མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དགེ་བཤེས་ལྷ་རམས་པའི་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཕུལ།

བོད་ཀྱི་དུས་བབ།
༢༠༢༥/༡༢/༡༤
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ཆེད། ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དགེ་རྩ་དང་། དགེ་ལྡན་སྤྱི་ལས་ཁང་ནས་གསར་བཞེངས་ཞུས་པའི་རིན་ཆེན་གསེར་དངུལ་ལས་གྲུབ་པའི་དགེ་བཤེས་ལྷ་རམས་པའི་གཟེངས་རྟགས་ཕུལ།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དགེ་བཤེས་ལྷ་རམས་པའི་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཕུལ། ༢༠༢༥།༡༢།༡༤ དགའ་ལྡན་ཕོ་བྲང་གི་སྐུ་པར།

དེ་རིང་ཕྱི་ལོ་༢༠༢༥ ཟླ་ ༡༢ ཚེས་ ༡༤ ཉིན་ཏེ་དགའ་ལྡན་ལྔ་མཆོད་ཀྱི་ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་གནང་མཛད་པ་མ་ཟད། སྐབས་དེར་༸རྒྱལ་བའི་གོ་སྟོན་གྱི་བྱམས་བརྩེའི་དམིགས་བསལ་ལོ་དུས་དང་། ཕྱི་ལོ་ ༡༩༥༩ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བོད་ཀྱི་རྒྱལ་ས་ལྷ་སར་ཆོ་འཕྲུལ་སྨོན་ལམ་ཆེན་མོར་དགེ་བཤེས་ལྷ་རམས་པའི་དམ་བཅའི་མཛད་ཆེན་བསྐྱངས་ནས་ལོ་ ༦༦ འཁོར་བ་དང་། ཕྱི་ལོ་ ༡༩༧༤ ལོར་རྒྱ་གར་འཕགས་ཡུལ་དུ་དགེ་བཤེས་ལྷ་རམས་པའི་ཕྱག་ཁྱེར་ཐོག་མ་དེ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་གུས་འབུལ་ཞུས་ནས་ལོ་ངོ་ ༥༡ འཁོར་བ། ཕྱི་ལོ་ ༡༩༧༥ ལོར་རྒྱ་གར་འཕགས་ཡུལ་དུ་དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་གཙུག་ལག་སློབ་གཉེར་ཁང་གི་དགེ་ལུགས་རྒྱུགས་སྤྲོད་ཆེན་མོ་དབུ་འཛུགས་ཞུས་ཏེ་ལོ་ངོ་ ༥༠ འཁོར་བའི་དུས་དྲན་རྣམས་སྲུང་བརྩི་དང་འབྲེལ། ༧མགོན་པོ་གང་ཉིད་ལ་དགེ་བཤེས་ལྷ་རམས་པའི་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཕུལ་སོང་། 

སྐབས་དེར་ཤར་རྩེ་མཁན་པོ་བྱང་ཆུབ་སངས་རྒྱས་ལགས་ཀྱིས་གཏམ་བཤད་གནང་བའི་ཁྲོད། འདི་ལོར་མགོན་པོ་གང་ཉིད་དགུང་གྲངས་ ༩༠ ལ་ཕེབས་པའི་སྐུའི་གོ་སྟོན་གྱི་དུས་ཆེན་འཛམ་གླིང་ཡུལ་ལུང་གང་སར་དད་ལྡན་པ་ཁྲི་འབུམ་མང་པོས་སྲུང་བརྩི་ཞུ་བཞིན་པ་ལྟར། གུས་ཅག་སྐྱབས་འོག་པ་རི་བོ་དགེ་ལྡན་པའི་ཆོས་བརྒྱུད་འཛིན་པ་སྤྱི་དང་། དགེ་ལྡན་སྤྱི་ལས་ཁང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན། དེ་ཪིང་དགའ་ལྡན་ལྔ་མཆོད་ཆེན་མོའི་དུས་ཆེན་གྱི་ཉིན།  སྟོན་པ་ཕུན་སུམ་ཚོགས་པ་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག འཛམ་གླིང་ཞི་བེའི་དེད་དཔོན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཚོགས་མགོན་དུ་དབུ་བཞུགས་བཀའ་དྲིན་བསྐྱངས་ཤིང་། ཆོས་ཕུན་སུམ་ཚོགས་པ་རིགས་གསུམ་གཅིག་བསྡུས་ཀྱི་བདག་ཉིད་གངས་ཅན་གྱི་ཤིང་རྟ་ཆེན་པོ་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་དགོངས་རྫོགས་མཆོད་འབུལ། དགེ་འདུན་ཕུན་སུམ་ཚོགས་པ་འཇམ་མགོན་རྒྱལ་བའི་རྒྱལ་རྒྱལ་ཚབ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། མཚུངས་མེད་ཤར་བྱང་གི་ཆོས་རྗེ་རྣམ་གཉིས་ཀྱིས་གཙོས་རྒྱལ་སྲས་བླ་སྤྲུལ་བཀའ་རམ་འབྱམས་པ་མཁས་དབང་དགེ་བའི་བཤེས་གཉེན་བརྒྱ་ཕྲག་དུ་མ་དང་བཅས་དགེ་འདུན་འདུས་པ་རྒྱ་མཚོ། གནས་ཕུན་སུམ་ཚོགས་པ་དཔལ་ན་ལནྡྲ་གཉིས་པ་གངས་ཅན་བོད་ཀྱི་གདན་ས་ཆེན་པོ་སེ་འབྲས་དགའ་གསུམ་ཞེས་སྙན་པའི་བ་དན་ས་གསུམ་ན་གཡོ་བའི་ནང་ཚན་གདན་ས་ཆེན་པོ་དཔལ་ལྡན་འབྲས་དཀར་སྤུངས་པའི་ཆོས་སྡེ་ཆེན་པོ། དུས་ཕུན་སུམ་ཚོགས་པ་དགའ་ལྡན་ལྔ་མཆོད་ཆེན་མོའི་དུས་ཆེན་ཏེ། དེ་ལྟར་སྟོན་པ་དང་། ཆོས་དང་དགེ་འདུན། གནས་དང་དུས་བཅས་ཕུན་སུམ་ཚོགས་པ་ལྔ་ལྡན་གྱི་ཐོག ༸རྒྱལ་བའི་གོ་སྟོན་གྱི་བྱམས་བརྩེའི་དམིགས་བསལ་ལོ་དུས་དང་། ཕྱི་ལོ་ ༡༩༥༩ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བོད་ཀྱི་རྒྱལ་ས་ལྷ་སར་ཆོ་འཕྲུལ་སྨོན་ལམ་ཆེན་མོར་དགེ་བཤེས་ལྷ་རམས་པའི་དམ་བཅའི་མཛད་ཆེན་བསྐྱངས་ནས་ལོ་ ༦༦ འཁོར་བ་དང་། ཕྱི་ལོ་ ༡༩༧༤ ལོར་རྒྱ་གར་འཕགས་ཡུལ་དུ་དགེ་བཤེས་ལྷ་རམས་པའི་ཕྱག་ཁྱེར་ཐོག་མ་དེ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་གུས་འབུལ་ཞུས་ནས་ལོ་ངོ་ ༥༡ འཁོར་བ་དང་། ཕྱི་ལོ་ ༡༩༧༥ ལོར་རྒྱ་གར་འཕགས་ཡུལ་དུ་དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་གཙུག་ལག་སློབ་གཉེར་ཁང་གི་དགེ་ལུགས་རྒྱུགས་སྤྲོད་ཆེན་མོ་དབུ་འཛུགས་ཞུས་ཏེ་ལོ་ངོ་ ༥༠ འཁོར་བའི་དུས་དྲན་རྣམས་སྲུང་བརྩི་དང་འབྲེལ། ས་གནས་མོན་གྷོ་དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་ཆོས་རའི་གཙུག་ལག་ཁང་དུ།༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ཆེད། ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དགེ་རྩ་དང་། དགེ་ལྡན་སྤྱི་ལས་ཁང་ནས་གསར་བཞེངས་ཞུས་པ་རིན་ཆེན་གསེར་དངུལ་ལས་གྲུབ་པའི་དགེ་བཤེས་ལྷ་རམས་པའི་གཟེངས་རྟགས་འདི་ཉིད་གུས་ཅག་སྐྱབས་འོག་པ་དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་ཆོས་བརྒྱུད་འཛིན་པ་སྤྱིའི་མཚན་ཐོག་ནས་གུས་འབུལ་ཞུ་རྒྱུ། ཞེས་གསུངས་སོང་།

Representatives from the Gelugpa Buddhist Cultural Society holding a commemorative award in honour of the 51st anniversary of His Holiness the Dalai Lama being formally awarded the degree of Geshé Lharampa during Ganden Ngamchö Celebrations at Drepung Monastery in Mundgod, Karnataka, India on December 14, 2025. Photo by Tenzin Choejor

མཁན་པོ་ལགས་ཀྱིས་དགེ་བཤེས་ལྷ་རམས་པའི་འབྱུང་རིམ་སྐོར་ལ།  ཕྱི་ལོ་ ༡༦༡༣ ནས་པཎ་ཆེན་སྐུ་འཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་མཆོག་གིས་དགའ་ལྡན་ཁྲི་ཚབ་མཛད་སྐབས་གདན་ས་ཆེན་པོ་སེ་འབྲས་དགའ་གསུམ་གྱི་སློབ་གཉེར་བ་དྲག་གྲས་རྣམས་ལྷ་ལྡན་སྨོན་ལམ་ཆེན་མོའི་སྐབས་སུ་གཞུང་ཆེན་བཀའ་པོད་ལྔར་གྲྭ་སྐོར་དམ་འཇོག་གིས་ལྷ་ལྡན་རབ་འབྱམས་པའི་སྲོལ་བཏོད། ལྷ་ལྡན་རབ་འབྱམས་པ་ཞེས་པ་མིང་བསྡུས་ན་ལྷ་རམས་པ་ཞུ། རྗེས་སུ་༸རྒྱལ་དབང་སྐུ་འཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་རྒྱུགས་སྤྲོད་ཀྱི་ལམ་ནས་ལྷ་རམས་དགེ་བཤེས་ཀྱི་མཚན་གནས་དང་ཨང་རིམ་འབུལ་བའི་ལམ་སྲོལ་མཛད། དེ་སྔ་བོད་དུ་ལོ་རེར་ལྷ་རམས་པའི་གྲངས་ཚད། བཅུ་དྲུག་དང་། སྨོན་ལམ་གྱི་མཇུག་ཏུ་གཙུག་ལག་ཁང་གི་ཡང་སྟེང་གཞུང་འབྲེལ་མཛད་སྒོའི་ཐོག་དྲུང་ཡིག་ཆེན་མོ་ནས་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཞེས་དགེ་བཤེས་ལྷ་རམས་པ་དྲག་གྲས་བདུན་ལ་མཁས་པའི་གཟེངས་བསྟོད་ཨང་རིམ་དང་བྱ་དགའ་གནང་སྲོལ་ཡོད། བཙན་བྱོལ་དུ་འབྱོར་རྗེས་ཕྱི་ལོ་ ༡༩༦༡ ལོ་ནས་སྦག་ས་ཆོས་སྒར་དུ་སྨོན་ལམ་དབུ་འཛུགས་གནང་བ་དང་འབྲེལ། ལོ་དེར་གནས་མཆོག་རྡོ་རྗེ་གདན་དུ་སྨོན་ལམ་འཚོག་སྐབས་སྦག་ས་ཆོས་སྒར་ནས་དགེ་འདུན་པ་གང་འཚམས་ཤིག་གནས་མཆོག་རྡོ་རྗེ་གདན་དུ་ཕེབས་ཏེ་དགེ་བཤེས་ལྷ་རམས་ཀྱི་དམ་འཇོག་གནང་ཡོད། དེ་ནི་བཙན་བྱོལ་དུ་དགེ་བཤེས་ལྷ་རམས་པའི་གྲྭ་སྐོར་དམ་བཅའ་ཐོག་མ་དེ་ཡིན། ཕྱི་ལོ་ ༡༩༧༥ ལོར་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་དུ་དགེ་ལུགས་རྒྱུགས་སྤྲོད་ཆེན་མོ་ཐོག་མ་དབུ་འཛུགས་ཞུས་པ་ནས་ད་ལྟའི་བར་ལོ་ངོ་ ༥༠ རིང་། རྒྱུགས་སྤྲོད་ཀྱི་སྒྲིག་གཞིར་ལེགས་བཅོས་དང་། ཕྱི་ལོ་ ༢༠༡༨ ནས་བཀའ་རམས་ལོ་རིམ་གཉིས་ལ་ཚན་རིག་སློབ་ཚན་གསར་སྣོན་དང་། དེའི་སྔོན་འགྲོར་གྲྭ་ཚང་སོ་སོའི་འདུལ་མཛོད་འཛིན་གྲྭ་བཞི་ལ་ཚན་རིག་སློབ་ཁྲིད་དང་རྒྱུགས་འབུལ་ཞུ་རྒྱུ་གཏན་འབེབས་ཞུས། ཞེས་གསུངས་སོང་།

རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་དད་ལྡན་སེར་སྐྱ་མི་མང་འདུ་འཛོམས། ༢༠༢༥།༡༢།༡༤ དགའ་ལྡན་ཕོ་བྲང་གི་པར།

ཡང་ཁོང་གིས། ཕྱི་ལོ་ ༢༠༢༡ ནས་ལྷ་རམས་ལོ་རིམ་གཉིས་ལ། ཚད་ཆེན་རྩ་འགྲེལ་དང་ཚད་མ་ཀུན་བཏུས། བྱམས་ཆོས་ཕྱི་མ་བཞི། དབུ་མ་རིགས་ཚོགས་དྲུག་དང་། དབུ་མ་སྙིང་པོ་རྩ་འགྲེལ། དབུ་མ་རྒྱན་དང་དབུ་མ་སྣང་བ་སོགས་དབུ་ཕར་ཚད་གསུམ་གྱི་རྒྱ་གཞུང་ཁོ་ན་སློབ་ཚན་དུ་བཞག་སྟེ་རྩོད་རྒྱུགས་དང་གཞུང་བཤད་གཉིས་ཀྱི་སྒོ་ནས་རྒྱུགས་འབུལ་ཞུ་བཞིན་ཡོད་ལ། དེའི་སྔོན་འགྲོར་བྱམས་ཆོས་དང་རིགས་ཚོགས་དགུན་ཆོས་ཆེན་མོ་ལོ་ལྟར་གདན་ས་གསུམ་དུ་འཚོགས་རེས་གནང་སྟེ་ལོ་དགུ་འགྲོ་བཞིན་ཡོད། དགེ་ལུགས་རྒྱུགས་སྤྲོད་ཆེན་མོའི་སློབ་གཉེར་བའི་གྲངས་ཚད་ལ། འདི་ལོར་མཚོན་ན། བཀའ་རམས་ལོ་རིམ་གཉིས་དང་། སློབ་དཔོན་ལོ་རིམ་གཉིས། ལྷ་རམས་ལོ་རིམ་གཉིས་བཅས་འཛིན་གྲྭ་དྲུག་ལ། གདན་ས་ཆེན་པོ་སེ་འབྲས་དགའ་གསུམ་གྱི་གྲྭ་ཚང་དྲུག་དང་། བཀྲ་ཤིས་ལྷུན་པོ། ར་སྟོད་གྲྭ་ཚང་བཅས་ཀྱི་སློབ་གཉེར་བ་གྲངས་ ༡༢༦༩ ཡོད་པ་ལས། འདི་ལོའི་གསར་ཞུགས་པ་གྲངས་ ༢༤༥ དང་། འདི་ལོ་དགེ་ལུགས་རྒྱུགས་སྤྲོད་ཐོན་པ་ལྷ་རམས་པ་གྲངས། ༢༡༥ བྱུང་ཡོད།  ཕྱི་ལོ་ ༡༩༧༥ ནས་ ༢༠༢༥ བར་ལོ་ངོ་ ༥༠ རིང་དགེ་ལུགས་རྒྱུགས་སྤྲོད་ཆེན་མོར་ཞུགས་མཁན་སློབ་གཉེར་བ་གྲངས་ ༤༥༩༦ བྱུང་བ་ནས། ད་བར་དགེ་བཤེས་ལྷ་རམས་པའི་ཕྱག་འཁྱེར་བཞེས་མཁན་གྲངས་ ༢༢༦༠ བྱུང་ཡོད། གཞན་ཡང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་རླབས་ཆེན་གྱི་དགོངས་གཞི་དང་བཀའ་སློབ་ལམ་སྟོན་སྔ་རྗེས་ཕེབས་དགོངས་བཞིན། ཝ་ཎ་སྨོན་ལམ་ཚོགས་པ་ནས་ལོ་ལྟར་༸རྒྱལ་བའི་འཁྲུངས་སྐར་དུས་ཆེན་ཉིན། ཝཱ་ར་ཎ་སི་ས་གནས་ཡུལ་མི་ཉམ་ཐག་གི་ཕྲུ་གུ་ ༡༡༣ ལ་སློབ་ཡོན་ཕུལ་དང་འབུལ་བཞིན་པ་ནས་ད་བར་ཐེངས་ ༡༣ ཙམ་ཕུལ་ཡོད། ཝཱ་ར་ཎ་སི་བོད་ཀྱི་མཐོ་རིམ་གཙུག་ལག་སློབ་གཉེར་ཁང་དུ་སློབ་ཕྲུག་གསར་ཞུགས་པ་རྣམས་ལ་ཟུར་སྦྱོང་ཟླ་བ་གསུམ་ལྷག་བཞུགས་གནས་ཁང་པ་རིན་མེད་ཐོག་མཐུན་འགྱུར་ཞུ་བཞིན་པ་དང་། དེ་བཞིན་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་གོ་སྒྲིག་འོག་གཞུང་ཆེན་རིགས་གཅིག་རྐང་འཛིན་དང་ཉམས་ཞིབ་ལས་གཞི་ཐེངས་གཉིས་པ་འགྲོ་བཞིན་པ། པཱ་ལི་དང་ལེགས་སྦྱར་ཆོས་བརྒྱུད་འཛིན་པའི་བར་ཤེས་ཡོན་བརྗེ་ལེན་གྱི་ལས་གཞི་ཐེངས་བཞི་པ་འགྲོ་བཞིན་པ། རྒྱལ་སྤྱིའི་ངོས་ལེན་ཡོད་པའི་ནང་པའི་སློབ་གཉེར་ཁང་གི་བཅའ་ཁྲིམས་གཏན་འབེབས་དང་འབྲེལ་གསར་འཛུགས་ཞུ་རྒྱུའི་ལས་གཞི་འགྲོ་བཞིན་ཡོད་པས་མཚོན་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་གཞིར་བཟུང་ལས་གཞི་མི་ཉུང་བ་ཞིག་ལག་བསྟར་འགྲོ་བཞིན་ཡོད། ཅེས་གསུངས་སོང་།

གསར་འགོད་པ་དཔལ་ལྡན་གྱིས་འབྲས་སྤུངས་སྒོ་མང་ཟུང་ཆུ་ཁང་ཚན་ནས་སྤེལ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ། 

འབྲེལ་ཡོད་གསར་འགྱུར།

དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

༢༠༢༦/༠༤/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese