མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་དང་སྒྲིག་གཞི་ཡོད་ཚེ་དོན་དང་མཐུན་པའི་ཐོག་ནས་ལག་བསྟར་བྱ་དགོས་པའི་བསྒྲགས་གཏམ་སྤེལ།

བོད་ཀྱི་དུས་བབ།
༢༠༢༥/༡༢/༡༦
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས་བོད་རྫ་ཆུ་ཁའི་གཏེར་ཁ་སྔོག་འདོན་གྱི་དོན་རྐྱེན་དང་འབྲེལ་བའི་ཐོག་རྒྱ་གཞུང་ལ་དགོས་འདུན་དོན་ཚན་བདུན་གྱི་ཐོག་ནས་འབོད་སྐུལ་གནང་སོང་།

བོད་ནང་གི་ཛ་དྲ་ག་གནས་སྟངས་ཐོག་གསར་འགོད་གསལ་བསྒྲགས་སྤེལ། ༢༠༢༥།༡༢།༡༦ དུས་བབ་ཀྱི་པར།

དེ་རིང་ཕྱི་ཚེས་ ༡༦ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༢ པའི་ཐོག་བོད་མིའི་སྒྲིག་འཛུགས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཚོགས་ཁང་དུ། ཉེ་ལམ་བོད་དཀར་མཛེས་ཁུལ་སེར་ཤུལ་རྫོང་རྫ་ཆུ་ཁར་གཏེར་ཁ་སྔོག་འདོན་དང་འབྲེལ་ནས་བོད་མི་ ༨༠ ལྷག་འཛིན་བཟུང་བྱས་ཡོད་པ་མ་ཟད། ད་ལྟའི་ཆར་ས་གནས་བོད་མི་རྣམས་ལ་དཀའ་ངལ་འཕྲད་བཞིན་པའི་གནས་སྟངས་སྐོར་ལ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་། གསར་འགོད་གསལ་བསྒྲགས་ཐོག་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས། འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༥ ཉིན་བོད་རྫ་ཆུ་ཁའི་ཀ་བཞི་སྡེ་བའི་གསེར་ཁོག་ཞེས་པའི་ས་ཆ་དེར་རྒྱ་ནག་གི་གསེར་གྱི་གཏེར་ཁ་སྔོག་འདོན་བྱེད་མཁན་ཚོང་པ་ཁག་ཅིག་ཡོང་གཏེར་ཁ་སྔོག་འདོན་བྱེད་བཞིན་པའི་སྐབས་སུ། ས་གནས་ཀྱིས་ཡུལ་མི་ཚོས་གཏེར་ཁ་སྔོན་འདོན་བཀག་འགོག་བྱས་ཏེ་ཁ་རྩོད་ཅུང་ཙམ་ཤོར་འདུག ཕྱི་ཟླ་ ༡༡ ཚེས་ ༦ ཉིན་གྱི་དགོང་མོ་ ༦།༥༠ ཙམ་ལ་རྒྱ་གཞུང་གི་དམག་མི་དང་ཉེན་རྟོག་པས་ཁྱིམ་ཚང་རེ་རེའི་ནང་དུ་འཛུལ་ནས་བོད་མི་ ༨༠ ལྷག་འཛིན་བཟུང་བྱས་འདུག དེའི་རྗེས་སུ་ཡུལ་མི་ཁག་ཅིག་ཀློད་གྲོལ་བཏང་བ་དང་ཁག་ཅིག་བསྐྱར་དུ་འཛིན་བཟུང་བྱས་ཡོད་པ་དང་། བར་སྐབས་བོད་མི་གྲངས་ ༡༨ གར་སོང་ཆ་མེད་དུ་གྱུར་འདུག ད་ལྟའི་གནས་ཚུལ་གསར་ཤོས་ནི་བོད་ཀྱི་རྫ་ཆུ་ཁ་དང་ཐད་གར་འབྲེལ་བ་ཡོད་མཁན་གྱིས་བསྐུར་བ་ཆགས་ཡོད། རྫ་ཆུ་ཁའི་འབྲེལ་ཡོད་རྣམས་ཀྱི་དགོས་དམིགས་དང་བསྟུན། བོད་མིའི་སྒྲིག་འཛུགས་ཀྱིས་གཞུང་འབྲེལ་ཐོག་དེའི་སྐོར་གྱི་གསར་འགོད་གསལ་བསྒྲགས་བྱེད་དགོས་པ་གལ་ཆེན་པོ་མཐོང་སྟེ་སྤེལ་བ་ཞིག་ཆགས་ཀྱི་ཡོད། སྤྱིར་བཏང་གནས་ཚུལ་འདི་ནི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་བརྒྱུད་ནས་( the wall street journal )གསར་ལམ་ཐོག་སྤེལ་ཡོད། ཐོག་མའི་གནས་ཚུལ་ཐོན་སྐབས་རྫ་་ཆུ་ཁའི་ཡུལ་མི་རྣམས་འཛིན་བཟུང་བྱེད་པ་དང་།ཉེས་རྡུང་གཏོང་བ་ཉུང་དུ་འགྲོ་བ། གཏེར་ཁ་སྔོོག་འདོན་དང་ཁོར་ཡུག་སྲུང་སྐྱོབ་བྱེད་པར་ཕན་ཐོགས་པར་བསམ་ནས་ཕྱི་རྒྱལ་གྱི་གསར་ཁང་ཆེན་པོ་ཞིག་ཏུ་སྤེལ་བ་དང་། དེའི་གནས་ཚུལ་ཁྱབ་རྗེས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བསམ་པ་རེད། གསར་འགོད་གསལ་བསྒྲགས་ཀྱི་སྐབས་སུ་རྫ་ཆུ་ཁའི་འབྲེལ་མཐུད་པ་ཞིག་མཉམ་ཞུགས་བྱ་འཆར་ཡོད་ཀྱང་། ཉེ་ལམ་རྒྱ་ནག་གཞུང་གིས་རྫ་ཆུ་ཁའི་ཡུལ་མི་རྣམས་ལ་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པ་མ་ཟད། འབྲེལ་ཡོད་ནང་མིར་ཡང་དམ་དྲག་བྱེད་བཞིན་ཡོད་པས། གསར་འགོད་གསལ་བསྒྲགས་ཐོག་མཉམ་ཞུགས་བྱེད་ཐུབ་མ་སོང་། ཞེས་བརྗོད་སོང་།

ཡང་ཁོང་གིས། ནམ་རྒྱུན་རྒྱ་ནག་གཞུང་གིས་ཁོར་ཡུག་སྲུང་སྐྱོབ་བྱེད་བཞིན་པའི་དྲིལ་བསྒྲགས་བྱེད་ཀྱི་ཡོད་ལ། རྒྱལ་ཁབ་ཀྱི་ཁྲིམས་དང་སྒྲིག་གཞི་ལག་བསྟར་བྱེད་བཞིན་ཡོད་ཚུལ་བསྒྲགས་བཞིན་ཡོད་པ་རེད། ཡིན་ནའང་། གཏེར་ཁ་སྔོན་འདོན་བྱེད་བཞིན་པའི་སྐབས་སུ་རྒྱ་ནག་གཞུང་གིས་གཏེར་ཁ་སྔོག་འདོན་བྱེད་མཁན་ལ་རྒྱབ་སྐྱོར་བྱས་ཏེ། མི་མང་ལ་གཅེར་རྡུང་བཏང་བ་དེ་རྒྱ་གཞུང་གི་དྲིལ་བསྒྲགས་དང་མཐུན་གྱི་ཡོད་པ་མ་རེད། ཅེས་དང་། རྒྱལ་སྤྱིའི་མགོ་ཁྲིད་རྣམས་ཀྱིས་འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་དང་སྒྲིག་གཞི་གལ་ཆེན་པོར་བརྩི་བཞིན་ཡོད་ཚེ། ད་ལྟའི་ཆར་བོད་ནང་གི་བོད་མི་རྣམས་ལ་དོན་མེད་གཅར་རྡུང་བྱེད་པ་དང་། གཏེར་ཁ་སྔོག་འདོན་བྱས་ཏེ་ཁོར་ཡུག་གཏོར་བཤིག་གཏོང་བ་མྱུར་དུ་འགོག་དགོས་པའི་གནོན་ཤུགས་སྤྲོད་རོགས། ཞེས་བརྗོད་སོང་།

གསར་འགོད་གསལ་བསྒྲགས་ཐོག་རྒྱ་གཞུང་ལ་དགོས་འདུན་དོན་ཚན་བདུན་བཏོན་ཡོད་པའི་ནང་། གཅིག ད་ལྟའི་ཆར་བོད་རྫ་ཆུ་ཁའི་ཡུལ་མི་འཛིན་བཟུང་བྱས་ཡོད་པ་རྣམས་མྱུར་དུ་ཀློད་གྲོལ་གཏོང་རྒྱུ་གལ་ཆེན་པོ་ཆགས་ཡོད། གཉིས། ས་གནས་མི་མང་གི་དགོས་འདུན་ལ་རྒྱ་ནག་གཞུང་གིས་གུས་བརྩི་བྱ་དགོས། གསུམ། རྒྱ་ནག་གཞུང་གིས་ཚོང་པ་ཁག་ཅིག་གི་ཁེ་ཕན་ཆེད་དུ་བོད་མི་མང་ལ་གཅར་རྡུང་བྱེད་པ་དང་ཁོར་ཡུག་གཏོར་བཤིག་གཏོང་ཆོག་གི་མེད། བཞི། གལ་སྲིད་རྒྱ་ནག་གཞུང་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་དང་སྒྲིག་གཞི་ཡོད་ཚེ། དོན་དང་མཐུན་པའི་ཐོག་ནས་ལག་བསྟར་བྱ་དགོས། ལྔ། ས་གནས་དེའི་གཏེར་ཁ་སྔོག་འདོན་མྱུར་དུ་མཚམས་འཇོག་བྱ་དགོས། དྲུག། ས་གནས་ཡུལ་མིར་ཉེས་རྡུང་བཏང་བའི་ནད་པ་སྨན་བཅོས་ཚད་ལྡན་བྱ་དགོས་པ་དང་། ནད་པ་རྣམས་ཀྱི་གནས་ཚུལ་ཕྱི་གསལ་ནང་གསལ་བྱ་དགོས། བདུན། རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་ཡུལ་སྲོལ་གོམས་གཤིས་དང་། མི་མང་གི་བསམ་འདུན་ལ་གུས་བརྩི་བྱ་དགོས་པ་བཅས་འཁོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༧ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༧ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese