མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགེ་ལུགས་སྤྱི་འཐུས་རྣམ་གཉིས་ཀྱིས་འགྱོད་བཤགས་དང་ཁས་ལེན་དམ་བཅའ་ཞུས་འདུག 

བོད་ཀྱི་དུས་བབ།
༢༠༢༦/༠༡/༢༠
Share on FacebookShare on TwitterShare on EmailShare on Whatsapp

དགེ་ལུགས་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་དང་དགེ་བཤེས་གོ་བོ་བློ་བཟང་ཕན་བདེ་ལགས་གཉིས་ཀྱིས་ཕྱི་ཟླ་ ༡༢ ཚེས་ ༢༧ ཉིན་སྩལ་བའི་གནས་ཆུང་ཆོས་རྒྱལ་ཆེན་པོའི་བཀའ་ལུང་དགོངས་དོན་ལྟར་ཉེས་པ་ལ་ཉེས་པར་མཐོང་སྟེ། སྔར་བྱས་ལ་འགྱོད་བཤགས་དང༌། ཕྱིན་ཆད་དེ་རིགས་མི་བྱེད་རྒྱུའི་ཁས་ལེན་དམ་བཅའ་གཙང་མ་ཞུས་འདུག 

ཟླ་འདིའི་ཕྱི་ཚེས་ ༩ ཉིན་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་བླ་སྤྱི་ཡིས་གནས་ཆུང་ཆོས་རྒྱལ་ཆེན་མོ་མཆོག་གི་བཀའ་ལུང་ལྟར། སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་དང་སྤྱི་འཐུས་གོ་བོ་བློ་བཟང་ཕན་བདེ་ལགས་གཉིས། ཕྱི་ ལོ་ ༢༠༢༦ ལོའི་ཟླ་ ༡ ཚེས་ ༡༩ དང༌། བོད་ ཟླ་ ༡༢ ཚེས་ ༡ ནང་ཚུན་ལ་ངེས་པར་གྲྭ་སར་འབྱོར་བ་བྱས་ཏེ། བོད་ཚེས་གཉིས་ཏེ་གནས་ཆུང་ཆོས་རྒྱལ་ཆེན་པོའི་ལྷ་ཚེས་དགེ་བའི་ཉིན་ཞོགས་པའི་ལྷ་ཚེས་ཀྱི་སྐབས་དང་བསྟུན་ནས། འབྲས་སྤུངས་ཚོགས་ཆེན་དུ་༸རྒྱལ་བའི་བཞུགས་ཁྲི་རིན་པོ་ཆེའི་སྤྱན་སྔར་མཇལ་དར་སྒྲོན་འབུལ་དང༌། འབྲས་སྤུངས་ལྷ་མོ་ཁང་དུ་ གནས་ཆུང་ཆོས་རྒྱལ་ཆེན་པོས་བཀའ་ལུང་སྩལ་བའི་དགོངས་དོན་ལྟར་ཉེས་པ་ལ་ཉེས་པར་མཐོང་སྟེ། སྔར་བྱས་ལ་འགྱོད་བཤགས་དང༌། ཕྱིན་ཆད་མི་བྱེད་པའི་ཁས་ལེན་དམ་བཅའ་གཙང་མ་འཇོག་དགོས་པའི་སྐུལ་མ་གནང་བ་བཞིན། དེ་རིང་སྤྱི་འཐུས་རྣམ་གཉིས་ཀྱིས་བྱེད་ཀྱི་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་ཀྱི་ལྷ་མོ་ཁང་དུ་འགྱོད་བཤགས་དང་ཕྱིན་ཆད་ལས་རིགས་དེ་དག་ལ་མི་གཞོལ་རྒྱུའི་དམ་བཅའ་བཞག་ཡོད་འདུག 

འདི་ག་གསར་ཁང་ལ་མཁོ་སྤྲོད་གནང་བའི་སྤྱི་འཐུས་རྣམ་གཉིས་ཀྱི་ཁས་ལེན་ཡིག་ཆའི་ནང་། ལྷུན་གྲུབ་ཆོས་དབྱིངས་ཕོ་བྲང་དམ་པ་ནས།། གདུག་པ་འདུལ་ཕྱིར་དྲག་མོའི་སྐུར་བསྟན་ཀྱང་། དངོས་གྲུབ་རིན་ཆེན་འདོད་དགུའི་ཆར་འབེབས་མ།། དམག་ཟོར་རྒྱལ་མོའི་ཞབས་ལ་ཕྱག་འཚལ་ལོ།། མ་མ་དཔལ་ལྡན་དམག་ཟོར་གྱི་རྒྱལ་མོ་བདག་ལ་དགོངས་སུ་གསོལ། བདག་བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན། བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ཞེས་བགྱི་བས། མཆོག་གསུམ་དཔང་དུ་བཙུགས་ཏེ། དུས་ད་ལྟ་པར་དུ་དྲིན་ཆེན་རྩ་བའི་བླ་མ་༸རྒྱལ་བ་རིན་པོ་ཆེ་ལ་མཚན་སྨད་ཚིག་གཅིག་ཀྱང་ཞུ་མ་མྱོང་ལ། མ་འོངས་པར་ཡང་འཆི་བ་སྲོག་ལ་ཐུག་ཀྱང་མཚན་སྨད་མི་ཞུ་རྒྱུའི་དམ་བཅའ་བརྟན་པོ་ཞུ་རྒྱུ་ཡིན། དེ་མིན་ཉེ་ལམ་ཕྱི་ཟླ་ ༡༢ ཚེས་ ༢༧ ཉིན་སྩལ་བའི་གནས་ཆུང་ཆོས་རྒྱལ་ཆེན་པོའི་བཀའ་ལུང་དགོངས་དོན་ལྟར་ཉེས་པ་ལ་ཉེས་པར་མཐོང་སྟེ། སྔར་བྱས་ལ་འགྱོད་བཤགས་དང༌། ཕྱིན་ཆད་དེ་རིགས་མི་བྱེད་རྒྱུའི་ཁས་ལེན་དམ་བཅའ་གཙང་མ་ཞུས་པ་ཡིན། ཅེས་གསལ་འདུག 

ཟླ་འདིའི་ཕྱི་ཚེས་ ༩ ཉིན་འབྲས་སྤུངས་བླ་སྤྱི་ཡིས་སྤེལ་བའི་སྤྱི་མོས་ཐག་གཅོད་ཀྱིས་སྤྱི་འཐུས་རྣམ་པ་གཉིས་ལ་བསྐུར་བའི་འཕྲིན་ཡིག་ཁྲོད། ཕྱི་ཚེས་ ༢༧ ཉིན་དཔལ་ལྡན་འབྲས་དཀར་སྤུངས་པ་དང་ྋརྒྱལ་དབང་སྐུ་ཕྲེང་རིམ་བྱོན་བར་ཐུན་མིན་དམ་ཟབ་ཀྱི་འབྲེལ་བར་བརྟེན། དུས་ཚིགས་ཁྱད་པར་ཅན་འདིར་གདན་ས་འདིའི་ངོས་ནས་བསྒྲུབ་དགོས་ཀྱི་བཀའ་ལུང་ཅི་ཡོད་ཐད། སྤྱིར་གཞུང་རྟེན་དགྲ་ལྷའི་གཙོ་བོ། སྒོས་རྗེ་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་པ་ཆེན་པོས་བཀའ་ བསྒོས་གཉེར་གཏད་མཛད་པའི་ངེད་འབྲས་སྤུངས་པའི་ཐུན་མོང་མ་ཡིན་པའི་བཀའ་སྲུང་གནས་ཆུང་ཆོས་ རྒྱལ་ཆེན་པོ་སྤྱན་འདྲེན་ཞུས་པར། རྡོ་རྗེའི་བཀའ་ལུང་དུ་ “དཔལ་ལྡན་འབྲས་དཀར་སྤུངས་པའི་མཁན་བླ་འདུས་སྡེ་སྤྱི་ནས་ངོས་ཀྱི་སློབ་དཔོན་མཐོང་བ་དོན་ལྡན་མཆོག་ལ་སྐུ་ཚེ་ཞབས་པད་བརྟན་ཕྱིར་བརྟན་བཞུགས་ཟབ་མོ་ལེགས་པར་བགྱིས་པ་འདི་ནི་ཤིན་ཏུ་ལེགས་ལ། འོན་ཀྱང་ཕྱི་ཡི་རིམ་གྲོ་བསྒྲུབས་དང་སྒྲུབ་བཞིན་ནའང་ནང་དུ་དམ་ཚིག་མི་གཙང་བའི་འགལ་རྐྱེན་ཡོད་ཙ་ན། རང་ཅག་རི་བོ་དགེ་ལུགས་པའི་མགྲིན་ཚབ་མིང་ཅན་རེ་པ་གཉིས་ནས་འབྱུང་པོས་རྒྱུད་བསྐུལ་ཏེ་ངག་བློ་ཐལ་ཏེ་གང་བྱུང་བྱ་ངན་དང༌། ངོས་ཀྱི་སློབ་དཔོན་མཐོང་བ་དོན་ལྡན་མཆོག་ལ་མཚན་སྨད་ཞུ་བ་དང༌། ཁ་བའི་ལྗོངས་ཀྱི་སྤྱི་དོན་བོར་ཏེ་ཆོལ་ཁ་ཆོས་ལུགས་འཐེན་འཁྱེར་བགྱིད་པ་འདི་ནི་སྐྱེ་བོ་ཀུན་གྱི་མིག་གིས་མཐོང་བ་དེ་ཡིན་ལ། དེས་མཚོན་པས་དགྲ་བཅོམ་འཕགས་པའི་དགེ་འདུན་རྣམས་ལ་ཡང་མཚན་སྨད་ཞུ་བའི་དུས་ལ་བབས་པས་ན་འགན་འཁུར་བ་རྣམ་པས་མཚམས་འཇོག་ལེགས་པར་བགྱིད་ན་ལེགས་ སོ།” ཞེས་གསལ་རྗེན་དུ་སྩལ་འདུག་པའི་དགོངས་དོན་གྲོས་བསྡུར་གྱིས་ཐག་གཅོད་བྱུང་དོན་ནི། སྤྱི་འཐུས་ཨ་ ཀྲུག་ཚེ་བརྟན་དང་སྤྱི་འཐུས་གོ་བོ་བློ་བཟང་ཕན་བདེ་ཁྱེད་གཉིས། ཕྱི་ ལོ་ ༢༠༢༦ ལོའི་ཟླ་ ༡ ཚེས་ ༡༩ དང༌། བོད་ ཟླ་ ༡༢ ཚེས་ ༡ ནང་ཚུན་ལ་ངེས་པར་གྲྭ་སར་འབྱོར་བ་བྱས་ཏེ། བོད་ཚེས་གཉིས་ཏེ་གནས་ཆུང་ཆོས་རྒྱལ་ཆེན་པོའི་ལྷ་ཚེས་དགེ་བའི་ཉིན་ཞོགས་པའི་ལྷ་ཚེས་ཀྱི་སྐབས་དང་བསྟུན་ནས། འབྲས་སྤུངས་ཚོགས་ཆེན་དུ་༸རྒྱལ་བའི་བཞུགས་ཁྲི་རིན་པོ་ཆེའི་སྤྱན་སྔར་མཇལ་དར་སྒྲོན་འབུལ་དང༌། འབྲས་སྤུངས་ལྷ་མོ་ཁང་དུ་གནས་ཆུང་ཆོས་རྒྱལ་ཆེན་པོས་བཀའ་ལུང་སྩལ་བའི་དགོངས་དོན་ལྟར་ཉེས་པ་ལ་ཉེས་པར་མཐོང་སྟེ། སྔར་བྱས་ལ་འགྱོད་བཤགས་དང༌། ཕྱིན་ཆད་མི་བྱེད་པའི་ཁས་ལེན་དམ་བཅའ་གཙང་མ་འཇོག་དགོས་པའི་སྐུལ་མ་བྱེད་བཞིན་ཡོད། གལ་ཏེ་དེ་ལྟར་མ་བྱུང་ཚེ་དཔལ་ལྡན་འབྲས་དཀར་སྤུངས་པའི་ངོས་ནས་རི་བོ་དགེ་ལུགས་པའི་མགྲིན་ཚབ་ཏུ་ངོས་ལེན་ཞུ་ཐབས་མེད། གྲྭ་ཚང་གཉིས་ནས་ཀྱང་ཐག་གཅོད་ནན་པོ་གནང་རྒྱུའི་ཐག་གཅོད་བྱུང་ཡོད། ཅེས་གསལ་འདུག 

ཡང་འཕྲིན་ཡིག་ནང་། ལར་ནས་དམ་ཚིག་མི་གཙང་བའི་འགལ་རྐྱེན་འདི་སེལ་དགོས་དོན་ཡང་། གནས་ཆུང་ཆོས་རྒྱལ་ཆེན་པོའི་བཀའ་ལུང་དགོངས་དོན་དང་ཡོངས་སུ་མཐུན་པར། ཆོལ་གསུམ་ཆིག་སྒྲིལ་གྱི་སྤྱི་དོན་ནུས་པ་ཉམས་དམས་དང་། དཔལ་ལྡན་འབྲས་དཀར་སྤུངས་པས་མཚོན་ཕྱོགས་བཅུའི་དགེ་འདུན་གྱི་སྡེར་ངན་སྨྲས་ཀྱི་ལས་ངན་གསོག་པ་དང༌། ཁྱད་པར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་ལའང་གཅིག་ཏུ་གནོད་པའི་ལས་སུ་འགྱུར་བར་ངེས་པས་ན། གནད་དོན་འདི་རང་དགར་འཇོག་ག་ལ་བཟོད། དེར་བརྟེན་གོང་སྨོས་ཀྱི་ཐབས་ལམ་འདི་བཙལ་བ་ལགས་ན། ལས་དོན་འདིའི་ཐད་གྲྭ་ཚང་ཤར་ནུབ་གཉིས་ནས་ཀྱང་འགན་འཁུར་གནང་དགོས་པ་མ་ཟད། དགའ་ལྡན་ཁྲི་ཐོག་ཁང་དང་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ནས་ཀྱང་ལས་དོན་འདིའི་ཐད་ཐུགས་ཁུར་དང༌། རམ་འདེགས་གནང་སྐྱོང་ཡོང་བ་ཞེས་ཁོངས་སོ་སོར་ཞུས་ཟིན་པ་ལྟར་ཁྱེད་གཉིས་ནས་དེ་དོན་བཞིན་ཉམས་ལེན་ཚུལ་བཞིན་ཡོང་བའི་རེ་སྐུལ་བཅས། ཅེས་གསལ་འདུག 

སྤྱི་ཚོགས་དྲ་ལམ་ཁག་ཏུ་སྤྱི་འཐུས་རྣམ་གཉིས་ཀྱིས་འགྱོད་བཤགས་དང་ཁས་ལེན་དམ་བཅའ་གྲུབ་རྗེས། དགེ་འདུན་པ་ཁག་ཅིག་གིས་བླ་སྤྱིའི་མདུན་ཐང་ནས་ཁ་བཏགས་འཐེན་པ་དང་། རྒྱབ་སྐྱོར་དང་དགའ་བསུ་གནང་བའི་བརྙན་དང་པར་རིས་ཁྱབ་ནས། དེར་དྲང་ལྡོག་གཉིས་ཀྱི་ཐོག་ནས་གླེང་སློང་བྱེད་མཁན་མང་དག་ཅིག་བྱུང་དང་འབྱུང་མུས་ཡིན་འདུག 

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་གནང་བ། ༢༠༢༦།༠༢།༠༩ ཐད་གཏོང་གི་པར་བཤུས།
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་ཐོག་བོད་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་།

ཆུ་ཚོད་ ༧ སྔོན་ལ།
The Millionaire media tycoon Jimmy Lai, 72, poses during an interview with AFP at the Next Digital offices in Hong Kong. June 16 2020
(Photo by Anthony WALLACE / AFP)
Mobile App

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཇི་མི་ལའེ་ལགས་ལ་ལོ་ ༢༠ བཙོན་འཇུག་ཁྲིམས་ཐག་བཅད། 

ཆུ་ཚོད་ ༨ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་བཀོད། ལྡི་ལི་དོན་གཅོད་ཀྱི་སྐུ་པར། ༢༠༢༦།༠༢།༠༩
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༩ སྔོན་ལ།
A-Nya Sengdra
Mobile App

ཨ་ཉག་སེང་སྒྲ་ལགས་ཀློད་གྲོལ་བཏང་འདུག

ཆུ་ཚོད་ ༡༢ སྔོན་ལ།
Mobile App

འཛམ་གླིང་ཡུལ་གྲུ་གང་སར་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་རྗེས་དྲན་ཞུ་བཞིན་འདུག

༢༠༢༦/༠༢/༠༨
Press Statement From The Office of His Holiness The Dalai Lama
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་ནས་བྱུང་མེད་པའི་གསལ་བསྒྲགས་གནང་།

༢༠༢༦/༠༢/༠༨

མཆན། 2

  1. ལྟ་རྡོ་རྗེ། says:
    3 weeks སྔོན།

    བྱེས་ཀྱི་གདན་ས་ཞེས་པར་བྱེད་ཀྱི་གདན་ས་སླེབས་ཤག

    Reply
  2. ལྟ་རྡོ་རྗེ། says:
    3 weeks སྔོན།

    ཡ་གི་ལྟག་ལ་གནས་ཆུང་ལ་གསན་ཆུང་བྲིས་གནང་འདུག ནོར་བཅོས་བགྱིས་ན་དེ་བས་མཛེས་སྣང་ངོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese