མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིས་ཝི་ནེ་རྫོ་ལར་དྲག་རྒོལ་བྱེད་དོན་ནི་སྣུམ་གྱི་ཐོན་ཁུངས་ཆེད་རེད་ཟེར།

བོད་ཀྱི་དུས་བབ།
༢༠༢༦/༠༡/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིས་ཝི་ནེ་རྫོ་ལར་དྲག་རྒོལ་བྱས་ཏེ་ཝི་ནེ་རྫོ་ལའི་སྣུམ་གྱི་ཐོན་ཁུངས་ལ་སྟངས་འཛིན་བྱ་རྒྱུ་ཡིན་པ་དང་། གནད་དོན་འདི་ནི་ཨ་རིའི་རྒྱལ་ཁ་དང་རྒྱ་ནག་གི་ཕམ་ཁ་ཞིག་ཏུ་རྩི་ཡི་འདུག

From left to right: US President Donald Trump, Venezuela’s President Nicolas Maduro and Chinese President Xi Jinping. Graphic by Adekunle Owolabi

ཟླ་འདིའི་ཕྱི་ཚེས་ ༣ ཉིན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་ཕུའི་བཀོད་ཁྱབ་འོག་ཨ་རིའི་དམག་གིས་བྱང་ཨ་རིའི་རྒྱལ་ཁབ་ཝི་ནེ་རྫོ་ལར་དྲག་རྒོལ་བྱས་ཏེ། ཝི་ནེ་རྫོ་ལའི་སྲིད་འཛིན་ནེ་ཁོ་ལཱ་མཱ་ཌོ་རོ་དང་ལྕམ་དང་པོ་སི་ལི་ཡ་ཧྥི་ལོ་རོ་སི་གཉིས་ཨ་རིར་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་རེད་ལ། ཨ་རིའི་དྲག་རྒོལ་དེའི་ཁྲོད་མི་མང་དང་དམག་མི་སོགས་ཉུང་མཐར་མི་གྲངས་ ༤༠ རྐྱེན་འདས་སུ་བཏང་འདུག

ཁ་སང་ཕྱི་ཚེས་ ༤ ཉིན་ཨ་རིའི་རྒྱལ་སྲིད་དྲུང་ཆེ་མེག་རོའུ་བྷི་ཡོ་ལགས་ཀྱིས། ཨ་རིས་ཝི་ནེ་རྫོང་ལའི་འཛིན་སྐྱོང་ལ་སྐབས་དོན་རིང་ཐད་ཀར་མིན་པའི་ལམ་ནས་སྟངས་འཛིན་བཀོད་སྒྲིག་བྱ་རྒྱུ་ཡིན་པ་དང་། བཀོད་སྒྲིག་དེའི་འོག་ནས་ཝི་ནེ་རྫོ་ལའི་སྣུམ་གྱི་ཐོན་ཁུངས་ལ་ཚོད་འཛིན་བྱས་ཏེ་ཡུལ་དེའི་ཆབ་སྲིད་ཀྱི་ཁ་ཕྱོགས་ལ་འགྱུར་བ་གཏོང་རྒྱུ་ཡིན་སྐོར་བརྗོད་འདུག་པ་དང་། ཝི་ནེ་རྫོ་ལའི་སྲིད་འཛིན་དང་བཟའ་ཟླ་གཉིས་ལ་སྨྱོས་རྫས་བགོ་འགྲེམས་དང་དྲག་སྤྱོད་པར་ངན་འབྲེལ་བྱས་པའི་ནག་ཉེས་ཕོག་གི་ཡོད་ཚུལ་བརྗོད་འདུག

ཨ་རིས་ཝི་ནེ་རྫོ་ལར་དྲག་རྒོལ་བྱས་མ་ཐག་འཛམ་གླིང་རྒྱལ་ཁབ་མང་པོས་ཨ་རིའི་བྱ་སྤྱོད་དེའི་ཐད་རྣམ་འགྱུར་འདྲ་མིན་བསྟན་ཡོད་ཅིང་། དབྱིན་ཇི་དང་ཧྥ་རན་སི་སོགས་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་གིས། ད་ལྟའི་ཝི་ནེ་རྫོ་ལའི་གཞུང་འདི་ཕྱི་ལོ་ ༢༠༢༤ ལོའི་འོས་བསྡུའི་གྲུབ་འབྲས་ལ་བརྩི་འཇོག་མ་བྱས་པར་བཙུགས་པའི་ཚུལ་ལྡན་གྱི་གཞུང་ཞིག་མིན་པ་དང་། ཨ་རིའི་ངོས་ནས་ཀྱང་རྒྱལ་སྤྱིའི་སྒྲིག་ཁྲིམས་ཁག་ལ་བརྩི་སྲུང་བྱ་དགོས་སྐོར་བརྗོད་འདུག་ལ། ལྷོ་ཨ་མེ་རི་ཁའི་རྒྱལ་ཁབ་བྷིར་ཛལ་དང་ཁོ་ལམ་བྷི་ཡ། ཆིས་ལི། ཁེའུ་བྷ།  ད་དུང་ཨུ་རུ་སུ་དང་རྒྱ་ནག་སོགས་ཀྱིས་ཨ་རིའི་དྲག་རྒོལ་དེ་ནི་ངོས་ལེན་བྱེད་ཐབས་བྲལ་བའི་བྱ་སྤྱོད་ཅིག་ཡིན་ཁར་རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་དང་འགལ་ཡོད་པ་དང་། དེས་འཛམ་གླིང་ནང་ཟིང་འཁྲུག་དང་དམག་འཁྲུག་སློང་གི་ཡོད་སྟབས། གང་མགྱོགས་ཞི་འགྲིག་བྱ་དགོས་པའི་སྐུལ་མ་བྱས་འདུག

དེ་རིང་སླར་ཡང་རྒྱ་ནག་གཞུང་གིས། ཨ་རིས་ཝི་ནེ་རྫོ་ལར་དྲག་རྒོལ་བྱས་ཏེ་སྲིད་འཛིན་འཛིན་བཟུང་བཙན་ཁྲིད་བྱས་པ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་དང་རྒྱལ་སྤྱིའི་ཁྲིམས་ལུགས་ཁག་ལ་རྡོག་རོལ་བཏང་བ་ཞིག་ཡིན་པས། སྲིད་འཛིན་ནེ་ཁོ་ལཱ་མཱ་ཌོ་རོ་དང་བཟའ་ཟླ་གཉིས་བདེ་འཇགས་ངང་ཀློད་གྲོལ་གཏོང་དགོས། ཡུལ་གཉིས་བར་གྱི་རྩོད་རྙོག་གྲོས་མོལ་གྱི་ལམ་ནས་སེལ་རྒྱུ་གལ་ཆེན་ཡིན་སྐོར་བརྗོད་འདུག

ཡང་ཟླ་འདིའི་ཕྱི་ཚེས་ ༤ ཉིན་ནས་ཨ་རིའི་རྒྱལ་ཡོངས་ཀྱི་གྲོང་ཁྱེར་མང་པོའི་ནང་མང་ཚོགས་སྟོང་ཕྲག་མང་པོ་སྲང་ལམ་དུ་ཐོན་ནས་ཊོམ་ཕུའི་གཞུང་ལ་སྐྱོན་བརྗོད་ཀྱིས་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་དང་སྤེལ་མུས་ཡིན་པ་མ་ཟད། ཨ་རིའི་གནད་ཡོད་མི་སྣ་ཁག་ཕན་ཚུན་བར་གནད་དོན་དེའི་ཐད་འགལ་ཟླ་ཤུགས་ཆེན་འབྱུང་གི་ཡོད་ལ། ཝི་ནེ་རྫོ་ལའི་མང་ཚོགས་ཀྱི་ཁྲོད་དུའང་གནད་དོན་དེའི་ཐད་དགའ་སྐྱོ་གཉིས་ཀྱི་སེམས་ཚོར་སྟོན་མཁན་མང་པོ་འབྱུང་མུས་ཡིན་པ་རེད།

ཨ་རིས་ཝི་ནེ་རྫོ་ལར་དྲག་རྒོལ་བྱེད་དོན་གྱི་རྒྱུ་མཚན་གསུམ་བགྲང་གི་ཡོད་པའི་ནང་། ཕྱི་ལོ་ ༢༠༡༣ ཙམ་ནས་ཝི་ནེ་རྫོ་ལའི་ཡུལ་མི་གནས་སྦོར་བ་སྟོང་ཕྲག་མང་པོ་ཨ་རིར་གནས་སྤོར་གྱིན་པ་མཚམས་འཇོག་བྱ་རྒྱུ་དང་། ཝི་ནེ་རྫོ་ལ་ནས་ཨ་རིར་ཁྲིམས་འགལ་ཐོག་སྐྱེལ་འདྲེན་གྱིས་ཉོ་ཚོང་བྱེད་བཞིན་པའི་སྨྱོས་རྫས་མཚམས་འཇོག དེ་བཞིན་ (FTOs) ཞེས་པའི་ཝི་ནེ་རྫོ་ལའི་རྒྱལ་སྤྱིའི་དྲག་སྤྱོད་ཚོགས་པ་གཉིས་རྩ་གཏོར་སོགས་ལ་དམིགས་ཡོད་སྐོར་བརྗོད་འདུག

རོའུ་ཊར་གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཨ་རིས་ཝི་ནེ་རྫོ་ལའི་འཛིན་སྐྱོང་ལ་སྟངས་འཛིན་བྱས་པ་དང་ལྷན་དུ། ཡུལ་དེའི་སྣུམ་ཕྱིར་ཚོང་གི་སྲིད་ཇུས་ལ་འགྱུར་བ་བཏང་སྟེ། ཨ་རི་ཝི་ནེ་རྫོ་ལའི་སྣུམ་ཉོ་ཚོང་བྱེད་མཁན་ཆེ་ཤོས་སུ་བསྒྱུར་རྒྱུ་ཡིན་པ་དང་། དེ་ལ་བརྟེན་ནས་ཝི་ནེ་རྫོ་ལས་རྒྱ་ནག་ལ་བཙོང་བཞིན་པའི་སྣུམ་གྱི་ཚོང་འབྲེལ་ཐད་ལ་ཤུགས་རྐྱེན་ཐེབས་ངེས་ཡིན་པས། གནད་དོན་འདི་ནི་ཨ་རིའི་རྒྱལ་ཁ་དང་རྒྱ་ནག་གི་ཕམ་ཁ་ཞིག་ཡིན་སྐོར་བརྗོད་འདུག་ལ། འདས་ལོའི་ཕྱི་ཟླ་ ༨ ནང་རྒྱ་ནག་གིས་ཝི་ནེ་རྫོ་ལ་དང་ལྷན་དུ་ལོ་ ༢༠ རིང་ཨ་སྒོར་ཐེར་འབུམ་ལྷག་གི་སྣུམ་ཚོང་ཕྱིར་འདྲེན་གྱི་གན་རྒྱ་བཞག་ཡོད་འདུག

གནད་དོན་དབྱེ་ཞིབ་པས། རྒྱ་ནག་གཞུང་གིས་ཝི་ནེ་རྫོ་ལའི་གནད་དོན་སྣང་མེད་དུ་བཞག་སྟེ་ཨ་སྒོར་ཐེར་འབུམ་ལྷག་གི་སྣུམ་ཚོང་གི་གྱོང་གུད་འཁུར་རྒྱུ་མིན་ཞིང་། གཅིག་བྱས་ན་རྡུལ་ཕྲན་མཚོན་ཆས་དམག་འཁྲུག་ཡང་རྒྱག་སྲིད་སྐོར་བརྗོད་འདུག་ལ། ཡང་ལྷོ་ཨ་མི་རི་ཁའི་ (EL PAIS) ཞེས་པའི་གསར་ཁང་གི་དྲ་ཚིགས་སྟེང་ཝི་ནེ་རྫོ་ལའི་སྲིད་འཛིན་ཕམ་ཉེས་བྱུང་བ་དེས་རྒྱ་ནག་དང་ཝི་ནེ་རྫོ་ལའི་འབྲེལ་ལམ་ལ་ཚོད་ལྟ་བྱེད་བཞིན་ཡོད་ཅེས་པའི་རྩོམ་ཡིག་ཅིག་སྤེལ་འདུག་པ་དང་། རྒྱ་ནག་དང་ཝི་ནེ་རྫོ་ལའི་བར་ཕྱི་ལོ་ ༢༠༢༣ ལོར་འབྲེལ་ལམ་གོང་མཐོར་བཏང་ཡོད་ཀྱང་། བདེ་སྲུང་འགན་ལེན་གྱི་ཐད་ནས་གྲོས་མཐུན་གང་ཡང་བཞག་མེད་ཅིང་། ལྷག་པར་དུ་རྒྱ་ནག་ལ་མཚོན་ན་ས་ཁམས་ཆབ་སྲིད་སོགས་ཕྱོགས་གང་ཅིའི་ཐད་ནས་ཝི་ནེ་རྫོ་ལ་ནི་ཚོང་རོགས་ཙམ་ལས། དམག་མི་མངགས་གཏོང་བྱས་ཏེ་ཨ་རིའི་གདོང་ལེན་བྱེད་དགོས་སའི་མཐུན་གྲོགས་ཤིག་ལ་བརྩི་ཡི་མེད་སྐོར་བརྗོད་འདུག

དབྱེ་ཞིབ་པ་ཚོས། ཨ་རིའི་དྲག་རྒོལ་དེ་ནི་ལྷོ་ཨ་མི་རི་ཁའི་རྒྱལ་ཁབ་ཁག་གི་སྣུམ་གྱི་ཐོན་ཁུངས་ལ་དམིགས་པའི་ཨ་རིའི་འབྱོར་ལྡན་གྲལ་རིམ་གྱི་འཐབ་རྩོད་ཅིག་ཡིན་པ་དང་། ཨ་རིའི་ངལ་རྩོལ་མི་མང་གི་གྱོང་གུད་ཆགས་ཡོད་སྟབས། ངལ་རྩོལ་མི་མང་གཉིད་ལས་སད་རྒྱུ་གལ་ཆེན་ཡིན་སྐོར་ཡང་བརྗོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

ཆུ་ཚོད་ ༡༦ སྔོན་ལ།
ཉིན་གསུམ་རིང་གི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་གྱི་མཇུག་སྡོམ་མཛད་སྒོ་འཚོགས། ༢༠༢༦།༣།༩། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

འཛམ་གླིང་ཡོངས་ཀྱིས་བོད་དོན་ཐོག་ཆུ་ཚོད་མང་པོ་བཏང་ནས་ལས་ཀ་བྱེད་དགོས་སྐོར་གསུངས།

༢༠༢༦/༠༣/༠༩
Photo Credit: UYGHUR HUMAN RIGHTS PROJECT
Mobile App

ཨི་ཊ་ལིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་མཁན་རྒྱ་རིགས་ ༨ ཕྱིར་ཕུད་བཏང་།

༢༠༢༦/༠༣/༠༩
Prayerwheel being used for Chinese Propaganda in Chushul county, Tibet, Photo: Tibet Times
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཨ་རིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོ་བཏོན། 

༢༠༢༦/༠༣/༠༩
Mobile App

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུ་དབུ་འཛུགས་གནང་སོང་།

༢༠༢༦/༠༣/༠༧
བོད་དོན་རྒྱབ་སྐྱོར་བ་ཝི་ཇི་ཀ་རིན་ཏི་ལགས་ཀྱིས་རྩོམ་སྒྲིག་བྱས་པའི་བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་དཔེ་དེབ་ཅིག་དབུ་འབྱེད་གནང་། ༢༠༢༦།༣།༠༦ དུས་བབ་ཀྱི་པར།
Mobile App

བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་པའི་དེབ་ཅིག་བཏོན།

༢༠༢༦/༠༣/༠༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese