མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

 བོད་དཔེ་རུ་བླངས་ཏེ་རྒྱ་ནག་ལ་འགོག་རྒོལ་དགོས་པའི་འབོད་སྐུལ་གནང་།

བོད་ཀྱི་དུས་བབ།
༢༠༢༥/༡༢/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཐའེ་ཝན་གྱི་སྲིད་འཛིན་ལེ་ཆིན་ཏི་མཆོག་གིས་བོད་དང་ཅེག་རྒྱལ་ཁབ་ཀྱི་ལོ་རྒྱུས་དཔེར་དྲངས་ཏེ་ཐའེ་ཝན་གཞུང་མང་གཉིས་ཀྱིས་ཆོད་སེམས་བརྟན་པོའི་ཐོག་ནས་རྒྱ་ནག་གི་བཙན་འཛུལ་འགོག་རྒོལ་བྱ་རྒྱུ་ཡིན་སྐོར་གསུངས།

ཐའེ་ཝན་གྱི་སྲིད་འཛིན་ལིས་ཆིན་ཏི་མཆོག་གིས་ཐའེ་ཝན་རྒྱལ་ཁབ་བདེ་འཇགས་མཐོ་རིམ་གྲོས་ཚོགས་ཐོག་གསུང་བཤད་གནང་།(Photo/FTV News)

ཕྱི་ཟླ་ ༡༡ ཚེས་ ༢༦ ཉིན་ཐའེ་ཝན་རྒྱལ་ཁབ་ཀྱི་བདེ་འཇགས་མཐོ་རིམ་གྲོས་ཚོགས་འཚོགས་ཡོད་ཅིང་། ཚོགས་ཐོག་ཏུ་ཐའེ་ཝན་སྲིད་འཛིན་ལེ་ཆིན་ཏི་མཆོག་གིས་ཐའེ་ཝན་གྱི་དམངས་གཙོ་སྲུང་སྐྱོབ་བྱེད་པའི་འཆར་གཞིའི་སྐོར་ངོ་སྤྲོད་གནང་སྟེ། རྒྱ་ནག་གིས་ཐའེ་ཝན་དང་ཞི་བདེ་རྒྱ་མཚོའི་ཁུལ་ལ་འཇིགས་སྐུལ་ཇེ་ཆེར་འགྲོ་བཞིན་པའི་གནད་དོན་ལ་གདོང་ལེན་བྱ་ཆེད།  རྒྱལ་སྲུང་གི་ནུས་པ་གོང་མཐོར་གཏོང་བར་མ་དངུལ་ཨ་སྒོར་ཐེར་འབུམ་ ༤༠༠ གཏང་འཆར་ཡོད་པ་དང་། རྒྱ་ནག་གིས་ཐའེ་ཝན་ནང་བཙན་འཛུལ་བྱེད་པར་འགོག་རྒོལ་གྱི་ཆོད་སེམས་བརྟན་པོ་ཡོད་སྐོར་གསུངས་འདུག

སྐབས་དེར་སྲིད་འཛིན་ལེ་ཆིན་ཏི་མཆོག་གིས། པེ་ཅིང་སྲིད་གཞུང་གིས་ཐའེ་ཝན་དམངས་གཙོ་རྒྱལ་ཁབ་འདི་ཉིད་རྒྱ་ནག་གི་ཐའེ་ཝན་དུ་བསྒྱུར་བའི་འབད་བརྩོན་བྱེད་བཞིན་ཡོད་པ་དེས། ཐའེ་ཝན་རྒྱལ་ཁབ་ཀྱི་བདེ་འཇགས་དང་རང་དབང་དམངས་གཙོ་ལ་ཉེན་ཁ་ཚབས་ཆེན་བཟོས་ཡོད། ང་ཚོས་ཐའེ་ཝན་དམངས་གཙོ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་པར་འཆར་གཞི་གཏན་འབེབ་བྱས་ཏེ། དེར་འོས་འཚམ་གྱི་ཐབས་ཇུས་སུ་བེད་སྤྱོད་བྱ་རྒྱུ་ཡིན། རྒྱལ་སྤྱིའི་ཐོག་ནས་དོ་སྣང་བྱེད་བཞིན་ཡོད་པ་ལྟར།  རྒྱ་ནག་གིས་ཐའེ་ཝན་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་ལ་འཇིགས་སྐུལ་བྱེད་ཤུགས་ཆེ་རུ་འགྲོ་བཞིན་ཡོད། ཉེ་ཆར་ཉི་ཧོང་དང་། ཧྥི་ལི་ཕིན། ཐའེ་ཝན་མཚོ་འགག་གི་ཉེ་འཁོར་དུ་དམག་དོན་དང་མཚོ་ཁུལ་གྱི་ཐབས་ཇུས་བཅས་ཀྱི་ཐོག་གནས་ཚུལ་རྫུན་བཟོ་བྱས་པ་སོགས་དཀའ་ངལ་ཆེན་པོ་བཟོས་ཡོད་པ་མ་ཟད། པེ་ཅིང་སྲིད་གཞུང་གིས་ཕྱི་ལོ་ ༢༠༢༧ ལོའི་ཐའེ་ཝན་དམག་དོན་གྲ་སྒྲིག་ཡོངས་སུ་འགྲུབ་སྟེ། དམག་ཤུགས་ཀྱི་ཐོག་ནས་མགྱོགས་པོར་བཙན་འཛུལ་བྱེད་པའི་དམིགས་ཡུལ་བཟུང་ཡོད། དེ་བཞིན་རྒྱ་ནག་གིས་ཁྲིམས་ལུགས་དང་། སེམས་ཁམས། དྲིལ་བསྒྲགས་བཅས་སྤེལ་ནས་ཐའེ་ཝན་གྱི་རང་བཙན་གྱི་གནས་བབ་འཛམ་གླིང་གི་སྟེགས་བུ་ནས་མེད་པར་བཟོ་ཐབས་བྱེད་བཞིན་ཡོད། ཅེས་གསུངས་འདུག

ཡང་ཁོང་གིས། རྒྱ་ནག་གིས་ཐའེ་ཝན་གྱི་མཐུན་སྒྲིལ་ནུས་པར་གཏོར་བཤིག་གཏོང་གི་ཡོད་ལ། དབྱེ་འབྱེད་ཀྱི་སྲིད་ཇུས་ཤུགས་ཆེ་རུ་གཏོང་བཞིན་ཡོད།  མི་མང་གི་ཁྲོད་དུ་རྒྱལ་ཁབ་ཀྱི་ངོས་འཛིན་ལ་མགོ་རྨོངས་སུ་བཅུག་སྟེ། ང་ཚོའི་མཐུན་སྒྲིལ་ཉམས་དམས་སུ་གཏོང་བཞིན་ཡོད་པ་མ་ཟད། ཁོ་ཚོས་བཤད་བཞིན་པའི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ཐའེ་ཝན་གྱི་འཆར་གཞི་དང་། རྒྱལ་གཅེས་པས་ཐའེ་ཝན་སྐྱོང་བའི་དམིགས་ཡུལ་དེ་དོན་འཁྱོལ་ཡོང་བར་བྱེད་ཀྱི་ཡོད། འདི་དག་གི་དམིགས་ཡུལ་ནི་འཛམ་གླིང་ཐོག་རང་དབང་གི་གཟི་འོད་འཕྲོ་བའི་ཐའེ་ཝན་དམངས་གཙོ་རྒྱལ་ཁབ་དེ། དབང་ཆ་གཅིག་སྡུད་དང་སྒེར་གཅོད་ཀྱི་རྒྱ་ནག་གི་ཁོངས་སུ་བཅུག་སྟེ། ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་ཡོངས་རྫོགས་དབང་བསྒྱུར་བྱེད་འདོད་ཀྱི་ཧམ་སེམས་མངོན་འགྱུར་བྱ་རྒྱུ་དེ་ཡིན་འདུག སྔར་བྱུང་མ་མྱོང་བའི་ཛ་དྲག་གི་གནས་སྟངས་ལ་གཞིགས་ཏེ། ང་ཚོས་རྒྱལ་ཁབ་ཀྱི་ཉེན་ཁར་གདོང་ལེན་བྱེད་པ་དང་། ཐའེ་ཝན་གྱི་དམངས་གཙོ་སྲུང་སྐྱོབ་བྱ་རྒྱུ་ཡིན། ཞེས་གསུངས་འདུག

དེ་བཞིན་ཁོང་གིས། དམངས་གཙོའི་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས། གཞུང་འཛིན་ཚོགས་པ་དང་ཁ་གཏད་ཚོགས་པ་གཉིས་ཀར་ལངས་ཕྱོགས་མི་འདྲ་བ་ཡོད་སྲིད་ཀྱང་། ཐའེ་ཝན་རྒྱལ་ཁབ་ཀྱི་དམངས་གཙོ་དང་རང་དབང་ལ་སྲུང་སྐྱོབ་བྱ་དགོས་ལ། ཞི་བདེ་དང་བརྟན་ལྷིང་གི་གནས་སྟངས་གཏོར་བར་ངོ་རྒོལ་བྱ་དགོས། དེ་ནི་གཞུང་འཛིན་ཚོགས་པ་དང་། ཁ་གཏད་ཚོགས་པ། ཐའེ་ཝན་མི་མང་ཡོངས་ཀྱི་འོས་འགན་ཡིན། ང་ཚོ་གཅིག་སྒྲིལ་བྱེད་ཐུབ་ལ། ངེས་པར་དུ་གཅིག་སྒྲིལ་བྱ་དགོས། དེ་ལྟར་བྱས་ན་ང་ཚོས་ཐའེ་ཝན་རྒྱལ་ཁབ་དང་། ཐའེ་ཝན་མི་དམངས་ཀྱི་རང་དབང་སྲུང་སྐྱོབ་བྱ་ཐུབ། ཅེས་གསུངས་འདུག

བོད་དང་ཅེག་རྒྱལ་ཁབ་ཀྱི་ལོ་རྒྱུས་དང་འབྲེལ་ནས་ཁོང་གིས། བཙན་འཛུལ་ལ་མགོ་སྒུར་བ་ནི་མཐར་གཏུགས་ན་མུ་མཐུད་དུ་དམག་འཁྲུག་དང་བྲན་གཡོག་གི་སྡུག་བསྔལ་འབྱུང་བའི་རྒྱུ་རུ་འགྱུར་ངེས་རེད། ཕྱི་ལོ་ ༡༩༣༨ ལོའི་ཡུ་རོབ་ཀྱི་མི་མང་པོས་ཅེག་སི་ལོ་ཝ་གི་ཕ་ཡའི་ས་ཆ་འགའ་ཧྥ་ཤི་སི་ལ་སྤྲད་ན། མི་རབས་གཅིག་གི་ཞི་བདེ་འཐོབ་ཐུབ་པར་ཡིད་ཆེས་བྱས་ཡོད་ཀྱང་། དེའི་ཚབ་ཏུ་འཛམ་གླིང་དམག་ཆེན་གཉིས་པ་ཡོངས་སུ་མགོ་བཙུགས་ཏེ་བསམ་ཡུལ་ལས་འདས་པའི་སྡུག་བསྔལ་དང་ཆག་སྒོ་བྱུང་ཡོད། ཕྱི་ལོ་ ༡༩༥༡ ལོར་བོད་མི་རྣམས་ཀྱིས་པེ་ཅིང་དང་མཉམ་དུ་གྲོས་མཐུན་དོན་ཚན་བཅུ་བདུན་ལ་མིང་རྟགས་བཀོད་པ་དེས། བོད་ཀྱི་རིག་གཞུང་དང་འཚོ་བའི་སྐྱེལ་ཕྱོགས་འགྲུབ་པར་བསམས་ཡོད་ཀྱང་། མཇུག་འབྲས་ནི་བོད་མི་རྣམས་ཀྱི་གངས་ལྗོངས་ཀྱི་རྒྱལ་ཁབ་དེ་གུང་ཁྲན་ཏང་གི་རྐང་འོག་གི་དམར་པོའི་མཐོ་སྒང་དུ་བསྒྱུར། ཞེས་གསུངས་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༩ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༩ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese