མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་ཡུལ་ག་ཚོད་སྐྱིད་ཀྱང་རང་ཡུལ་ནམ་ཡང་མ་བརྗེད་ཅེས་འབོད་སྐུལ་ཞུས་སོང་།

བོད་ཀྱི་དུས་བབ།
༢༠༢༥/༡༡/༢༠
Share on FacebookShare on TwitterShare on EmailShare on Whatsapp

བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་ཀྱིས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་ནས་བཞུགས་སྒར་དྷ་རམ་ས་ལའི་བར་གྱི་བོད་དོན་རྐང་འཁོར་སྐོར་སྐྱོད་ཐེངས་བདུན་པ་མཇུག་བསྒྲིལ་སོང་།

བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་དྷ་རམ་ས་ལར་འབྱོར། བོད་ཀྱི་དུས་བབ་ཀྱི་པར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་༧སྐུའི་འཁྲུངས་སྐར་དང་བསྟུན། བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་ཀྱིས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་ནས་མགོ་བཙུགས་ཏེ་གདན་ས་ཆེ་ཁག་སེ་འབྲས་དགེ་གསུམ་དང་། རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་བརྒྱུད་བཞུགས་སྒར་དྷ་རམ་ས་ལའི་བར་བོད་དོན་ཐོག་རྐང་འཁོར་སྐོར་སྐྱོད་ཐེངས་བདུན་པ་བྱེད་བཞིན་ཡོད་པ་ལྟར། དེ་རིང་ཕྱི་དྲོའི་ཆུ་ཚོད་ ༥ པ་ཙམ་ལ་འཇམ་དབྱངས་བསྟན་འཛིན་ལགས་བཞུགས་སྒར་དྷ་རམ་ས་ལའི་མེག་ལོར་དུ་འབྱོར་སོང་། སྐབས་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་ས་གཉིས་དང་། བུད་མེད་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ། དེ་བཞིན་དྷ་ས་ཁུལ་གྱི་མི་མང་བཅས་ནས་བསུ་མ་ཞུས་སོང་།

ཐེངས་འདིའི་རྐང་འཁོར་སྐོར་སྐྱོད་ཁྲོད་དཀའ་ངལ་ཆེ་ཤོས་ག་རེ་འཕྲད་ཡོད་མེད་དྲིས་བར་འཇམ་དབྱངས་བསྟན་འཛིན་ལགས་ཀྱིས་འདི་གའི་གསར་འགོད་པར། ད་ལན་གྱི་རྐང་འཁོར་སྐོར་སྐྱོད་ནང་དཀའ་ངལ་མང་པོ་ཞིག་འཕྲད་བྱུང་། མ་ཧཱ་ར་ཤི་ཌི་ར་མངའ་སྡེའི་ཝེ་ནི་ས་ཆ་འབྱོར་སྐབས་ལམ་ཁར་ཆར་ཆུའི་དཀའ་ངལ་གྱིས་གཟུགས་པོར་ན་ཚ་(Typhoid) བྱུང་བ་དང་། རྐང་འཁོར་གྱི་འཁོར་ལོ་འཕྲོ་བརླག་ཕྱིན་པའི་དཀའ་ངལ་སོགས་མང་པོ་ཞིག་མྱངས་སོང་། ཡིན་ནའང་། རང་ཉིད་ཀྱིས་ཐོག་མར་དཀའ་ངལ་ལ་གདོང་ལེན་བྱ་རྒྱུ་ཡིན་པའི་ཁས་ལེན་བྱས་ཡོད་པས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཞལ་བཞུགས་པའི་སྐབས་སུ་རང་ཉིད་ཀྱི་མི་ཚེ་འདིར་བོད་དོན་ཆེད་གང་བྱེད་ཐུབ་པར་འབད་བརྩོན་ཞུ་རྒྱུ་སེམས་པའི་ནང་དུ་ཡོད། ཅེས་འགྲེལ་བརྗོད་གནང་བྱུང་།

མ་འོངས་བར་མུ་མཐུད་བོད་དོན་ལས་འགུལ་སྤེལ་འཆར་ཡོད་མེད་དྲིས་བར་ཁོང་གིས།  མ་འོངས་བར་ཛ་དྲག་གི་གནས་སྟངས་རིགས་བྱུང་ཚེ། བོད་དོན་ལས་འགུལ་སྤེལ་བར་བསམ་བློ་གཏོང་རྒྱུ་ཡིན། ང་ཚོ་ལོ་རྒན་པ་ཁ་ཤས་ཀྱིས་མཉམ་དུ་ལས་འགུལ་སྤེལ་བའི་འཆར་གཞི་ཞིག་ཡོད་ཀྱང་། ལས་འགུལ་དེ་ད་དུང་བསྒྲུབ་ཐུབ་མིན་བརྒྱ་ཆ་བརྒྱ་བཤད་ཐུབ་ཀྱི་མི་འདུག གལ་སྲིད་ལས་འགུལ་དེ་བསྒྲུབ་ཐུབ་པ་བྱུང་བ་ཡིན་ན་སྐབས་དེ་དུས་ཞུ་ངེས་ཡིན། ཞེས་འགྲེལ་བརྗོད་གནང་བྱུང་།

རྐང་འཁོར་སྐོར་སྐྱོད་ཁྲོད་རྒྱ་གར་གྱི་སྤྱི་ཚོགས་ནང་བོད་དོན་ཐོག་རྒྱབ་སྐྱོར་ཡོད་མེད་སྐོར་དྲིས་བར་ཁོང་གིས། རྒྱ་གར་སྤྱི་ཚོགས་ཧ་ཅང་ཆེན་པོ་ཡིན་པས་བོད་པའི་སྐོར་ཤེས་ཀྱི་མེད་པ་མང་པོ་ཆགས་འདུག བསམ་བློ་བཏང་ནས་བོད་དོན་སྐོར་གོ་རྟོགས་སྤེལ་དགོས་པ་ཧ་ཅང་གལ་ཆེན་པོ་ཆགས་འདུག རྒྱ་གར་གྱི་སྤྱི་ཚོགས་ཁྲོད་དུའང་སློབ་སྦྱོང་ཡོད་མཁན་གྱི་གྲས་སུ་བོད་དོན་ཐོག་གོ་རྟོགས་ཡོད་མཁན་གྱིས་རྒྱབ་སྐྱོར་བྱེད་ཀྱི་འདུག སྤྱི་ཚོགས་དྲ་ལམ་ཁག་ཏུ་བོད་དོན་དྲིལ་བསྒྲགས་ཀྱི་ཡིག་ཆ་དག་བརྒྱུད་སྐུར་བྱེད་པ་སོགས་རོགས་པ་མང་པོ་བྱས་སོང་། དེ་དག་བརྒྱུད་ནས་རྒྱ་གར་ནང་གི་བཙན་བྱོལ་བོད་པའི་གནས་སྟངས་ཐོག་གོ་རྟོགས་ཡག་པོ་བྱུང་ཐུབ་ཀྱི་འདུག ཅེས་འགྲེལ་བརྗོད་གནང་བྱུང་། དེ་བཞིན་ཁོང་གིས། མི་ཡུལ་ག་ཚོད་སྐྱིད་ཀྱང་། རང་ཡུལ་ནམ་ཡང་མ་བརྗེད། བོད་མི་རྣམས་ཆིག་སྒྲིལ་གནང་རོགས་ཞེས་འབོད་སྐུལ་གནང་སོང་།

ཁོང་གི་ཐེངས་འདིའི་རྐང་འཁོར་སྐོར་སྐྱོད་ཀྱི་དམིགས་ཡུལ་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐུ་ཚེ་ཧྲིལ་པོར་བོད་བསྟན་སྲིད་མི་རིགས་སླད་སྐུ་ངལ་ཚད་མེད་སྐྱོན་གནང་མཛད་པར་བཀའ་དྲིན་ཆེ་ཞུ་དང༌།ྋསྐུའི་གོ་སྟོན་སྲུང་གཙིར་དམིགས་ཏེ་མཆོད་མཇལ་དང་སྐུ་ཚེ་ཡུན་རིང་བརྟན་ཆེད་སྨོན་ལམ་གསོལ་འདེབས་ཞུ་རྒྱུ།   རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་གི་ཡུལ་མི་རྣམས་ལ་༧གོང་ས་མཆོག་གི་མཛད་པ་འཕྲིན་ལས་དང་། འཕགས་བོད་གཉིས་ཀྱི་འབྲེལ་ལམ། བོད་ནང་གི་ཛ་དྲག་གནས་སྟངས་སོགས་ཀྱི་ཐོག་གོ་རྟོགས་སྤེལ་རྒྱུ། དེ་བཞིན་རྒྱ་གར་གཞུང་དམངས་གཉིས་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་བོད་མིའི་སྒྲིག་འཛུགས་ལ་མཐུན་འགྱུར་རོགས་རམ་ཚད་མཐོ་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་བཅས་ཡིན་འདུག

དེ་བཞིན་ཁོང་གིས་རྐང་འཁོར་སྐོར་སྐྱོད་ཁྲོད་དགོས་འདུན་དོན་ཚན་གསུམ་བཏོན་ཡོད་པའི་ནང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་ནག་དམར་གཞུང་ལ་གནོན་ཤུགས་སྤྲད་དེ་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་མཆོག་གཙོས་ཉེས་མེད་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གང་མགྱོགས་ཀློད་གྲོལ་ཡོང་བའི་རེ་སྐུལ་ཞུ་རྒྱུ་དང་། རྒྱ་གར་གཞུང་དམངས་གཉིས་ཀྱི་རྒྱབ་སྐྱོར་འོག རྒྱ་ནག་དམར་གཞུང་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་གྲོས་མོལ་ཡོང་བར་ཤུགས་སྣོན་རྒྱག་དགོས་པའི་འབོད་སྐུལ། རང་རིགས་གཞོན་སྐྱེས་ཚོ་གཙོ་བྱས་པའི་ཆོལ་གསུམ་བོད་རིགས་སྤུན་ཟླ་རྣམས་ནས་ཆིག་སྒྲིལ་ངང་བོད་ཀྱི་བདེན་པའི་འཐབ་རྩོད་ཐོག་ནུས་པ་མཉམ་སྤུངས་སྔར་ལྷག་དགོས་པའི་རེ་སྐུལ་བཅས་ཞུས་འདུག

རང་ལོ་ ༦༥ ཡིན་པའི་བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་ནི་རྡེ་ར་ལྡུན་ནས་ཡིན་པ་དང་།  ཕ་དམ་པའི་རེ་བ་ལྟར་བོད་སྤྱི་པའི་རྩ་དོན་ཆེད་ཧུར་ཐག་གནང་མཁན་ཞིག་ཡིན་འདུག་ལ། དེ་སྔོན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་བའི་བོད་ཀྱི་ས་མཚམས་བར་དུ་སྦག་སྦག་བཞོན་ནས་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་ནང་དུའང་མཉམ་ཞུགས་བྱས་མྱོང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༢༣ ལོའི་ཟླ་ ༡༠ ནང་ང་ཚོས་བོད་ནམ་ཡང་མ་བརྗེད་ཅེས་པའི་འབོད་ཚིག་འོག བཞུགས་སྒར་དྷ་རམ་ས་ལའི་མེག་གྷན་ཁྲོམ་གཞུང་ནས་རྡོ་རྗེ་གདན་བར་དུ་སྤྱི་ལེ་ ༣༠༠༠ རྐང་འཁོར་སྐོར་སྐྱོད་ཀྱི་ཞི་བའི་ལས་འགུལ་ཐེངས་དང་པོ་སྤེལ་ཡོད་པ་དང་། ལོ་དེའི་ཕྱི་ཟླ་ ༡༢ པའི་ནང་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་སྦེལ་ཀོབ་གཞིས་ཆགས་ནས་ཨུ་ཊར་ཁན་མངའ་སྡེའི་རྡེ་ར་ལྡུན་བདེ་སྐྱིད་གླིང་བར་སྤྱི་ལེ་ ༣༠༠༠ རྐང་འཁོར་སྐོར་སྐྱོད་ཐེངས་གཉིས་པ་སྤེལ། ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༣ པའི་ནང་རྡེ་ར་ལྡུན་བདེ་སྐྱིད་གླིང་ནས་ལྡི་ལི་བར་སྤྱི་ལེ་ ༢༥༠ རྐང་འཁོར་སྐོར་སྐྱོད་ཐེངས་གསུམ་པ་དང་། ཕྱི་ལོ་ ༢༠༢༤  ལོའི་ཟླ་ ༥ པའི་ནང་ལ་དྭགས་མཁར་གདོང་ལ་ནས་དྷ་རམ་ས་ལའི་བར་སྤྱི་ལེ་ ༨༠༠ རྐང་འཁོར་སྐོར་སྐྱོད་ཀྱིས་ལས་འགུལ་ཐེངས་བཞི་བ་སྤེལ། དེ་བཞིན་ཕྱི་ལོ་ ༡༩༨༧ ཟླ་ ༩ ཚེས་ ༢༧ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་མི་རབས་གསར་པས་སྣེ་ཁྲིད་དེ་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་གྱི་རྔམ་སྟོན་ཁྲོམ་སྐོར་བྱས་ཏེ་མི་ལོ་ཧྲིལ་པོ་ ༣༧ འཁོར་བའི་དུས་དྲན་དང་སྟབས་བསྟུན། ཨ་རུ་ན་ཅལ་མངའ་སྡེའི་མོན་རྟ་དབང་གི་༧རྒྱལ་དབང་ཚངས་དབྱངས་རྒྱ་མཚོའི་འཁྲུངས་ཡུལ་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཇན་ཏར་མན་ཏར་བར་སྤྱི་ལེ་ ༣༩༠༠ རྐང་འཁོར་སྐོར་སྐྱོད་ཀྱི་ཞི་བའི་ལས་འགུལ་ཐེངས་ལྔ་པ། དེ་བཞིན་རྒྱ་གར་བྱང་ཕྱོགས་རྡེ་ར་ལྡུན་ནས་མགོ་བཙུགས་ཏེ་སིམ་ལ་ནས་མ་ནཱ་ལི་བར་དང་། དྷ་རམ་ས་ལ་ནས་ལྡི་ལིའི་བར་དུ་སྤྱི་ལེ་ ༡༥༠༠ བོད་དོན་རྐང་འཁོར་སྐོར་སྐྱོད་ཐེངས་དྲུག་པ་བཅས་གནང་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥
སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་།

༢༠༢༦/༠༦/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese