མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་མཚན་ནོར་བུས་རྒྱ་གཞུང་གི་ཆོག་མཆན་འོག་ནས་ཡང་སྲིད་འཚོལ་དགོས་པ་བསྐྱར་ཟློས་བྱས།

བོད་ཀྱི་དུས་བབ།
༢༠༢༥/༡༢/༡༡
Share on FacebookShare on TwitterShare on EmailShare on Whatsapp

བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ལམ་ལུགས་ཀྱི་བཞུགས་མོལ་ཚོགས་འདུ་ཟེར་བའི་ཐོག་རྒྱལ་མཚན་ནོར་བུས་བོད་ཀྱི་ཡང་སྲིད་ངོས་འཛིན་ལ་རྒྱ་ནག་གཞུང་གི་ཆོག་མཆན་ཐོབ་དགོས་པའི་དྲིལ་བསྒྲགས་བྱས་ཡོད་འདུག

The Panchen Lama (right) says reincarnated living Buddhas must be identified within China and approved by the central government. Photo: Handout

ཟླ་འདིའི་ཕྱི་ཚེས་ ༨ ཉིན་བོད་གཞིས་ཀ་རྩེ་གྲོང་ཁྱེར་དུ་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ལམ་ལུགས་ཀྱི་བཞུགས་མོལ་ཚོགས་འདུ་ཟེར་བ་འཚོགས་ཡོད་ཅིང་། ཚོགས་ཐོག་ཏུ་རྒྱལ་མཚན་ནོར་བུས་ཕྱི་ལོ་ ༡༩༩༥ ལོར་ཀྲུང་དབྱང་སྲིད་གཞུང་གིས་ང་རང་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་ངོས་འཛིན་བྱས་པ་དེ་ནི་ཆོས་ལུགས་ཀྱི་ཆོ་ག་དང་ལོ་རྒྱུས་ཀྱི་ངེས་སྲོལ་ལ་བརྩི་སྲུང་ཞུས་པའི་འབྲས་བུ་ཞིག་ཡིན། འདས་པའི་ལོ་ངོ་ ༣༠ ཡི་རིང་། ཏང་ཀྲུང་དབྱང་གིས་ཐུགས་ཁུར་དང་། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཐུགས་རེ་ཟབ་མོ་གནང་བ་དེས། ཀྲུང་དབྱང་སྲིད་གཞུང་གིས་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་མཚོན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་དོ་དམ་བྱ་ཐབས་ལག་བསྟར་བྱས་པ་བརྒྱུད། སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་དོ་དམ་དེ་ཁྲིམས་སྐྱོང་ཅན་གྱི་བགྲོད་ལམ་དུ་བསྐྱོད་ཡོད། ཅེས་བརྗོད་འདུག

ཡང་རྒྱལ་མཚན་ནོར་བུས། བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ཐད་ངེས་པར་དུ་ཁྲིམས་ལྟར་དོ་དམ་དང་། ཆོས་ལུགས་ཀྱི་ཆོ་གར་བརྩི་སྲུང་། ལོ་རྒྱུས་ཀྱི་ངེས་སྲོལ་ལ་བརྩི་སྲུང་བཅས་བྱེད་པའི་རྩ་དོན་གལ་ཆེན་གསུམ་མཐའ་འཁྱོངས་བྱེད་དགོས་ཤིང་། ལྷག་པར་དུ་རྒྱལ་ནང་དུ་བཙལ་འཚོལ་དང་། གསེར་བུམ་དཀྲུག་འདོན། རྒྱ་ནག་གཞུང་གི་ཆོག་མཆན་ཐོབ་དགོས་པ་བཅས་ཀྱི་རྩ་དོན་ལ་བརྩི་སྲུང་ཞུས་ཏེ། ཕྱིའི་རྩ་འཛུགས་དང་མི་སྒེར་གང་རུང་གི་ཐེ་ཇུས་མི་ཕོག་པ་བྱེད་དགོས། དེ་འདྲ་བྱུང་ཚེ་གཞི་ནས་རྒྱལ་ཁབ་ཀྱི་བདག་དབང་དང་སྲིད་གཞུང་གི་དབང་གྲགས་མངོན་པ་དང་། མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་ཐུབ་ལ། བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་རྒྱུན་འཛིན་ཐུབ་པ་ཞིག་ཡོང་ངེས་རེད། དེ་བཞིན་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་མཐའ་འཁྱོངས་ཀྱིས་ནང་བསྟན་མཐུན་ཚོགས་དང་བླ་སྤྲུལ་རྣམས་ཀྱིས་རང་འགན་གང་ལེགས་འཁུར་དགོས་སྐོར་བརྗོད་འདུག

དེའི་སྐོར་ལ་རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱིས། རྒྱལ་མཚན་ནོར་བུས་ཡང་ནས་བསྐྱར་དུ་རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ལམ་ལུགས་ཟེར་བ་དྲིལ་བསྒྲགས་བྱེད་དགོས་དོན་ནི། རྒྱ་གར་ནང་བཙན་བྱོལ་དུ་བཞུགས་པའི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མ་འོངས་པའི་ཡང་སྲིད་ངོས་འཛིན་ལ་ཁ་གཏད་གཅོག་པའི་ཆེད་དུ་ཡིན་པ་དང་། འདི་ལོའི་ཕྱི་ཟླ་བདུན་པའི་ནང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་མ་འོངས་བའི་༧སྐུའི་ཡང་སྲིད་ངོས་འཛིན་གྱི་བྱེད་སྒོའི་འགན་འཁུར་གཙོ་བོ་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་རྣམས་ལ་ཡོད་པར་གསུངས་ཡོད་ཀྱང་། རྒྱ་ནག་གཞུང་གིས་བོད་ཀྱི་ནང་བསྟན་བླ་ཆེན་གྱི་ཡང་སྲིད་ཚང་མར་རྒྱ་ནག་གི་ཆོག་མཆན་དགོས་པ་དང་། རྒྱ་ནག་ནང་ནས་འཚོལ་དགོས་པའི་དྲིལ་བསྒྲགས་བྱེད་བཞིན་ཡོད་སྐོར་བརྗོད་འདུག

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་དུ་དྭང་ལེན་དང་ངོས་འཛིན་འཐོབ་སླད། བོད་ནང་གི་ས་གནས་ཁག་ལ་གཞུང་འབྲེལ་སྐོར་སྐྱོད་དུ་བཏང་ནས་ས་གནས་སེར་སྐྱ་མང་ཚོགས་ལ་བཙན་གྱིས་ཕེབས་བསུ་ཞུ་རུ་བཅུག་ཡོད་ལ། ཁོང་ངོས་ལེན་མ་བྱས་ན་ཁྲིམས་ཀྱི་ནག་ཉེས་འགེལ་གྱི་ཡོད་པའི་དཔེ་མཚོན་གསལ་ཤོས་ཤིག་ནི། ཉེ་ལམ་ཝེ་ཏི་ནམ་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་འཛིན་བཟུང་གཅར་རྡུང་བཏང་སྟེ་མཐར་སྐུ་བཀྲོངས་བའི་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་ཆགས་ཡོད། འདས་ལོའི་ཕྱི་ཟླ་ ༩ པའི་ནང་རྒྱ་ནག་གཞུང་གི་གོ་སྒྲིག་འོག རྒྱལ་མཚན་ནོར་བུ་བོད་མགོ་ལོག་ཁུལ་དུ་སྐོར་སྐྱོད་ལ་ཡོང་སྐབས། རྒྱ་གཞུང་གི་བཀོད་མངགས་ལྟར་ཕེབས་བསུ་མ་གནང་བའི་རྐྱེན་གྱིས་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་ལ་གོང་རིམ་གྱི་བཀའ་ལ་མ་ཉན་པའི་ནག་ཉེས་བཙུགས་རྐྱེན་ཉེན་ཡོལ་དུ་ཕེབས་དགོས་བྱུང་ཡོད་པ་རེད།

རྒྱལ་མཚན་ནོར་བུར་རྒྱལ་སྤྱིའི་ཐོག་ནས་ངོས་འཛིན་ཡོང་སླད་ཕྱིའི་རྒྱལ་ཁབ་ཀྱི་སྡིངས་ཆའི་ཐོག་ཏུ་གཏོང་ཐབས་རིམ་པར་བྱས་དང་བྱེད་བཞིན་ཡོད་པ་རེད། འདས་ལོར་རྒྱལ་མཚན་ནོར་བུ་དང་འབྲེལ་བའི་གནས་ཚུལ་གཞན་ཞིག་ཕྱིའི་བརྒྱུད་ལམ་དུ་ཐོན་པ་ནི། ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༡༢ ནས་ ༡༧ བར་དུ་སྟོན་པ་བཅོམ་ལྡན་འདས་སྐུ་འཁྲུངས་སའི་གནས་མཆོག་ལུམ་བི་ནིར་ལྷོ་རྒྱ་ནག་རྒྱ་མཚོའི་ནང་པའི་ལྷན་ཚོགས་ཐེངས་ ༩ པ་ཟེར་བ་ཞིག་རྒྱ་ནག་གིས་གོ་སྒྲིག་བྱས་ཡོད་པ་དང་། དེའི་ཐོག་རྒྱལ་མཚན་ནོར་བུ་ཡོང་གཏན་འཁེལ་ཡོད་སྐོར་ཀྱི་གནས་ཚུལ་གསར་འགྱུར་བརྒྱུད་ལམ་དུ་ཐོན་ཡོད་ཀྱང་། བལ་ཡུལ་གཞུང་གིས་གནས་ཚུལ་དེ་བདེན་པ་མིན་ལ། བལ་གཞུང་གིས་ཁོང་ཡོང་དུ་འཇུག་རྩིས་མེད་སྐོར་བརྗོད་ཡོད་པ་ལྟར། ཁོང་ལྷན་ཚོགས་དེའི་ཐོག་མཉམ་ཞུགས་བྱས་པའི་གནས་ཚུལ་གང་ཡང་ཐོན་མེད་པ་རེད།

ཕྱི་ལོ་ ༡༩༩༥ ཟླ་  ༡༡ ཚེས་ ༡༡ ཉིན་རྒྱ་ནག་དམར་ཤོག་ཚོགས་པས་རྒྱལ་མཚན་ནོར་བུ་ཞེས་པ་ཞིག་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་ངོས་འཛིན་གསལ་བསྒྲགས་བྱས་ཤིང་། ཕྱི་ལོ་ ༡༩༩༥ ཟླ་ ༡༢ ནང་གདན་ས་བཀྲ་ཤིས་ལྷུན་པོའི་གཡས་གཡོན་དུ་དམག་མི་ལྔ་བརྒྱ་ལྷག་བཏང་ནས་ཉེན་སྲུང་བཙན་པོའི་ངང་ཁྲི་འདོན་བྱས་ཡོད་འདུག དེ་ཡང་ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༤ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་མཆོག་༧པཎ་ཆེན་སྐུ་གོང་མའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་མཛད་མ་ཐག རྒྱ་ནག་གཞུང་གིས་ཡང་སྲིད་འཚོལ་ཞིབ་མི་སྣའི་དབུ་ཁྲིད་བྱ་བྲལ་རིན་པོ་ཆེ་མཆོག་འཛིན་བཟུང་བྱས་ཤིང་། ཉིན་གསུམ་གྱི་རྗེས་ཏེ། ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༧ ཉིན་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་དང་། ཁོང་གི་ནང་མི་ཡོངས་རྫོགས་རྒྱ་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་ཏེ། ཁོང་ཉིད་འཛམ་གླིང་སྟེང་གི་ཆབ་སྲིད་བཙོན་པ་དགུང་ན་ཆུང་ཤོས་སུ་གྱུར། དེ་རྗེས་རྒྱ་ནག་གཞུང་གིས་ ༧གོང་ས་མཆོག་གིས་ངོས་འཛིན་གནང་བའི་ཡང་སྲིད་རིན་པོ་ཆེ་སྣང་མེད་དུ་བཏང་སྟེ་གང་འདོད་དུ་རྒྱལ་མཚན་ནོར་བུ་༧པཎ་ཆེན་སྐུ་གོང་མའི་ཡང་སྲིད་ལ་བདམས་ཡོད།

ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༢༢ ཉིན་རྒྱལ་མཚན་ནོར་བུ་ཐོག་མར་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོར་བསྐོས་ཤིང་། འདི་ལོའི་ཕྱི་ཟླ་ ༩ ཚེས་ ༣ ཉིན་རྒྱལ་མཚན་ནོར་བུ་བསྐྱར་དུ་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོར་བསྐོ་བཞག་བྱས་ཡོད། ད་ལྟ་ཁོང་རྒྱ་ནག་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཞོན་ཡང་ཡིན་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

ཆུ་ཚོད་ ༡༩ སྔོན་ལ།
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

ཆུ་ཚོད་ ༡༩ སྔོན་ལ།
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese