབང་གིས་དུས་ཚོད་འཕྲོག་ལྷག་ཕྱིན་པ། གང་ཡིན་ཟེར་ན་དམིགས་བསལ་དོན་དག་བྱུང་སོང་བསམ་པ་དྲན་གྱི་མི་འདུག་སོགས་དེ་འབྲེལ་གྱི་བཀའ་སློབ་གནང་བ་དང་། ལྷག་དོན་ཨ་རི་ལ་བཞུགས་རིང་ལུས་སེམས་ལ་དཀའ་ངལ་བྱུང་སྐོར་བཀའ་སློབ་སོགས་གོ་ཡོང་དུས་སེམས་ཁམས་གྲང་མོ་འགྱུར་སོང་ལ། ང་ཚོའི་ཅི་ཡི་ཕྱིར་སྐྱེས་ཆེན་ཁོང་ལྟ་བུར་བདག་གཅེས་བྱེད་མི་ཐུབ་པའི་གནད་དོན་གང་ཞིག་ཡིན་སྙམ་ནས་སེམས་ནང་ན་ཟུག་ལངས།  ཡིན་ནའང་ང་ལྟ་བུའི་བོད་མི་རིགས་ཀྱི་གྲལ་མཐར་སྐྱེས་ཤིང་འཚར་ལོངས་བྱུང་བའི་མི་སེར་དཀྱུག་མ་ཞིག་གི་སེམས་ནང་ན་ཟུག་བཏང་བ་ནི་ན་ཟུག་རང་རེད་མ་གཏོགས་གཞན་པའི་ཕན་ཐོགས་ཅི་ཞིག་ཡོད།

དེ་བཞིན་འབྲེལ་ཡོད་རྣམ་པ་ཚོ་ཚང་མར་དོ་འཁུར་གནང་གི་མི་འདུག་གཏན་ནས་བརྗོད་རུང་། ང་ཚོ་གོང་འོག་ཚང་མས་ནུས་ཤུགས་གཅིག་ཏུ་སྤུངས་ནས་དཔལ་རྒྱལ་བ་ཀརྨ་མཆོག་རྒྱ་གར་འཕགས་ཡུལ་དུ་ཕྲལ་དུ་གདན་འདྲེན་ཞུ་ཐུབ་ཐབས་སུ་འབད་བརྩོན་གནང་དགོས་པས་ལས། འབྲེལ་ཡོད་ལ་སྙན་ཞུ་འབུལ་བ་ཙམ་གྱིས་ཉིན་འགྱངས་ཞལ་ཕུད་གནང་བསྡད་ན་གཏན་ནས་འགྲིགས་ཐབས་མི་འདུག་བསམ་གྱི་འདུག་ཅིང་། འབྲེལ་ཡོད་གཞུང་ལ་ཡང་ཡང་ཡིག་ངག་གཉིས་ཐོག་ནས་ཡང་ཡང་ཞུ་གཏུགས་གནང་དགོས་འདུག་བསམ་གྱི་འདུག་ལ། ཡང་ངས་དེ་རྗོད་དུས་འབྲེལ་ཡོད་འགའ་ཤས་ཀྱིས་གཞན་དབང་སྟབས་བསྟུན་དགོས་དུས་བྱ་རྒྱུ་གང་ཡང་མི་འདུག་བསམ་པ་དང་། རྗོད་མཁན་ཡོད་སྲིད་པས། ད་ནི་ངེས་པར་རང་རེའི་འབྲེལ་ཡོད་ཚོས་དཀའ་ངལ་དེ་དག་སེལ་ཐབས་ཀྱི་ལས་དོན་གང་ཞིག་གནང་དགོས་ཀྱི་འདུག་ན་གནང་དགོས་ཀྱི་འདུག་པ་མ་ཟད། དཔལ་རྒྱལ་བ་ཀརྨ་པ་མཆོག་ལ་དད་དམ་གཡོ་བ་མེད་པ་ཡོད་མཁན་གྱི་རྒྱ་ཆེ་མང་ཚོགས་ཀྱང་དོ་སྣང་བྱེད་དགོས་པའི་དུས་ལ་བབ་འདུག་སྙམ་ལ། ཁ་རོག་སྡོད་པའི་དུས་ཚོད་གཅིག་གཏན་ནས་རེད་མི་འདུག་བསམས།

ལྷག་དོན་དབང་ལུང་མན་ངག་ཡོད་པའི་བླ་ཆེན་སྐུ་བགྲེས་དུ་མ་ཞིག་རྒྱ་གར་འཕགས་པའི་ཡུལ་དུ་བཞུགས་ཡོད་པའི་དབང་གིས་དེར་དམིགས་ནས་སྐུ་ངལ་ཚད་མེད་སྐྱོན་གནང་མཛད་ནས་རྒྱ་གར་འཕགས་པའི་ཡུལ་དུ་ཕེབས་གནང་མཛད་ཡོད་ཅིང་། བླ་ཆེན་རྣམ་པའི་སྐུ་མདུན་ནས་གོང་ཞུས་ལྟར་དབང་ལུང་མན་ངག་རྣམས་ཞུ་དགོས་པ་ཡིན་དུས་མགྱོགས་མྱུར་རྒྱ་གར་འཕགས་པའི་ཡུལ་དུ་ཕེབས་ཐུབ་པའི་སྨོན་ལམ་འདེབས་བཞིན་ཡོད། ལྷག་དོན་ནང་པའི་བསླབ་པ་སློབ་གཉེར་གནང་ས་ནི་ཕྱི་རྒྱལ་ལས་རྒྱ་གར་འཕགས་པའི་ཡུལ་དུ་ལེགས་པ་ཡོད་པ་ནི་བརྗོད་མི་དགོས་པ་ཞིག་རེད་ལ། རྒྱུ་མཚན་དེ་དག་ལ་བརྟེན་ནས་ངེས་པར་དུ་དཔལ་རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་རྒྱ་གར་འཕགས་པའི་ཡུལ་དུ་གདན་འདྲེན་ཞུ་ཐུབ་པ་གནང་རོགས་ཞེས་གོང་འོག་ཚང་མར་རེ་སྐུལ་སྙིང་དབུས་ནས་ཞུ་བཞིན་ཡོད། ངས་དེ་དག་རྗོད་དུས་རྣམ་པ་ཚོས་ལས་དོན་གནང་གི་མི་འདུག་གཏན་ནས་རྗོད་ཀྱི་མེད། ཡིན་ནའང་སྔར་ལས་ལྷག་གཅིག་ནུས་ཤུགས་སྟོན་པའི་རེ་སྐུལ་ཁོ་ན་ཡིན། གོང་ཞུས་ལྟར་དཔལ་རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གི་བཀའ་སློབ་དེ་དག་གོ་བ་དང་སེམས་ཀྱི་མ་བཟོད་ནས་འབྲེལ་ཡོད་ཚོར་གསོལ་འདེབས་ཀྱི་ཚུལ་དུ་རེ་སྐུལ་འདི་ཉིད་བྲིས་པ་ཞིག་ཡིན། འོང་ཀྱང་ཞུ་སྟངས་ནོར་བ་ཡོད་ཚེ་འབྲེལ་ཡོད་ཡོངས་ལ་དགོངས་པ་མ་ཚོམས་རོགས་གནང་། འདི་ནི་ངའི་སེམས་གཏིང་ནས་དྲན་པའི་རེ་སྐུལ་ཉག་ཅིག་ཡིན།

སྨྲས་པ།

དཔལ་ལྡན་རྒྱལ་བ་ཀརྨ་པ།།

མགྱོགས་མྱུར་རྒྱ་གར་ཕྱོགས་སུ་ཕེབས།།

གདན་ས་རུབ་བཏེག་དགོན་ཆེན་ལ།།

ཞབས་སོར་བཀའ་དྲིན་འཁོད་པར་སྨོན།།

 

རྟག་ཏུ་གཞན་དོན་མཛད་པ་དང་།།

སྐུ་ཚེ་མཛད་འཕྲིན་རྒྱས་པ་སོགས།།

གངས་ཅན་ལྗོངས་ཀྱི་ལྷ་ཚོགས་རྣམས།།

ཐུགས་རྗེའི་མ་གཡེང་འཕྲིན་ལས་མཛད།།

 

འབྲེལ་ཡོད་གསར་འགྱུར།

(File image) Sikyong Penpa Tsering and Representative Thinlay Chukki with Hon. Michael Brand, Member of the German Parliament and Parliamentary State Secretary to the German Government.
Mobile App

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་བསྒྲགས་གཏམ་སྤེལ། 

སྐར་མ ༨ སྔོན་ལ།
China Steps Up Road Works In Arunachal Area It Controls Since 1959. Photo: Satellite Image 2026 Vantor
Mobile App

རྒྱ་ནག་གཞུང་གིས་བོད་ཧིན་མཐའ་མཚམས་སུ་གཞུང་ལམ་གསར་རྒྱག་བྱས་འདུག 

ཆུ་ཚོད་ ༣ སྔོན་ལ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༡
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༧།༡ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་འཆར་གསར་པར་ཞིབ་དཔྱོད་དགོས་པའི་ནན་སྐུལ།

༢༠༢༦/༠༧/༠༡
Mobile App

མིང་ཚིག་གི་གཡོ་ཁྲམ་འོག་གི་མི་རིགས་རྩ་མེད་ཀྱི་ལྐོག་གཡོ།

༢༠༢༦/༠༦/༣༠
Chinese businessman Guo Wengui, or Miles Guo, in 2018Photo Getty
Mobile App

ཀོ་ཝན་ཀོའུ་ལ་མི་ལོ་སུམ་ཅུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༦/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese