མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༸གོང་ས་མཆོག་ནས་ཁཱལ་མུག་གི་སྲིད་འཛིན་ཟུར་པར་མཇལ་ཁ་སྩལ།

བོད་ཀྱི་དུས་བབ།
༢༠༢༥/༡༡/༢༥
Share on FacebookShare on TwitterShare on EmailShare on Whatsapp

ཁཱལ་མུག་གི་སྲིད་འཛིན་ཟུར་པ་ཁེར་སིན་ནེ་ཁོ་ལྭ་ཡེ་ཝེག་མཆོག་གིས་ཕྱི་ལོ་ ༢༠༠༤ ལོར་༧གོང་ས་མཆོག་ཁཱལ་མུག་སྤྱི་མཐུན་རྒྱལ་ཁབ་ནང་དུ་ཆིབས་སྒྱུར་བསྐྱངས་པ་ནི་སྤོབས་པ་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་བྱུང་།

ཁལ་མུག་སྲིད་འཛིན་ཟུར་པ་ཁེར་སིན་ནེ་མཆོག་དང་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་རྣམ་གཉིས། ༢༠༢༥/༡༡/༡༥ དུས་བབ་ཀྱི་པར།

དེ་རིང་ཕྱི་ཚེས་ ༢༥ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཁཱལ་མུག་གི་སྲིད་འཛིན་ཟུར་པ་ཁེར་སིན་ནེ་ཁོ་ལྭ་ཡེ་ཝེག་(Kirsan Nikolayevich llyumzhinov)  མཆོག་དང་། རུ་སོག་དོན་གཅོད་ཏི་ལོ་རིན་པོ་ཆེ་མཆོག དེ་བཞིན་སོག་ཡུལ་གྱི་དད་ལྡན་སེར་སྐྱ་མི་མང་ ༢༥༠ ལྷག་ལ་མཇལ་ཁ་སྩལ་ཡོད་འདུག

མཇལ་ཁའི་སྐོར་ལ་ཁཱལ་མུག་གི་སྲིད་འཛིན་ཟུར་བ་ཁེར་སིན་ནེ་ཁོ་ལྭ་ཡེ་ཝེག་མཆོག་གིས་འདི་གའི་གསར་འགོད་པར། ཕྱི་ལོ་ ༢༠༠༤ ཟླ་ ༡༢ ནང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཁཱལ་མུག་སྤྱི་མཐུན་རྒྱལ་ཁབ་ནང་ཆིབས་བསྒྱུར་བསྐྱངས་པ་རེད། སྐབས་དེར་༧གོང་ས་མཆོག་ནས་ཐོག་མར་ནང་པའི་མཆོད་རྟེན་གྱི་རྨང་རྡོ་བཞེངས་པ་རེད། ད་ལྟ་མཆོད་རྟེན་གྱི་བཀོད་པ་ཡོངས་རྫོགས་ལེགས་གྲུབ་བྱུང་ཡོད། དེ་རིང་ངས་ནང་པའི་མཆོད་རྟེན་གྱི་པར་༧གོང་ས་མཆོག་ལ་ཕུལ་བ་ཡིན། ༧གོང་ས་མཆོག་ནས་ཀྱང་མཆོད་རྟེན་གྱི་རྨང་རྡོ་བཞེངས་པ་དྲན་པ་སོས་ཀྱི་འདུག ནང་པའི་མཆོད་རྟེན་དེ་ནི་ཁཱལ་མུག་སྤྱི་མཐུན་རྒྱལ་ཁབ་ནང་གི་ནང་པའི་ཆོས་ལུགས་བསྟི་གནས་ཁང་ཞིག་ཆགས་ཡོད། དེ་བཞིན་དེ་རིང་ཨུ་རུ་སུའི་ནང་༧གོང་ས་མཆོག་དང་ནང་པའི་ཕྱག་དེབ་ཁག་པར་སྐྲུན་རོགས་རམ་བྱེད་མཁན་ཚོང་པ་(Iger makarov) ལགས་ཀྱིས་ཀྱང་མཇལ་བཅར་ཞུས་ཡོད། ང་ཚོ་ཚང་མས་༧གོང་ས་མཆོག་གི་སྐུ་ཚེ་བརྟན་པའི་སྨོན་ལམ་ཞུས་ཡོད། ཅེས་འགྲེལ་བརྗོད་གནང་བྱུང་།

ཡང་ཁོང་གིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ངས་ཐེངས་མང་པོར་མཇལ་བཅར་ཞུས་ཡོད། ཕྱི་ལོ་ ༡༩༩༣ ལོར་ང་རང་ཁཱལ་མུག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ལ་འོས་འདེམས་བྱུང་བ་རེད། དེ་དུས་གཞུང་འབྲེལ་ཐོག་ནས་དྷ་རམ་ས་ལར་༧གོང་ས་མཆོག་ལ་མཇལ་བཅར་ཞུ་རུ་ཡོང་མྱོང་ཡོད་ལ། ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ནས་ཀྱང་མཇལ་བཅར་ཞུས་མྱོང་། ཕྱི་ལོ་ ༢༠༠༤ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཁཱལ་མུག་སྤྱི་མཐུན་རྒྱལ་ཁབ་ནང་དུ་ཆིབས་སྒྱུར་བསྐྱངས་ཏེ། ཁེལ་མེག་གི་མི་མང་སྟོང་ཕྲག་མང་པོར་བཀའ་སློབ་སྩལ་ཡོད། དེ་ནི་ངའི་སེམས་པའི་ནང་སྤོབས་པ་སྐྱེས་པ་ཞིག་རེད། ཏོག་དབྱིབས་གཉན་རིམས་ཀྱི་སྔོན་ལ་ངས་༧གོང་ས་མཆོག་ལ་མཇལ་བཅར་ཞུས་པ་ཡིན། སྐབས་དེར་༧གོང་ས་མཆོག་ནས་བོད་དང་ཨུ་རུ་སུའི་ཁོངས་སུ་ཡོད་པའི་ཁཱལ་མུག་དང་ཐུ་ཝ། བྷོ་རི་ཡ་བཅས་ཀྱི་འབྲེལ་ལམ་སྐོར་ནས་བཀའ་སློབ་མང་པོ་གནང་བྱུང་། ཞེས་འགྲེལ་བརྗོད་གནང་བྱུང་།

མཇལ་ཁའི་སྐོར་ལ་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས་འདི་གའི་གསར་འགོད་པར། སོག་པོ་མི་མང་ཐུན་མོང་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར། སང་ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་གཏན་ཁེལ་ཡོད་པས། བརྟན་བཞུགས་ཐོག་སོག་པོ་ནས་མི་མང་ ༥༠༠ ལྷག་ཕེབས་ཡོད་ཅིང་། དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སོག་པོ་མི་མང་གྲངས་ ༢༥༠ ལྷག་ལ་མཇལ་ཁ་སྩལ་ཡོད། སྤྱིར་བཏང་ཐེངས་འདིའི་བརྟན་བཞུགས་གོ་སྒྲིག་ཞུ་མཁན་ཚོགས་པ་ཁ་ཤས་ཡོད་ཀྱང་། ཚོགས་པའི་མིང་འཁྱེར་གྱི་མེད། སོག་པོ་མི་མང་ཐུན་མོང་གི་རྣམ་པའི་ཐོག་ནས་བརྟན་བཞུགས་འབུལ་གྱི་ཡོད། བརྟན་བཞུགས་འབུལ་མཁན་མང་པོ་ཡོད་པས། ཚོགས་པའི་མིང་གལ་ཆེན་པོ་བརྩི་བཞིན་འདུག ང་ཚོས་ཚོགས་པའི་མིང་ཆེན་པོ་གནང་གི་མི་འདུག སོག་པོ་ཟེར་དུས་སོག་པོའི་རྒྱལ་ཁབ་གཅིག་པོར་དགོངས་པ་བཞེས་རྒྱུ་ཡོད་པ་མ་རེད། དེ་རིང་འདིར་ཨུ་རུ་སུའི་ཁྱབ་ཁོངས་ཀྱི་ཁེལ་མེག་དང་ཐུ་ཝ། བྷོ་རི་ཡ་བཅས་ཀྱི་སོག་རིགས་མཉམ་ཞུགས་གནང་གི་ཡོད་པ་རེད། དེ་རིང་འདིར་ཁཱལ་མུག་གི་དགེ་བཤེས་ལྷ་རམས་པ་ཐོན་པ་བྱུང་ཡོད། ཕལ་ཆེར་ལོ་ ༨༣ རྗེས་སུ་དགེ་བཤེས་ལྷ་རམས་ཐོན་པ་རེད། འདི་ནི་ང་ཚོས་དགའ་བསུ་ཞུ་དགོས་པ་ཞིག་ཆགས་ཀྱི་ཡོད། ཅེས་འགྲེལ་བརྗོད་གནང་བྱུང་།

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

ང་ཚོས་ད་ལྟ་སུ་ཡི་ལོ་རྒྱུས་ཉར་ཚགས་བྱེད་བཞིན་ཡོད།

ཆུ་ཚོད་ ༡༢ སྔོན་ལ།
རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

༢༠༢༦/༡༠/༡༧
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥
Mobile App

རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

༢༠༢༦/༡༠/༡༥
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༦/༡༠/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese