མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཕགས་བོད་ས་མཚམས་སུ་བུད་མེད་ཀྱི་དམག་དཔུང་ས་ཚིགས་གསར་འཛུགས་གནང་།

བོད་ཀྱི་དུས་བབ།
༢༠༢༥/༡༡/༢༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གཞུང་གིས་འཕགས་བོད་ས་མཚམས་སུ་བུད་མེད་ཁོ་ན་ལས་གྲུབ་པའི་དམག་དཔུང་ས་ཚིགས་ ༡༠ གསར་འཛུགས་གནང་བཞིན་ཡོད་འདུག

Indo-Tibetan Border Police (ITBP) personnel show skills during the police force’s 64th Raising Day, in Udhampur, Jammu and Kashmir, on November 22, 2025 | Photo Credit: PTI

ཁ་སང་ཕྱི་ཚེས་ ༢༣ ཉིན་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་གར་གྱི་འཕགས་བོད་ས་མཚམས་ཉེན་རྟོག་པས་ས་མཚམས་ཁུལ་དུ་བུད་མེད་ཁོ་ན་ལས་གྲུབ་པའི་དམག་དཔུང་ས་ཚིགས་བཅུ་གསར་འཛུགས་གནང་གི་ཡོད་འདུག་ལ། ད་ལྟའི་ཆར་ལ་དྭགས་ལུ་ཁུང་ (Lukung) དང་། ཧི་མ་ཅལ་མངའ་སྡེའི་ཐང་གི་ (Thangi) མཐའ་མཚམས་སུ་བུད་མེད་ཁོ་ན་ལས་གྲུབ་པའི་དམག་དཔུང་ས་ཚིགས་གཉིས་འཛུགས་སྐྲུན་གནང་བཞིན་ཡོད་འདུག དམག་དོན་ལས་གཞི་དེ་ནི་བུད་མེད་དམག་དཔུང་གི་ལས་འགན་དང་ནུས་སྟོབས་གོང་འཕེལ་དུ་གཏོང་བར་དམིགས་པ་ཞིག་ཡིན་འདུག

དེ་འབྲེལ་འཕགས་བོད་མཐའ་མཚམས་ཉེན་རྟོག་པའི་འགན་འཛིན་གཞོན་པ་ཀུ་མར་ (Praveen Kumar) ལགས་ཀྱིས། བུད་མེད་དམག་མིའི་ལས་འགན་ཡར་རྒྱས་གཏོང་སླད། བུད་མེད་ཁོ་ན་ལས་གྲུབ་པའི་ས་མཚམས་དམག་དཔུང་ས་ཚིགས་བཅུ་འཛུགས་རྒྱུ་ཡིན་པ་དང་། ད་བར་མཐའ་མཚམས་ཁུལ་དུ་དམག་དཔུང་ས་ཚིགས་ ༢༡༥ གསར་འཛུགས་གནང་ཟིན་པ་དང་། དམག་དཔུང་ས་ཚིགས་གསར་འཛུགས་བྱས་པ་ལ་བརྟེན་ནས་ཡུལ་དེའི་ས་མཚམས་སྲུང་སྐྱོབ་དང་། ས་མཚམས་སུ་རྟོག་ཞིབ་དང་དོ་དམ་བྱེད་པའི་ནུས་པ་ཆེ་རུ་ཕྱིན་པ་སོགས་དམག་དོན་ནུས་པ་རྒྱ་སྐྱེད་གཏོང་བར་ཕན་ཐོགས་བྱུང་ཡོད་སྐོར་དང་། ས་མཚམས་སྲུང་སྐྱོབ་ཀྱི་ཆེད་དུ་དམག་མི་རྣམས་ལ་དམག་སྦྱོང་སྤྲོད་བཞིན་ཡོད་པ་དང་། ས་མཚམས་ཁུལ་གྱི་བདེ་འཇགས་དང་། མཐུན་སྦྱོར་སྔར་ལྷག་ཡར་རྒྱས་གཏོང་སླད། རྒྱ་དཀར་ནག་གི་མཐའ་མཚམས་ས་ཐིག་ཏུ་དམག་སྒར་ ༤༡ གསར་འཛུགས་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

རྒྱ་ནག་གཞུང་གིས་འཕགས་བོད་མཐའ་མཚམས་ས་ཐིག་དང་ཆེས་ཁ་ཐག་ཉེ་བའི་མོན་རྟ་དབང་དང་། འབྲས་ལྗོངས། ལ་དྭགས། ཨུ་ཊར་ཁན་ཌི་མངའ་སྡེ་བཅས་ཀྱི་འཕགས་བོད་གཉིས་ཀྱི་མཐའ་མཚམས་ཉེ་ཁུལ་དུ་མཁའ་དམག་དང་། སྐམ་དམག་གི་རྟེན་གཞི། དེ་བཞིན་དྲག་ཆས་གསོག་འཇོག་བྱེད་བཞིན་པའི་གནས་ཚུལ་བསྟུད་མར་ཐོན་བཞིན་ཡོད་ལ། རྒྱ་ནག་གཞུང་གིས་རྒྱ་གར་བྱང་ཤར་གྱི་འཕགས་བོད་མཐའ་མཚམས་ཀྱི་ཉེ་ཁུལ་བོད་ལྷུན་རྩེ་རྫོང་ཁོངས་སུ་མཁའ་དམག་གི་གནམ་གྲུ་འཇོག་སའི་ལྕགས་ཁེབས་ཅན་གྱི་ཁང་པ་མང་པོ་ཞིག་དང་། སྡོད་ཁང་གསར་པ། གནམ་གྲུ་འཇོག་སའི་མདུན་གྱི་རྡོ་ཅལ་སོགས་གསར་རྒྱག་བྱས་ཟིན་ཡོད་པ་ཤེས་རྟོགས་བྱུང་འདུག་ལ། རྒྱ་ནག་གིས་བོད་དིང་རི་དང་། ལྷུན་རྩེ། སྤུ་ཧྲེང་རྫོང་སོགས་སུ་མཁའ་དམག་གི་རྟེན་གཞི་བསྐྲུན་པ་ནི། འཕགས་བོད་མཐའ་མཚམས་ཁག་དང་ཧ་ཅང་ཁ་ཐག་ཉེ་སྟབས། རྒྱ་ནག་གིས་མཐའ་མཚམས་ཁུལ་དུ་མཁའ་དམག་གི་རྟེན་གཞི་རྒྱ་སྐྱེད་དང་འཆར་གཞི་དམིགས་བསལ་ཞིག་སྒྲིག་བཞིན་ཡོད་པའི་ཚོད་དཔག་བྱེད་ཀྱིན་འདུགགཞན་ཡང་། རྒྱ་ནག་གཞུང་གིས་མཚོ་ངོས་ནས་མཐོ་ཚད་རྨི་ ༡༤༡༠༠ ལྷག་ཡོད་པའི་བོད་མངའ་རིས་སེངྒེ་ཁ་འབབ་གྲོང་རྡལ་ (Shiquanhe) གྱི་ལྷོ་ཤར་རྒྱུད་ཀྱི་སྤྱི་ལེ་ ༡༠ ལྷག་གི་མཚམས་སུ། མི་མེད་དམག་དོན་མཁའ་གྲུ་ (unmanned aerial vehicle ) ཡི་ས་ཚིགས་ཤིག་ཆེད་འཛུགས་བྱས་ཡོད་པ་ཤེས་རྟོགས་བྱུང་ཡོད་ཅིང་། རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ་ ༩ ཚེས་ ༢༨ ཉིན་མི་མེད་དམག་དོན་མཁའ་གྲུ་ཚོད་ལྟའི་ས་ཚིགས་དེ་སྒོ་འབྱེད་དང་། རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ཟེར་བའི་ཉིན་ཆེད་དུ་ཡུལ་དངོས་ནས་མི་མེད་དམག་དོན་མཁའ་གྲུ་ཆེད་གཏོང་བགྱིས་ནས་ཚོད་ལྟ་བྱས་འདུག

རྒྱ་གར་གཞུང་གིས་ལ་དྭགས་དང་ཨ་རུ་ན་ཅལ་སོགས་འཕགས་བོད་མཐའ་མཚམས་ཁུལ་དུ་མཁའ་དམག་གི་གནམ་གྲུ་འཇོག་ས་དང་། སྡོད་ཁང་གསར་པ་སོགས་འཛུགས་སྐྲུན་བྱས་ཏེ་ཁ་གཏད་གཅོག་ཐབས་བྱེད་བཞིན་འདུག་འ། རྒྱ་གར་གཞུང་གིས་ལ་དྭགས་སུ་དམག་དོན་ནུས་པ་རྒྱ་སྐྱེད་གཏོང་བཞིན་ཡོད་པ་དང་བསྟུན། ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་ལ་དྭགས་ཀྱི་ནུ་མ་ཁུལ་དུ་མཁའ་དམག་གི་རྟེན་གཞི་ཞིག་གསར་དུ་སྒོ་ཕྱེས་ཡོད་འདུག་ལ། མཁའ་དམག་གི་རྟེན་གཞི་དེ་ནི་མཐོ་ཚད་ཧྥི་ཊི་ ༡༣,༧༠༠ ལ་ཆགས་ཡོད་པ་མ་ཟད། རྒྱ་གར་གྱི་མཁའ་དམག་གི་རྟེན་གཞི་མཐོ་ཤོས་ཤིག་ཡིན་འདུག དེ་བཞིན་ཨ་རུ་ན་ཅལ་གྱི་མེ་ཆུ་ཁ་ (Mechuka) རུ་ཡོད་པའི་དམག་སྒར་དུ་ཕྱི་ལོ་ ༢༠༡༥ ལོར་མཁའ་དམག་རྟེན་གཞི་བཙུགས་ཏེ་དམག་མི་འབོར་ཆེན་བསྡུས་ཏེ་སྦྱོང་བརྡར་སྤྲོད་བཞིན་འདུག ལ་དྭགས་སུ་མཁའ་དམག་གི་རྟེན་གཞི་ཞིག་གསར་འཛུགས་བྱས་པ་དེས་སྤང་གོང་མཚོ་དང་། བདེ་མཆོག་ (Demchok) སོགས་ལ་དྭགས་ཀྱི་ཤར་ཕྱོགས་ཁུལ་དུ་དམག་མི་དང་། གོ་མཚོན། མཁོ་ཆས་སོགས་གང་མགྱོགས་སྐྱེལ་འདྲེན་དང་། དམག་དོན་ནུས་པ་རྒྱ་སྐྱེད་གཏོང་བར་ཕན་ཐོགས་ཆེན་པོ་ཡོང་རྒྱུར་དམིགས་པ་ཞིག་ཡིན་པ་མ་ཟད། རྒྱ་གར་གཞུང་གིས་ལ་དྭགས་ཀྱི་གླེ་དང་། དཀར་འཁྱིལ། ནུ་མ་སོགས་དང་། ཨ་རུ་ན་ཅལ་མངའ་སྡེའི་ནང་པ་སི་གྷ་ཌི་ (Pasighat) དང་། མེ་ཆུ་ཁ། ཊུ་ཊིང་། ཝ་ལུང་སོགས་སུ་མཁའ་དམག་གི་རྟེན་གཞི་གསར་འཛུགས་བྱས་ཡོད་འདུག

འདི་ལོའི་ཕྱི་ཟླ ༧ ནང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་རྒྱ་གར་གྱི་ཤར་ཨེ་ཤ་ཡའི་ཟུང་དྲུང་སྐུ་ཞབས་གྷ་རན་གྷ་ལལ་དྷ་སི་(Gourangalal Das) ལགས་ཀྱིས་སྣེ་འཁྲིད་པའི་རྒྱ་གར་གྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས། རྒྱ་ནག་མཐའ་མཚམས་དང་མཚོ་ཁུལ་གྱི་གནད་དོན་ལས་ཁུངས་ (Boundary and Oceanic Affairs Department)  ཀྱི་འགན་འཛིན་ཧོང་ལིང་(Hong Liang) ཟེར་བས་མགོ་ཁྲིད་པའི་རྒྱ་ནག་གི་ཚོགས་ཆུང་དང་ཐུག་འཕྲད་གནང་སྟེ། རྒྱ་ནག་དཀར་ནག་གཉིས་ཀྱིས་འཕགས་བོད་མཐའ་མཚམས་ཁུལ་དུ་འཛུགས་སྐྲུན་དང་མཉམ་ལས་བྱེད་ཕྱོགས་ཀྱི་སྐོར་ལ་གྲོས་མོལ་གནང་ཡོད་ལ། རྒྱ་གར་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱིས་དེ་འབྲེལ་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ཕྱོགས་གཉིས་ཀྱི་སྐུ་ཚབ་ཚོགས་ཆུང་གིས་འཕགས་བོད་མཐའ་མཚམས་ཁུལ་དུ་ཞི་བདེ་བརྟན་བརླིང་དང་། ཕྱོགས་གཉིས་ཀྱི་འབྲེལ་ལམ་དེ་རྒྱུན་ལྡན་བཞིན་ཡོང་རྒྱུའི་ཐད་ལ་གླེང་སློང་གནང་ཡོད་པ་མ་ཟད། མཐའ་མཚམས་ཁུལ་དུ་ཚོང་དོན་ཚུད་པའི་མཉམ་ལས་དང་། འདི་ལོའི་ལོའི་མཇུག་ཏུ་སླར་ཡང་རྒྱ་དཀར་ནག་གཉིས་ཀྱི་མཐའ་མཚམས་ཁུལ་གྱི་གནད་དོན་དང་འབྲེལ་བའི་སྐུ་ཚབ་ཚོགས་ཆུང་གི་ཚོགས་འདུ་ཞིག་རྒྱ་གར་དུ་འཚོག་འཆར་ཡོད་སྐོར་སོགས་བསྒྲགས་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞབས་སོར་བདེ་བར་བཀོད། ༢༠༢༦།༡༢།༡༢ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞབས་སོར་བདེ་བར་འཁོད།

༢༠༢༥/༡༢/༡༢
བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱ་ཕྱོགས་ཐད་ཐེ་ཇུས་དང་འགན་དབང་ཡོད་སྐོར་བརྗོད་བཞིིན་པར་མཐའ་གཅིག་ཏུ་འགག་པ་ཡོད་པའི་བསྒྲགས་གཏམ་སྤེལ། ༢༠༢༥།༡༢།༡༢ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་ལ་ཐེ་ཇུས་བྱེད་བཞིན་པར་ངོ་རྒོལ་ཡོད།

༢༠༢༥/༡༢/༡༢
The Panchen Lama (right) says reincarnated living Buddhas must be identified within China and approved by the central government. Photo: Handout
Mobile App

རྒྱལ་མཚན་ནོར་བུས་རྒྱ་གཞུང་གི་ཆོག་མཆན་འོག་ནས་ཡང་སྲིད་འཚོལ་དགོས་པ་བསྐྱར་ཟློས་བྱས།

༢༠༢༥/༡༢/༡༡
TT
Mobile App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཞབས་སོར་བདེ་བར་འཁོད།

༢༠༢༥/༡༢/༡༡
tibettimes
Mobile App

༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༦ འཁོར་བའི་དུས་དྲན་སྲུང་གཙི་ཞུས་སོང་།

༢༠༢༥/༡༢/༡༠
བོད་མི་གཉིས་ཀྱིས་རྒྱ་གར་རྒྱལ་ཡོངས་སུ་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་མགོ་བཙུགས། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༥།༡༢།༡༠
Mobile App

རྒྱ་གར་རྒྱལ་ཡོངས་སུ་ཟླ་གསུམ་རིང་སྦག་སྦག་སྐོར་སྐྱོད་ཀྱི་བོད་དོན་ལས་འགུལ་སྤེལ་མགོ་བཙུགས་སོང་། 

༢༠༢༥/༡༢/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese