མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིའི་དེབ་སྐྱེལ་ཚོགས་པ་ཁག་ལ་རྒྱ་གར་གཞུང་གི་ཁྲིམས་སྒྲིག་གོ་རྟོགས་ཟབ་སྦྱོང་འཚོགས།

བོད་ཀྱི་དུས་བབ།
༢༠༢༥/༡༢/༠༤
Share on FacebookShare on TwitterShare on EmailShare on Whatsapp

དཔལ་འབྱོར་ལས་ཁུངས་ཀྱི་ཁྲིམས་སྒྲིག་གོ་རྟོགས་དང་ལམ་སྟོན་ཚན་པའི་འགན་འཛིན་བསྟན་འཛིན་དབང་རྒྱལ་ལགས་ཀྱིས་བོད་པའི་དེབ་སྐྱེལ་ཡོད་པའི་ཚོགས་པ་ཚང་མ་རྒྱ་གར་ཁྲིམས་སྒྲིག་བཞིན་རྒྱུན་གནས་ཐུབ་པའི་འབད་བརྩོན་ཞུ་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

དྷ་ས་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་དུ་བོད་མིའི་དེབ་སྐྱེལ་ཚོགས་པ་ཁག་ལ་རྒྱ་གར་གཞུང་གི་ཁྲིམས་སྒྲིག་གོ་རྟོགས་ཀྱི་ཟབ་སྦྱོང་ཐེངས་གསུམ་པ་འཚོགས། ༢༠༢༥།༡༢།༤ འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།

ཟླ་འདིའི་ཕྱི་ཚེས་ ༣ དང་ ༤ ཉིན་གྲངས་གཉིས་རིང་དྷ་ས་བོད་ཀྱི་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་དུ། བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཞིབ་འཇུག་དང་སློབ་སྟོན་ཚན་པའི་གོ་སྒྲིག་འོག བོད་མིའི་དེབ་སྐྱེལ་ཚོགས་པ་ཁག་ལ་རྒྱ་གར་གཞུང་གི་ཁྲིམས་སྒྲིག་གོ་རྟོགས་ཟབ་སྦྱོང་ཐེངས་གསུམ་པ་འཚོགས་ཡོད་ཅིང་། དབུ་འབྱེད་མཛད་སྒོའི་ཐོག་ལྡི་ལི་སྐུ་ཚབ་དོན་གཅོད་འཇིགས་མེད་འབྱུང་གནས་ལགས་དང་། དཔལ་འབྱོར་ལས་ཁུངས་ཀྱི་ཁྲིམས་སྒྲིག་གོ་རྟོགས་དང་ལམ་སྟོན་ཚན་པའི་འགན་འཛིན་བསྟན་འཛིན་དབང་རྒྱལ་ལགས། དེ་བཞིན་དྷ་རམ་ས་ལ་དང་། བཀྲ་ཤིས་ལྗོངས། སྦིར་བོད་མིའི་གཞིས་ཆགས་གསུམ་ནས་ཚོགས་བཅར་བ་ ༣༠ མཉམ་ཞུགས་གནང་འདུག

ཐེངས་འདིའི་ཟབ་སྦྱོང་གི་གལ་གནད་སྐོར་ལ་དཔལ་འབྱོར་ལས་ཁུངས་ཀྱི་སྡེ་ཚན་འགན་འཛིན་བསྟན་འཛིན་དབང་རྒྱལ་ལགས་ཀྱིས་འདི་གའི་གསར་འགོད་པར། བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱིས་རྒྱ་གར་གཞུང་གི་ཕྱི་དངུལ་ལེན་བེད་ཆོག་པའི་ཁྲིམས་ (Foreign Contribution Regulation Act) དང། འབབ་ཁྲལ། དེ་བཞིན་ཚོགས་པ་དང་ཐེབས་རྩ་བཅས་ཀྱི་དེབ་སྐྱེལ་བྱེད་ཕྱོགས་ཐོག་ལ་རྒྱ་གར་ཁྲིམས་སྒྲིག་དང་འབྲེལ་བའི་ཐོག་ནས་ཟབ་སྦྱོང་ཞིག་སྤྲོད་ཀྱི་ཡོད་པ་རེད། སྤྱིར་བོད་པའི་སྤྱི་ཚོགས་ནང་དུ་དེབ་སྐྱེལ་ཚོགས་པ་གྲངས་ ༢༠༠ ཡོད་ཅིང་། དེའི་ཁྲོད་དུ་ཕྱི་དངུལ་ལེན་བེད་ཆོག་པའི་ཡིག་ཆ་ཡོད་པའི་ཚོགས་པ་གྲངས་ ༡༢༠ ལྷག་འདུག རྒྱ་གར་གྱི་ཁྲིམས་སྒྲིག་ལག་བསྟར་བྱེད་ཕྱོགས་ཀྱི་ལས་དོན་ཟབ་སྦྱོང་སྤྲད་ཚེ་གོ་རྟོགས་ཡོང་གི་ཡོད་པ་རེད། ད་ལྟའི་ཆར་བོད་མིའི་སྤྱི་ཚོགས་ནང་རྒྱ་གར་གྱི་ཕྱི་དངུལ་ལེན་བདེ་ཆོག་པའི་དེབ་སྐྱེལ་ཡིག་ཆ་ཡོད་ཀྱང་། ཁྲིམས་སྒྲིག་གི་འགྲོ་ལུགས་མ་ཤེས་པའི་རྐྱེན་གྱིས་དེབ་སྐྱེལ་བྱས་པའི་ཡིག་ཆ་མེད་པ་ཆགས་ཚེ། ཕྱི་དངུལ་ལེན་མི་ཐུབ་པའི་དཀའ་ངལ་མང་པོ་ཞིག་འཕྲད་ཀྱི་ཡོད། དེ་ལ་དམིགས་ནས་དཔལ་འབྱོར་ལས་ཁུངས་ཀྱིས་བརྗོད་གཞི་འདིའི་ཐོག་ཏུ་ཟབ་སྦྱོང་ཐེངས་གསུམ་སྤྲད་ཚར་ཡོད། ཅེས་འགྲེལ་བརྗོད་གནང་བྱུང་།

ཡང་ཁོང་གིས། ད་ལྟའི་ཆར་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་དེབ་སྐྱེལ་བྱས་ཡོད་པའི་ཚོགས་པ་མང་ཤོས་ལ་རྒྱ་གར་ཁྲིམས་སྒྲིག་གི་གོ་རྟོགས་མེད་པས་དཀའ་ངལ་མང་པོ་ཞིག་འཕྲད་ཀྱི་འདུག དཔལ་འབྱོར་ལས་ཁུངས་ཀྱིས་རྒྱ་གར་གཞུང་གི་ཕྱི་དངུལ་ལེན་བེད་ཁྲིམས་སྒྲིག་མི་སྣ་ཆེད་དུ་སྐད་བཏང་སྟེ་ཟབ་སྦྱོང་སྤྲོད་ཀྱི་ཡོད། ཟབ་སྦྱོང་སྤྲོད་མཁན་རྣམས་རྒྱ་གར་གྱི་ཁྲིམས་སྒྲིག་ཐོག་ཁྱད་ལས་པ་རེད། རྒྱ་གར་གྱི་ཁྲིམས་སྒྲིག་དང་འབྲེལ་བའི་གནད་དོན་གང་ཡིན་ཡང་སློབ་སྦྱོང་བྱེད་ཐུབ་ཀྱི་ཡོད་པས། ཚོགས་པ་ཁག་གིས་ཀྱང་དམིགས་བསལ་དོ་སྣང་བྱེད་ཀྱི་འདུག སྔོན་མ་ཕྱི་རྒྱལ་གྱི་རོགས་ཚོགས་ཁག་བརྒྱུད་ཟབ་སྦྱོང་མང་ཆེ་ཤོས་སྤྲོད་བཞིན་ཡོད། དེང་སྐབས་རོགས་དངུལ་མེད་ཀྱང་བོད་མིའི་སྒྲིག་འཛུགས་ཀྱིས་གལ་ཆེན་དོན་ཆེན་དུ་གཟིགས་ཏེ། བོད་པའི་དེབ་སྐྱེལ་ཡོད་པའི་ཚོགས་པ་ཚང་མ་རྒྱ་གར་ཁྲིམས་སྒྲིག་བཞིན་རྒྱུན་གནས་ཐུབ་པའི་འབད་བརྩོན་ཞུ་བཞིན་ཡོད་པ་རེད། ཚོགས་པ་ཁག་ལ་ཕན་ཐོགས་པའི་ཆེད་དུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་འགྲེལ་བརྗོད་གནང་བྱུང་།

མ་འོངས་པར་ཟབ་སྦྱོང་སྤྲོད་ཕྱོགས་སྐོར་ལ་ཁོང་གིས། དཔལ་འབྱོར་ལས་ཁུངས་ཀྱིས་བརྗོད་གཞི་འདིའི་ཐོག་ཟབ་སྦྱོང་བང་བསྒྲིགས་དང་སྒྲིག་བཞིན་པ་ཡིན། དེ་ཡང་ཕྱི་ལོགས་ཀྱི་ཚོགས་པ་གཅིག་པུ་མིན་པར་བོད་མིའི་སྒྲིག་འཛུགས་ནང་གི་ཚོགས་པ་དེབ་སྐྱེལ་བྱས་ཡོད་པ་ཁག་ཡོད། ད་ལྟ་དམིགས་བསལ་ཕྱི་དངུལ་ལེན་བེད་ཆོག་པའི་ཡིག་ཆ་ཡོད་པའི་ཚོགས་པ་ཁག་ལ་ཟབ་སྦྱོང་སྤྲད་པ་རེད། ལོ་རྗེས་མའི་ནང་རྒྱ་གར་གྱི་ཕྱི་དངུལ་ལེན་བེད་ཆོག་པའི་ཡིག་ཆ་མེད་པའི་ཚོགས་པ་ཁག་ལ་ཟབ་སྦྱོང་སྤྲོད་འཆར་ཡོད། ཟབ་སྦྱོང་གྲུབ་རྗེས་ཚོགས་བཅར་བ་རྣམས་ཀྱིས་དུས་རྒྱུན་གྱི་ལས་དོན་བྱེད་ཕྱོགས་ཐོག་ཁྱད་པར་ཆེན་པོ་བྱུང་བའི་བསམ་ཚུལ་འདུག ཅེས་འགྲེལ་བརྗོད་གནང་བྱུང་།

ཟབ་སྦྱོང་ཐོག་ལྡི་ལི་སྐུ་ཚབ་དོན་གཅོད་འཇིགས་མེད་འབྱུང་གནས་ལགས་ཀྱིས། བོད་པའི་སྤྱི་ཚོགས་ཁྲོད་ཕྱི་རྒྱལ་གྱི་རོགས་ཚོགས་ཁག་གི་རོགས་དངུལ་ལེན་པར་ཕྱི་དངུལ་ལེན་བེད་ཡིག་ཆ་མེད་པའི་དཀའ་ངལ་དང་། བོད་པའི་ཚོགས་སྡེ་ཁག་ནས་རྒྱ་གར་གཞུང་གི་ཁྲིམས་མཐུན་གྱི་ཡིག་ཆ་དང་དཔང་ཡིག་ཉར་ཚགས་བྱ་དགོས་སྐོར། རྒྱ་གར་ཁྲིམས་སྒྲིག་དོན་ཚན་ཁག་སྲུང་གཙི་བྱ་དགོས་པའི་གལ་གནད། བོད་པའི་ཚོགས་སྡེ་ཁག་ལ་འཕྲད་བཞིན་པའི་དཀའ་ངལ་སེལ་ཐབས་སུ་འབད་བརྩོན་གནང་མུས་ཡིན་སྐོར་བརྗོད་འདུག དེ་བཞིན་རྒྱ་གར་ཕྱི་དངུལ་ལེན་བེད་ཁྲིམས་སྒྲིག་གི་སློབ་སྟོན་པ་སུ་ཇཱ་ཏཱ་ས་མལ་ལགས་ཀྱིས། ཕྱི་དངུལ་ལེན་བེད་ཁྲིམས་སྒྲིག་དང་། འབབ་ཁྲལ། རྒྱ་གར་དབུས་གཞུང་གི་དེབ་སྐྱེལ་ཚོགས་པའི་བཅའ་ཁྲིམས་སྐོར་ལ་གོ་རྟོགས་སྤེལ་འདུག

འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༢༩ དང་ ༣༠ ཉིན་གྲངས་གཉིས་རིང་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་སུ། བོད་མིའི་དེབ་སྐྱེལ་ཚོགས་པ་ཁག་ལ་རྒྱ་གར་གཞུང་གི་ཁྲིམས་སྒྲིག་དང་འབྲེལ་བའི་ཞིབ་འཇུག་དང་སློབ་སྟོན་ཚན་པའི་ངོས་ནས་ཕྱི་དངུལ་ལེན་བེད་ཁྲིམས་སྒྲིག་ (FCRA) འོག་དེབ་སྐྱེལ་ཡོད་པའི་བོད་པའི་ཚོགས་སྡེ་ཁག་ལ་ཟབ་སྦྱོང་ཐེངས་དང་པོ་འཚོགས་ཡོད་པ་དང་། ཕྱི་ཟླ་ ༡༡ ཚེས་ ༡༢ དང་ ༡༣ ཉིན་གཉིས་རིང་དྷ་ས་བོད་ཀྱི་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་དུ་བོད་མིའི་དེབ་སྐྱེལ་ཚོགས་པ་ཁག་ལ་རྒྱ་གར་གཞུང་གི་ཁྲིམས་སྒྲིག་གོ་རྟོགས་ཟབ་སྦྱོང་ཞིག་འཚོགས་ཡོད་པ་རེད།

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༢༩
Mobile App

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སོགས་ཀྱིས་སྲིད་སྐྱོང་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༥/༢༩
Mobile App

སྤྱི་འཐུས་གྲུབ་ཆ་བསྐྱར་བཅོས་ཀྱི་བསམ་འཆར།

༢༠༢༦/༠༥/༢༧
སྲིད་སྐྱོང་མཆོག་གིས་ལས་ཡུན་སྐབས་གསར་བའི་མིང་གཞུང་དུ་ཐོ་འགོད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༧
Front Slider

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
TTT
Mobile App

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་འཇར་འཁོད་བོད་རིགས་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་དང་གཟིགས་འབུལ་ཞུ་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༥།༢༤
Mobile App

ཕྱི་ལོ་ ༢༠༢༦ ལོའི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་བོད་པར་སྤྱི་ཡོངས་ཀྱི་འཁྲབ་སྟོན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༥/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese