མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞིབ་འཇུག་ཚོགས་འདུའི་ཐོག་རྒྱ་ནག་གཞུང་གིས་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་མགུར་གླུར་བཅོས་སྒྲིག་དང་རྫུན་བཟོས་བྱས་ཡོད་སྐོར་བརྗོད།

བོད་ཀྱི་དུས་བབ།
༢༠༢༥/༡༢/༠༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་༧རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་བཅོས་སྒྲིག་དང་རྫུན་བཟོས་བྱས་ཏེ་མགུར་གླུའི་ནང་གི་སྦས་དོན་དང་ཆོས་ལུགས་མཚོན་དོན་སྦས་ཐབས་བྱས་ཡོད་སྐོར་བརྗོད་སོང་།

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཕན་ཐོགས་ལགས་ཀྱིས་གཏམ་བཤད་གནང་བ། ༢༠༢༥།༡༢།༠༦ དུས་བབ་ཀྱི་པར།

དེ་རིང་རྒྱལ་སྤྱིའི་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་ཞིབ་འཇུག་ཚོགས་འདུའི་ཐེངས་དང་པོའི་ཚོགས་ཐུན་བརྒྱད་པའི་སྟེང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཕན་ཐོགས་ལགས་ཀྱིས་ཞིབ་འཇུག་དཔྱད་རྩོམ་སྒྲོགས་སྦྱང་གནང་བའི་ཁྲོད། རྒྱ་ནག་གཞུང་གིས་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་ནི། བོད་ནང་ཟིང་འཁྲུག་སློང་མཁན་ཞིག་དང་། བརྩེ་བའི་བླ་མ་སོགས་ཀྱི་མིང་བཏགས་ནས་ལོ་རྒྱུས་འཁྱོག་བཤད་དང་། ཕྱི་ལོ་ ༢༠༠༠ ཙམ་ནས་རྒྱ་ནག་གཞུང་གིས་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་བཅོས་སྒྲིག་དང་རྫུན་བཟོ་བྱེད་མགོ་བཙུགས་ཡོད་སྐོར་སོགས་བརྗོད་བྱུང་།

དེའི་ཐད་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིམ་པ་ཕན་ཐོགས་ཀྱིས། རྒྱ་ནག་མི་སེར་རྒྱལ་ཁབ་སྐབས་སུ་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ཐོག་མར་ Yu Daoquan གིས་རྒྱ་བསྒྱུར་ཞུས་ཡོད་པ་དང་། Yu Daoquan གི་ཐོག་མར་ཡིག་བསྒྱུར་གནང་སྐབས་བོད་ཡིག་ཤེས་ཙམ་ལས་བོད་ཀྱི་རིག་གཞུང་དང་བོད་ཀྱི་ནང་བསྟན། བོད་མིའི་སྤྱི་ཚོགས་ཀྱི་གནས་བབ། བོད་མིའི་བསམ་བློ་འཁྱེར་སྟངས། སྐབས་དེའི་ཆབ་སྲིད་རྒྱབ་ལྗོངས་སོགས་སུ་གོ་རྟོགས་གང་ཡང་མེད་པས་བསྒྱུར་པར་གཞི་ག་ཚོད་བོད་ཡིག་པར་མ་དང་བསྟུན་ཡོད་བཤད་ཀྱང་། བོད་ཡིག་ཐོག་ནས་མགུར་གླུར་མཛའ་གཞས་ (情歌) ཞེས་བསྒྱུར་ནས་ཚངས་དབྱངས་རྒྱ་མཚོ་མཆོག་ནི་བརྩེ་བའི་གྲྭ་པ་(情僧) དང་མཛའ་གླུ་(情歌) ཟེར་བའི་གཟུགས་བརྙན་གཏན་འབེབས་བྱས་ཡོད། ཡང་ན་དེ་དུས་སྐབས་ཀྱི་རྒྱ་མི་རིག་གཞུང་བ་ཚོས་ཤེས་བཞིན་དུ་མགུར་གླུའི་ནང་གི་སྦས་དོན་དང་ཆོས་ལུགས་མཚོན་དོན་འགེབས་ཐབས་བྱས་ནས་བོད་ཀྱི་ནང་བསྟན་ལ་ནག་སུབ་གཏོང་ཐབས་བྱས་ཡོད།  ཕྱི་ལོ་ ༡༩༥༡ ལོ་ནས་བཟུང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བའི་གུང་ཁྲན་ཏང་དམར་པོའི་སྲིད་གཞུང་གིས་བོད་ཀྱི་སྲིད་དབར་བཙན་འཕྲོག་བྱས་ཡོད། དུས་མཚུངས་རྒྱ་མི་དམག་མིའི་ནང་རྒྱ་ནག་ཡུལ་གཞས་ཞིབ་འཇུག་ཚོགས་པ་དང་རྒྱ་ནག་དམངས་གཞས་ཞིབ་འཇུག་ཚོགས་པའི་ལས་བྱེད་དང་རིག་གཞུང་ལས་མི་ཚོས་བོད་ནང་ཆེད་མངགས་བོད་ཀྱི་དམངས་གཞས་འཚོལ་སྡུད་བྱས་ཡོད། ཚངས་དབྱངས་རྒྱ་མཚོ་འི་མགུར་གླུར་ཡང་བོད་ཀྱི་དམངས་གཞས་ནང་གི་བརྩེ་དུང་གཞས་ཀྱི་རིགས་སུ་ཕོན་ཆེན་བསྡུ་ལེན་བྱས་འདུག དེ་དུས་སྐབས་ཀྱི་རྩོམ་སྒྲིག་པ་ཚོས་ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་རྩོམ་པ་པོ་སུ་ཡིན་མིན་བརྗོད་མི་འདུག ཝང་ཡེ་ (Wang Yi Nuan ) གཅིག་པུས་བོད་ལྗོངས་གཞས་ཐུང་ཕྱོགས་བསྒྲིགས་《西藏短歌集》ནང་བཤད་ཀྱང་གསལ་པོ་མེད་པའི་ཐོག་ནས་ཤིང་དཔར་གཞིར་གཞག་ནས་བསྒྱུར་བ་ཡིན། དེའི་ནང་ཤོ་ལོ་ཀ་གྲངས་ ༥༧ ཕལ་ཆེར་མང་ཆེ་བ་མི་དེས་ལག་བྲིས་གནང་ཡོད་ཞེས་བྲིས་འདུག མི་དེ་སུ་ཡིན་པ་མིང་བརྗོད་མི་འདུག འོན་ཀྱང་ཁོང་གི་བསྒྱུར་དཔེ་ཡང་ Yu Daoquan དང Liu Jiajuགཉིས་ཀྱི་བསྒྱུར་ལ་དཔེ་བལྟས་ཡོད་པས་རྩོམ་པ་པོ་ནི་༸རྒྱལ་བ་ཚངས་དབྱངས་རྒྱ་མཚོ་ཡིན་པ་སྨྲ་མི་དགོས་པ་རེད། Wang Yi Nuan གིས་གཞས་འདི་ཚོ་དམངས་ཁྲོད་ནང་ཁྱབ་པ་ལས་ཚངས་དབྱངས་རྒྱ་མཚོ་རང་གི་བྲིས་མེད་ཞེས་བཤད་འདུག ཕྱི་ལོ་ ༡༩༤༢ ལོར་ Mao ZeDong གིས་ཡན་ཨན་རིག་རྩལ་བཞུགས་མོལ་ཚོགས་འདུ་ཐོག་གི་གཏམ་བཤད་ནང་རིག་རྩལ་གྱི་མི་དམངས་ལ་ཞབས་ཞུ། དང་ཐོག་བཟོ་ཞིང་དམག་གསུམ་ལ་ཞབས་ཞུ་སྒྲུབ་པའི་ཁ་ཕྱོགས་ཟེར་བའི་བསམ་བློ་ལག་བསྟར་བྱས་པ་ཤ་སྟག་རེད། སྐབས་དེ་དུས་ཀྱི་ཆབ་སྲིད་ཁོར་ཡུག་རྐྱེན་པས་ཚངས་དབྱངས་རྒྱ་མཚོ་ནི་བཤུ་གཞོག་གྲལ་རིམ་ཡིན་པ་དང་། ཏཱ་ལའི་བླ་མས་བོད་ནང་ཟིང་འཁྲུག་བླངས་པ་ཟེར་ནས་རྩོམ་སྒྲོག་བྱས་འདུག ཅེས་བརྗོད་བྱུང་།

རྒྱལ་བ་ཚངས་དབྱངས་རྒྱ་མཚོ་ཉམས་ཞིབ་པ་རྣམ་པས་་གཏམ་བཤད་གནང་བ། ༢༠༢༥།༡༢།༠༦ དུས་བབ་ཀྱི་པར།

ཡང་ཁོང་མོས། ཕྱི་ལོ་ ༢༠༠༠ ལོ་ནས་རྒྱ་ནག་ནང་ཚངས་དབྱངས་རྒྱལ་མཚོའི་仓央嘉措热རྦ་རླབས་དྲག་པོ་འཕྱུར་ཡོད། ཕྱི་ལོ་ ༢༠༡༠ ལོར་རྒྱ་ནག་གི་གྲགས་ཅན་འཁྲབ་འཁྲིད་པ་冯小刚 ཡི་གློག་བརྙན་《非常勿扰2》ལ་དགའ་མོས་ཤུགས་ཆེན་ཐོབ་ཡོད། གློག་བརྙན་དེའི་མཇུག་ཏུ་གཞས་མ་ཐུག་ན་ལྷ་རབས་ཡིན་《最好不相见》ཟེར་བར་ཡང་མི་དམངས་ནས་དགའ་མོས་དང་ཁྱབ་སྤེལ་ཤུགས་ཆེན་བྱུང་འདུག གཞས་ཚིག་དེ་ཡང་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ནས་བཅོས་སྒྲིག་བྱས་པ་ཞིག་རེད་འདུག འོན་ཀྱང་། དེ་དུས་སྐབས་དྲ་རྒྱའི་སྟེང་གླེང་སློང་ཤུགས་ཆེན་བྱུང་བ་དང་མི་ཚང་མས་དེ་ནི་ཚངས་དབྱངས་རྒྱ་མཚོའི་མགུར་གླུར་ངོས་འཛིན་བྱས་འདུག དེ་ནས་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་རྣམས་རྒྱ་མི་ཚོས་དགའ་མོས་ཆེ་ཤོས་ཀྱི་རྩོམ་རིག་ཆགས་ཡོད། དཔར་སྐྲུན་ཁང་ཚོས་ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་རྒྱབ་གྱི་ཚོང་ལས་ཀྱི་ཁེ་བཟང་འབོར་ཆེན་ཡོད་པ་མཐོང་ནས་གཅིག་རྗེས་གཉིས་མཐུད་ཀྱིས་ཚངས་དབྱངས་རྒྱ་མཚོ་དང་ཁོང་གི་མགུར་གླུ་འབྲེལ་བའི་དཔེ་དེབ་ཁག་དཔར་སྐྲུན་བྱས་ཡོད། སྔོན་གྱི་ཆབ་སྲིད་རྒྱབ་ལྗོངས་མིན་པར་དམངས་ཁྲོད་ནས་རྦ་རླབས་འཕྱུར་བ་ཞིག་དང་། དེ་ཡང་ལོ་རབས་༩༠ ནས་བོད་ཀྱི་ནང་བསྟན་རྒྱ་ནག་ནང་ཡང་དར་བྱུང་བ་དང་རྒྱ་མི་ཤེས་ཡོན་ཅན་མང་པོས་དད་མོས་གནང་གི་ཡོད། བོད་ཀྱི་ནང་བསྟན་རྒྱ་ནག་ནང་ཡང་དར་དང་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་གཉིས་རྒྱ་ནག་ནང་དར་ཁྱབ་ཡོང་བར་གཅིག་ཕན་གཅིག་གྲོགས་ཀྱི་ནུས་པ་ཐོན་ཡོད། དེ་ནས་ཚངས་དབྱངས་རྒྱ་མཚོ་མཆོག་ནི་བརྩེ་བའི་གྲྭ་པ་(情僧) དང་མཛའ་གླུ་(情歌) ཟེར་བའི་གཟུགས་བརྙན་དེ་བས་འུད་སྒྲོག་བྱས་ཡོད། ལྷག་པར་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་བཅོས་སྒྲིག་དང་རྫུན་བཟོ་བྱས་པ་དག་དར་སྤེལ་ཤུགས་ཆེ་དྲགས་ནས་ཚངས་དབྱངས་རྒྱ་མཚོ་མཆོག་ནི་བརྩེ་བའི་གྲྭ་པ་གཟུགས་བརྙན་ངོས་འཛིན་མཁྲེགས་པོ་ཆགས་ཡོད། འོན་ཀྱང་ཚངས་དབྱངས་རྒྱ་མཚོ་མཆོག་ནི་བརྩེ་བའི་གྲྭ་པ་དང་མཛའ་གླུ་ཟེར་བའི་གཟུགས་བརྙན་ངོས་འཛིན་མཁྲེགས་པོར་རྒྱ་ནག་གཞུང་གིས་རྒྱབ་སྐྱོར་བྱས་འདུག  གང་ཡིན་ཟེར་ན་དེས་མགུར་གླུའི་ནང་གི་སྦས་དོན་དང་ཆོས་ལུགས་མཚོན་དོན་འགེབས་པས་རྒྱ་གཞུང་གི་ལངས་ཕྱོགས་དང་མཐུན་ཡོད། ཅེས་བརྗོད་བྱུང་།

གསར་འགོད་པ། དཔལ་ལྡན་གྱིས་མོན་རྟ་དབང་ནས་སྤེལ། རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

མཁན་པོ་ཉི་མ་ཀུན་ཁྱབ་མཆོག་བལ་གཞུང་ནང་ཆོས་དང་དགོན་པ་འཕེལ་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོར་བསྐོས། photo:breaknlinks.com/
Mobile App

མཁན་པོ་ཉི་མ་ཀུན་ཁྱབ་མཆོག་བལ་གཞུང་གི་ནང་ཆོས་དར་སྤེལ་དང་དགོན་པ་ཡར་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོར་བསྐོས།

ཆུ་ཚོད་ ༩ སྔོན་ལ།
Theft at Kinmay Monastery raises security concerns in Arunachal’s Tawang. Photo:India Today NE
Mobile App

མོན་རྟ་དབང་གི་ཁིན་མེ་དགོན་པར་རྐུན་མ་ཤོར།

ཆུ་ཚོད་ ༡༠ སྔོན་ལ།
STEVE REED, STAND FOR TIBETANS. Tibet Action's photo
Mobile App

རྒྱ་ནག་གཞུང་ཚབ་གསར་རྒྱག་གི་ལས་གཞིར་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་སྤེལ་འཆར་འདུག

ཆུ་ཚོད་ ༡༣ སྔོན་ལ།
རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ར་ཇིབ་བྷ་ཌ་ཝ་ཇི་ལགས། དྲ་ལམ་གྱི་པར།
Mobile App

དྷ་རམ་ས་ལར་ནང་བསྟན་རིག་པའི་གཙུག་ལག་སློབ་གཉེར་ཁང་གསར་འཛུགས་ཀྱི་གྲོས་གཞི་གྲོས་འཆར་གདོན་རྒྱུ་ཡིན་འདུག

ཆུ་ཚོད་ ༡༣ སྔོན་ལ།
The U.S. Agency for Global Media website is displayed on a phone with Voice of America branding in the background. Photo: Jonathan Raa/NurPhoto via Getty Images
Mobile App

ཨ་རིའི་རླུང་འཕྲིན་ཁང་ལ་རོགས་དངུལ་སྤྲོད་པའི་ཁྲིམས་འཆར་བཏོན།

༢༠༢༦/༠༡/༡༤
On China Visit, Carney Must Call for Closure of Tibet’s Residential Schools. Tibet Action Institute's Photo
Mobile App

ཞི་ཅིན་ཕིན་ལ་ཐད་ཀར་བོད་དོན་གླེང་སློང་བྱེད་པའི་འབོད་སྐུལ་ཞུས་འདུག

༢༠༢༦/༠༡/༡༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese