མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚེ་རིང་མཚོ་ལགས་ལ་ལོ་གཅིག་གི་ཁྲིམས་ཐག་བཅད།

བོད་ཀྱི་དུས་བབ།
༢༠༢༥/༡༢/༡༨
Share on FacebookShare on TwitterShare on EmailShare on Whatsapp

བོད་ཁྲི་ཀ་རྫོང་མི་མང་ཁྲིམས་ཁང་གིས་ཚེ་རིང་མཚོ་ལགས་ལ་ཉེས་མེད་ཉེས་འགེལ་གྱིས་ལོ་གཅིག་ཁྲིམས་ཐག་བཅད་པ་ངོས་ལེན་མ་བྱས་པར་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་ལ་གཏུགས་ཡོད་ཀྱང་དཀའ་ངལ་འཕྲད་བཞིན་ཡོད་འདུག

བོད་ཁྲི་ཀ་རྫོང་ཁོངས་ནས་ཡིན་པའི་བུད་མེད་ཡུལ་སྐོར་སྣེ་ཤན་པ་ཚེ་རིང་མཚོ་ལགས་ལ་ལོ་གཅིག་བཙོན་འཇུག་ཁྲིམས་ཐག་བཅད། འདི་གར་མཁོ་སྤྲོད་བྱས་པའི་པར།

ཟླ་འདིའི་ཕྱི་ཚེས་ ༩ ཉིན་བོད་ཁྲི་ཀ་རྫོང་མི་མང་ཁྲིམས་ཁང་ཟེར་བས། བུད་མེད་ཡུལ་སྐོར་སྣེ་ཤན་པ་ཚེ་རིང་མཚོ་ལགས་ལ་སྤྱི་ཚོགས་འཁྲུག་རྐྱེན་བསླངས་བའི་ཉེས་མིང་གཡོགས་ཏེ་ལོ་གཅིག་གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་།  ཁྲིམས་ཆད་དེ་ཕྱི་ལོ་ ༢༠༢༥ ཟླ་ ༡༢ ཚེས་ ༩ ནས་བརྩིས་པའི་ལོ་གཉིས་ཀྱི་རྗེས་ནས་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པའི་བཅད་ཁྲ་བཏང་སྟེ་བཟང་བཙོན་དུ་བཞག་ཡོད་པར་བརྟེན།  ཚེ་རིང་མཚོ་ལགས་ཀྱིས་མཚོ་ལྷོ་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་ལ་དྲང་བདེན་མིན་པའི་ཁྲིམས་ཆད་དེར་བསྐྱར་དུ་ཁྲིམས་བཤེར་དགོས་པའི་གཏུག་ཡིག་ཆ་ཚང་སྤྲད་ཟིན་ཡོད་ཀྱང་ཚུལ་བཞིན་ལག་བསྟར་མ་བྱས་པའི་དཀའ་ངལ་འཕྲད་བཞིན་ཡོད་འདུག

ཁྲི་ཀ་རྫོང་མི་མང་ཁྲིམས་ཁང་ཟེར་བས་བཅད་ཁྲ་བཏང་སྟེ་ཁྲིམས་ཆད་ལག་བསྟར་ཕར་འགྱང་བྱས་པའི་དུས་ཡུན་རིང་ངེས་པར་དུ་སྲུང་བརྩི་བྱེད་དགོས་པའི་གནད་དོན་ཁག་ཅིག་བཀོད་ཡོད་པའི་ནང་དུ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས་དོན་ཚན་ ༧༥ པའི་ནང་གསལ་དང་པོ། བཅའ་ཁྲིམས་དང་སྲིད་འཛིན་སྒྲིག་ཁྲིམས་ལ་བརྩི་བཀུར་དང་། ལྟ་རྟོག་ལ་གཞོགས་འདེགས་དགོས་པ། གཉིས་པ། རྟོག་ཞིབ་ལས་ཁུངས་ཀྱི་གཏན་འབེབ་ལྟར་རང་ཉིད་ཀྱི་འགུལ་སྐྱོད་ཡར་ཞུ་བྱེད་པ། གསུམ་པ། རྟོག་ཞིབ་ལས་ཁུངས་ཀྱིས་གཏན་འབེབ་བྱས་པའི་འགྲུལ་བ་སྣེ་ལེན་བྱེད་ཕྱོགས་ལ་བརྩི་བཀུར་དགོས། བཞི་པ། རང་ཉིད་ཀྱི་སྡོད་གནས་གྲོང་ཁྱེར་དང་རྫོང་ཡང་ན་ས་གནས་ནས་གཞན་དུ་འགྲོ་བ་དང་སྨན་པར་བསྟེན་གཏུག་སོགས་བྱེད་པར་རྟོག་ཞིབ་ལས་ཁུངས་ཀྱི་ཆོག་མཆན་དགོས། གལ་ཏེ་གོང་གསལ་གཏན་འབེབ་ཁག་དང་འགལ་ཚེ། ཀྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས་དོན་ཚན་ ༧༧ པའི་ནང་གསེས་ ༢ པ་ལྟར་ཐག་གཅོད་བྱ་རྒྱུ་ཡིན། ཞེས་བརྗོད་འདུག

ཚེ་རིང་མཚོ་ལགས་ཀྱིས་ཁྲི་ཀ་རྫོང་མི་མང་ཁྲིམས་ཁང་ཟེར་བས་ཁོང་མོར་སྤྱི་ཚོགས་དཀྲུག་རྐྱེན་བསླངས་བའི་ཉེས་མིང་བཀལ་བ་དེ་ངོས་ལེན་རྩ་བ་ནས་མ་གནང་བའི་སྐོར་ལ་ཁྲིམས་ཁང་གིས། འདི་ག་ཁྲིམས་ཁང་ནས་ཐག་གཅོད་བྱས་པ་དེར་ཁྱེད་ཀྱིས་གཞོགས་འདེགས་བྱས་མེད་སྟབས། ཁྲིམས་བཤེར་ཡིག་ཆ་རྣམས་ཁྲིམས་བཤེར་ཁང་གཉིས་པར་སྤྲོད་རྒྱུ་ཡིན། ཞེས་བརྗོད་འདུག་ཀྱང་། ཚེ་རིང་མཚོ་ལགས་ཀྱིས་རྒྱ་ནག་རྒྱལ་ཡོངས་མི་མང་ཁྲིམས་ཁང་ཞབས་ཕྱི་དྲ་བའི་ཐོག་ནས་མཚོ་ལྷོ་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་ལ་ཁྲིམས་བཤེར་གཏུག་ཡིག་སྤྲད་ཟིན་པའི་སྐོར་ལ་ཁོང་མོས། ཁྲིམས་བཤེར་ཐེངས་གཉིས་པའི་ཆེད་དུ་དཔྱད་ཞིབ་ཡིག་ཚགས་དང་ཁྲིམས་བཤེར་དང་པོའི་གཏུག་བཤེར་ཡི་གེ་བཅས་ཡིག་ཆ་ཚང་མ་ཕུལ་ཡོད་ལ། ཁྲི་ཀ་རྫོང་མི་མང་ཁྲིམས་ཁང་གིས་ཁྲིམས་མེད་ལུགས་མེད་ཀྱིས་ང་ལ་ནག་ཉེས་ངོས་ལེན་བྱེད་དགོས་པའི་སྐུལ་འདེད་ཡང་ཡང་བཏང་བ་སོགས་ནི་རྒྱལ་ཁབ་ཀྱི་བཅའ་ཁྲིམས་སྣང་མེད་བཏང་བ་ཞིག་ཡིན་པས་ངས་ངོས་ལེན་རྩ་བ་ནས་བྱས་མེད། ཅེས་བྲིས་འདུག

མཚོ་ལྷོ་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་གིས་ཁོང་མོའི་ཁྲིམས་གཏུག་ལ་ཚུལ་བཞིན་དང་ལེན་བྱེད་ཀྱི་མེད་པའི་སྐོར་ལ་ཚེ་རིང་མཚོ་ལགས་ཀྱིས། ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་གིས་རང་སྣང་གང་དྲན་གྱིས་ཁྲི་ཀ་རྫོང་མི་མང་ཁྲིམས་ལ་ངན་འབྲེལ་བྱས་ཚེ་རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་ཡོད་ལ། ཁྲིམས་ལྟར་གཏུག་བཤེར་ཡི་གེ་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་ལ་སྤྲད་པ་ལྟར་ངེས་པར་དུ་མཚོ་ལྷོ་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་རང་ལ་ཁྲིམས་ར་འཚོགས་དགོས་ཀྱི་ཡོད་པ་མ་ཟད། ཁྲིམས་ར་འཚོགས་སྐབས་ཐད་གཏོང་བྱས་ཏེ་ངའི་ཁྲིམས་བཤེར་གྱི་བརྒྱུད་རིམ་ལ་ཚང་མར་བལྟ་རུ་འཇུག་དགོས་པའི་རེ་སྐུལ་བྱེད་ཀྱི་ཡོད། ཅེས་བརྗོད་འདུག

ད་ལྟ་རང་ལོ་ ༤༡ ཙམ་ཡིན་པའི་ཚེ་རིང་མཚོ་ལགས་ཀྱིས་ཞེད་སྣང་གང་ཡང་མེད་པར་ཕྱི་ལོ་ ༢༠༡༥ ཙམ་ནས་བཟུང་རྒྱ་ནག་ཉེན་རྟོག་པ་དང་ལས་བྱེད་པས་ཁྲིམས་མེད་ལུགས་མེད་ཀྱིས་བོད་མི་རྣམས་ལ་དབྱེ་འབྱེད་དང་། དམིགས་བསལ་དམ་དྲག་བཙན་གནོན་བྱེད་བཞིན་པའི་གནད་དོན་མང་པོ་ཐེར་འདོན་བྱས་ཡོད་འདུག་ལ། ཁོང་མོ་ནི་དུས་རྒྱུན་ཁྲིམས་ལྟར་བདེན་པའི་གནས་ལུགས་རྩོད་མཁན་ཞིག་ཡིན་འདུག

ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༡༩ ཉིན་ཚེ་རིང་མཚོ་ལགས་དང་ཁོང་མོའི་རོགས་པ་ཞིག་གིས་རླངས་འཁོར་བཏང་ནས་བོད་རང་སྐྱོང་ལྗོངས་ཟེར་བའི་སྦྲ་ཆེན་རྫོང་ཁོངས་སུ་ཕྱིན་སྐབས། ས་གནས་ཉེན་རྟོག་པས་བཀག་འགོག་བྱས་ཏེ་གང་བྱུང་ཞིབ་བཤེར་བྱས་པའི་གནད་དོན་བྱུང་བ་ཁོང་མོས་སྒེར་གྱི་སྤྱི་ཚོགས་དྲ་ལམ་དུ་སྤེལ་བར་བརྟེན། ཉེན་རྟོག་ཕྱོགས་ནས་ཁོང་མོས་ཞིབ་བཤེར་ལ་གཞོགས་འདེགས་བྱས་མེད་པ་མ་ཟད། གནས་ཚུལ་ལ་འཁྱོག་བརྗོད་དང་རྫུན་བཟོ་བྱས་པའི་བརྙན་ཐུང་མ་འདྲ་བ་གསུམ་སྤྱི་ཚོགས་དྲ་ལམ་དུ་བཏང་སྟེ་སྤྱི་མང་དང་དྲ་ལམ་གྱི་སྒྲིག་གཞིར་གཏོར་བརླག་བཏང་ཡོད་སྐོར་བརྗོད་དེ་བདུན་ཕྲག་གཅིག་ཙམ་རིང་བཀག་ཉར་བྱས་ཡོད་པ་རེད།

དེ་བཞིན་ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༡ ཉིན་ཏོག་དབྱིབས་རིམས་ནད་ཀྱི་བཀག་སྡོམ་ལ་བརྩི་བཀུར་མ་བྱས་པའི་ཉེས་མིང་འོག ལྷ་ས་གྲོང་ཁྱེར་ཉེན་རྟོག་པས་ཁོང་མོ་ཉིན་གྲངས་ ༡༠ ལྷག་རིང་བཀག་ཉར་བྱས། ཡང་དྲ་ལམ་དུ་རྒྱ་ནག་གཞུང་དང་ལས་བྱེད་པའི་སྐོར་ལ་གནས་ཚུལ་རྫུན་བསྒྲགས་བྱས་པའི་ཉེས་མིང་འོག ཕྱི་ལོ་ ༢༠༢༣ ཟླ་ ༡༠ ཚེས་ ༢༦ ཉིན་བོད་སྐྱེ་རྒུ་མདོ་གྲོང་ཁྱེར་ཉེན་རྟོག་པས་ཁོང་མོ་ཟླ་ཕྱེད་ཙམ་རིང་བཀག་ཉར་བྱས་ཡོད་པ་སོགས་སྔ་གཞུག་ཏུ་ཐེངས་ ༥ ཙམ་བཀག་ཉར་བྱས་མྱོང་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

ཆུ་ཚོད་ ༦ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

ཆུ་ཚོད་ ༧ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༩ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

༢༠༢༦/༠༩/༠༣
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese