མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་ལྷོ་ཕྱོགས་ནས་མཇལ་ཁ་དབུ་འཛུགས་མཛད།

བོད་ཀྱི་དུས་བབ།
༢༠༢༥/༡༢/༡༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་ཟླ་ ༡༢ ཚེས་ ༡༦ ཉིན་གྱི་སྔ་དྲོར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཕོ་བྲང་དུ་ཕྱིའི་རྒྱལ་ཁབ་བརྒྱད་དང་། ཧི་མ་ཡ་ལའི་རི་རྒྱུད་པ། རྒྱ་གར་ཡུལ་མི་དང་བོད་པ་བཅས་དད་ལྡན་སེར་སྐྱ་མི་མང་ ༢༠༠ ལྷག་ལ་མཇལ་ཁ་སྩལ་གནང་མཛད་སོང་།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་རྭ་གསར་པ་ནས་མི་མང་ལ་མཇལ་ཁ་བསྩལ། ༢༠༢༥།༡༢།༡༦ དུས་བབ་ཀྱི་པར།

དེའི་ཐད་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་འདི་གའི་གསར་འགོད་པར། དྷ་སར་གནམ་གཤིས་གྲང་མོ་དང་། ས་གནས་གཞན་དུ་ཁོར་ཡུག་འབག་བཙོག་གི་དབང་གིས། མོན་གྷོ་འདོད་རྒུ་གླིང་ས་གནས་སུ་གནམ་གཤིས་སྙོམ་པོ་དང་ཁོར་ཡུག་གཙང་མ་ཡོད་པས། སྐུ་ངལ་གསོ་སླད་འདིར་ཆིབས་བསྒྱུར་བསྐྱངས་པ་ཞིག་རེད་དེ། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་སྙིང་རྗེ་ཆེན་པོའི་ཐོག་ནས། དེ་རིང་འདིར་མི་མང་ལ་མཇལ་ཁ་བསྩལ་གནང་བའི་ཉིན་དང་པོ་ཆགས་ཡོད་པ་རེད། མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་འདི་ཀ་ན་ཊ་ཀར་རྫོང་གསུམ་ཡོད་པའི་ནང་ནས་རྫོང་ཨུ་ཏར་ཀ་ན་ཊ་ཆགས་བསྡད་ཡོད་པས། འདིའི་གཡས་གཡོན་གྱི་ཡུལ་མི་རྣམས་ཞེ་དྲགས་གལ་ཆེན་པོ་ཡིན་པས། དེ་རིང་མཇལ་ཁའི་ནང་གཡས་གཡོན་ཡུལ་མི་ནས་མི་གྲངས་བཅོ་བརྒྱད་ཅིག་དང་། བྷལ་གེ་རི་ཡ། ཨོ་གླིང་། ཨ་རི། ཨུ་རུ་སུ། ཅེག་སྤྱི་མཐུན་རྒྱལ་ཁབ། སོག་པོ་བཅས་ཕྱི་རྒྱལ་རྒྱལ་ཁབ་བརྒྱད་ནས་མི་གྲངས་ ༡༨ དང་། བོད་པ་དང་ཧི་མ་ལ་ཡའི་རི་རྒྱུད་ནས་ཡིན་པའི་ནང་པ་ཡིན་མིན་ལ་མ་ལྟོས་པར་མི་གྲངས་ ༢༠༠ ལྷག་ཅིག དེ་བཞིན་ཀ་ན་ཊ་ཀའི་མངའ་སྡེའི་ཕྱི་ལ་ཡོད་པའི་རྒྱ་གར་ཡུལ་མི་མི་གྲངས་ལྔ། ཨེ་མོ་རི་ཚན་རིག་ལྟེ་གནས་ཁང་གི་ཁེ་ལས་པ་དང་། སློབ་དགེ། གསུང་བསྒྱུར་བ་གསུམ་བཅས་དེ་རིང་གི་མཇལ་ཁའི་ཞིབ་ཕྲ་དེ་འདྲ་ཞིག་རེད། ཅེས་འགྲེལ་བརྗོད་གནང་བྱུང་།

རྒྱ་གར་ལྷོ་ཕྱོགས་ནས་མཇལ་ཁ་ཞུ་ཕྱོགས་སྐོར་ལ་ཁོང་གིས། མཇལ་ཁ་ཞུ་བར་ཆ་རྐྱེན་ག་རེ་ག་རེ་ཚང་དགོས་ཡོད་མེད་འདི་སྔོན་ཟླ་འདིའི་ཕྱི་ཚེས་ ༦ ཉིན་གསལ་བསྒྲགས་ཤིག་སྤེལ་ཡོད་པས་ཞིབ་ཕྲ་ཞུ་ཡི་མིན། ཡིན་ཡང་། ཕྱི་རྒྱལ་བ་ཞིག་ས་གནས་འདིར་ཕེབས་ཚེ། ངེས་པར་དུ་ཆ་རྐྱེན་ཁག་ཅིག་ཡིན་གཅིག་མིན་གཅིག་ཚང་དགོས་རེད། ཆ་རྐྱེན་དེ་Dalailamainmungod@gmail.com ཁ་བྱང་དེ་བརྒྱུད་ནས་སྙན་གསེང་ཞུ་དགོས་རེད། གོང་ལ་སྙན་གསེང་ཞུས་པ་བཞིན་འདི་ལོའི་ཕྱི་ཟླ ༡ ཚེས་ ༥ ནས་ཕྱི་ཟླ་ ༢ ཚེས་ ༡༨ བར་ཉིན་གྲངས་བཞི་བཅུ་ཞེ་དྲུག་རིང་༸གོང་ས་རྒྱལ་བ་རིན་པོ་ཆེེ་མཆོག་སྦེལ་ཀོབ་དང་ཧུན་སོར་ལ་བཞུགས་བཞག་མཛད་གནང་བ་ཡིན་ཙང་། སྐབས་དེར་དགུང་ལོ་དྲུག་ཅུ་ཡན་དང་དབང་པོ་སྐྱོན་ཅན། ནད་པ་དེ་དག་ལ་དམིགས་བསལ་མཇལ་ཁ་ཞིག་གནང་ཡོད་རེད། དེ་རིང་མཇལ་ཁ་དེའི་ཁྲོད་ལ་མ་ཚུད་པ་ཁག་ཅིག་བཅས་ལོ་ ༥༠ ནས་ ༥༩ བར་ལ་མཇལ་ཁ་གནང་གི་ཡོད་སྟབས། ད་ལྟ་ཐོ་གཞུང་ཁག་ཅིག་བསྡུ་རུབ་གནང་གྲུབ་ཡོད་ཀྱང་ཁག་ཅིག་འགྲུབ་མི་འདུག ཅེས་བརྗོད་བྱུང་།

རྒྱ་གར་ལྷོ་ཕྱོགས་ཀྱི་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་གསར་འགོད་པར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུ་ཕྱོགས་སྐོར་འགྲེལ་བརྗོད་གནང་། ༢༠༢༥།༡༢།༡༦ དུས་བབ་ཀྱི་པར།

ཟླ་འདིའི་ཕྱི་ཚེས་ ༦ ཉིན་གྱི་མཇལ་ཁ་དང་འབྲེལ་བའི་གསལ་བསྒྲགས་གནང་དུ། རྒྱ་གར་དང་ཁྱིམ་མཚེས་རྒྱལ་ཁབ་ཁག་ནང་དུ་གནས་བཞུགས་བོད་མི་དང་རྒྱ་གར་བ། འབྲུག་པ། བལ་པོ་སོགས་དད་ལྡན་མི་མང་རྣམས་ཀྱིས་༸གོང་ས་མཆོག་ལ་མཇལ་ཁ་ཞུ་སླད་  dalailamainmundgod@gmail.com དྲྭ་ཚིགས་ཐོག་གློག་འཕྲིན་བསྐུར་དགོས་པ་མ་ཟད། དེའི་ནང་རང་ཉིད་མོན་གྷོ་གཞིས་ཆགས་ནང་ཚེས་གྲངས་ག་དུས་བར་འདུག་རྒྱུ་དང་།  རྒྱ་གར་ནང་གནས་བཞུགས་རྣམས་ཀྱིས་ཨ་ཊར་ལག་དེབ་ (Aadhar Card)  དང་འབྲུག་པ་རྣམས་ཀྱིས་མི་སེར་ལག་ཁྱེར། དེ་བཞིན་བལ་པོ་རྣམས་ཀྱིས་ནག་རི་ཊ་( Nagrikta Card)  བཅས་ཀྱི་པར་བཤུས་མཉམ་འཁྱེར་དགོས་ཡོད་པ་མ་ཟད།  ཕྱི་རྒྱལ་ཁག་ཏུ་གནས་སྡོད་བོད་མི་གཙོས་པའི་ཧི་མ་ལ་ཡའི་མི་རིགས་རྣམས་ཀྱིས་ཀྱང་ dalailamainmundgod@gmail.com དྲྭ་ཚིགས་ཐོག་གློག་འཕྲིན་ཆེད་གཏོང་གིས་རང་ཉིད་མོན་གྷོར་ནང་ཚེས་གྲངས་ག་དུས་བར་འདུག་རྒྱུ་དང་། ཕྱི་བསྐྱོད་ལག་འཁྱེར་དང་ཐོངས་མཆན།   དེ་བཞིན་རྒྱ་གར་གཞུང་གིས་གནང་བའི་ PAP ཞེས་པའི་སྲུང་སྐྱོབ་ས་ཁུལ་གྱི་ཆོག་མཆན་བཅས་ཁུར་དགོས། ཞེས་གསལ་ཡོད་པ་རེད།

གསར་འགོད་པ་དཔལ་ལྡན་གྱིས་འབྲས་སྤུངས་ཟུང་ཆུ་ཁང་ཚན་ནས་སྤེལ།  རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

ཆུ་ཚོད་ ༡༣ སྔོན་ལ།
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese